(པར་ངོས་དང་པོར་མཐུད)གྲོང་ཁྱེར་གྱི་འགོ་ཁྲིད་ཀྲང་ཏིང་ཁྲེང་དང་། ཝང་ཧུའེ། ཀྲང་ཁྲུན་དབྱང་། པད་མ་གཡུ་སྒྲོན། ལུའུ་ཝུན་ཀྲུང་བཅས་ཞུགས་པ་རེད།
ཝང་ཧྥུ་ཅིང་ཉོ་སྒྲུབ་ལྟེ་གནས་ཀྱི་ཁྲལ་སྲུང་རྒྱལ་སྒྲོལ་ཚོང་ཟོག་ལྟེ་གནས་ཚོང་ཁང་དུ་ཤའོ་ཡིའུ་ཚའེ་ཡིས་ཚོང་ཁང་གི་འགན་འཁུར་བ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་སྟེ། ཚོང་ཟོག་ཉོ་སྒྲུབ་ཀྱི་ཐབས་ལམ་དང་། བྲིན་ཚོང་བྱེད་སྟངས། འཛད་སྤྱོད་ཀྱི་ཚུར་ལན་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ནས། ཡུལ་དངོས་སུ་དཀའ་ངལ་ཡོད་པའི་གནད་དོན་ཐག་གཅོད་གནང་བ་རེད། ཁོང་གིས་གསུངས་དོན། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་ཁྲལ་སྲུང་མཛོད་ཉར་གྱི་ལེགས་ཆ་དང་དྲ་ཐོག་ཉོ་སྒྲུབ་ཀྱི་ཁྲལ་སྲུང་སྲིད་ཇུས་ཀྱི་ཁེ་སྤོགས་འདོན་སྤེལ་གང་ལེགས་བྱས་ཏེ། གཉེར་སྐྱོང་བྱེད་སྟངས་སྔར་བས་གསར་གཏོད་བྱེད་པ་དང་། འཛད་སྤྱོད་ཀྱི་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་སྣ་མང་ཅན་དང་རང་གཤིས་ཅན་གྱི་འཛད་སྤྱོད་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་བ་དང་། ས་ཁོངས་སྒྲོལ་བའི་སྤུས་ལེགས་ཚོང་ཟོག་དེ་བས་མང་བ་ཁྱིམ་ཚང་ཁྲི་སྟོང་མང་པོར་འཚོང་ཐུབ་པར་བྱས་ཏེ། སྒོ་འགྲམ་ནས་གོ་ལ་ཧྲིལ་པོའི་ཉོ་སྒྲུབ་དེ་བས་ལེགས་པའི་སྒོ་ནས་མངོན་འགྱུར་ཡོང་བར་བྱེད་དགོས།
མཐོ་གསར་ཁུལ་རིག་གནས་ལུས་རྩལ་ཕྱོགས་བསྡུས་སྤྲོ་གསེང་ཁྲོམ་གཞུང་གི་རྣམ་གྲངས་ནི་ཡུལ་ཁོངས་ཡུལ་སྐོར་གྱི་ལེ་ལག་ཚང་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་ཆེན་པོ་དོན་འཁྱོལ་དང་གྲོང་མིའི་སྤྲོ་གསེང་ཁུལ་སྐྱེད་སྲིང་བྱེད་པའི་གཙོ་གནད་དམངས་འཚོའི་འདུ་འགོད་ཅིག་ཡིན། དེའི་དམིགས་ཡུལ་ནི་ཁྱད་ལྡན་རིག་གནས་ཡུལ་སྐོར་དང་། ལུས་སྦྱོང་ལུས་རྩལ། འཛད་སྤྱོད་རོལ་རྩེད་བཅས་གཞི་གཅིག་ཏུ་འདུས་པའི་གྲོང་ཁྱེར་གྱི་མཚོན་རྟགས་གསར་པ་ཞིག་གཏོད་རྒྱུ་དེ་རེད། རྣམ་གྲངས་སྤེལ་ཡུལ་དུ་ཤའོ་ཡིའུ་ཚའེ་ཡིས་ཇུས་འགོད་ཀྱི་འདུ་ཤེས་དང་ནུས་པའི་བཀོད་པ་སོགས་ཀྱི་གནས་ཚུལ་ཐད་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་གསུངས་དོན། འགོ་འཛུགས་ས་མཐོ་བའི་འཆར་འགོད་དང་། ཚད་གཞི་མཐོ་བའི་འཛུགས་སྐྲུན། ཆུ་ཚད་མཐོ་བའི་དོ་དམ་བཅས་མཐའ་འཁྱོངས་བྱེད་པ་དང་། འབྱུང་ཁམས་ཀྱི་རྨང་གཞི་དང་། རིག་གནས་ཀྱི་ཁྱད་ཆོས། འཛད་སྤྱོད་ཀྱི་དམིགས་བསལ་ཁྱད་ཆོས་བཅས་མངོན་པར་བྱེད་པ། གནད་སྨིན་དང་ཞིབ་ཚགས་ཀྱི་སྒོ་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྐུལ་ཁྲིད་རང་བཞིན་ཆེ་བ་དང་མངོན་གསལ་དོད་པའི་སྤྲོ་གསེང་རོལ་རྩེད་དང་འཛད་སྤྱོད་ཀྱི་རྣམ་པ་གསར་པ་ཞིག་ཆགས་པར་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་རེ་སྒུག་ཟམ་མི་ཆད་པར་སྐོང་དགོས།
དེའི་རྗེས་འཚོགས་པའི་ལས་དོན་སྙན་སེང་ཚོགས་འདུའི་ཐོག་ཤའོ་ཡིའུ་ཚའེ་ཡིས་མཐོ་གསར་ཁུལ་གྱི་ལས་དོན་སྙན་སེང་ལ་གསན་ཞིང་། ཁོང་གིས་གསུངས་དོན། ཉེ་བའི་ལོ་ཤས་རིང་། མཐོ་གསར་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གསོན་ཉམས་དོད་པ་དང་། ཏང་འཛུགས་སྐྱོང་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ། སྤྱི་ཚོགས་བཅོས་སྐྱོང་དེ་བས་ནུས་ལྡན་བྱུང་བ། དཔལ་འབྱོར་འཕེལ་རྒྱས་ཀྱི་ཕན་འབྲས་མངོན་གསལ་དོད་པ། གྲོང་ཁྱེར་འཛུགས་སྐྲུན་ལ་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་པ། དམངས་འཚོའི་བདེ་རྩ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་བཅས་བྱུང་ཡོད་པས། གྲུབ་འབྲས་ལ་ཁས་ལེན་བྱེད་རིན་ཡོད་མོད། འོན་ཀྱང་ཐོན་ལས་འཕེལ་རྒྱས་དང་། གསར་གཏོད་ཀྱི་ནུས་པ། ཤེས་ལྡན་པ་གཅིག་སྡུད་སོགས་ཀྱི་ཐད་ད་དུང་ཁྱད་པར་ངེས་ཅན་ཡོད་པ་རིག་པ་དྭངས་གསལ་ངང་ངོས་འཛིན་ཐུབ་པར་བྱེད་དགོས། ཁོང་གིས་ནན་གསུངས་གནང་དོན། དུས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ཀྱི་མདུན་དུ་མཐོ་གསར་ཁུལ་གྱིས་འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། དགོས་གཏུགས་ཀྱི་བསམ་པ་བཅས་ཆེ་རུ་ཏན་ཏིག་གཏོང་དགོས་པ་དང་། ཡིད་ཆེས་བརྟན་དུ་གཏོང་བ་དང་། གོ་སྐབས་ལ་དམ་འཛིན་བྱེད་པ། བབ་བསྟུན་འཕྲལ་སྒྲུབ། འགག་སྒྲོལ་དཀའ་སེལ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལྷ་སའི་ལག་ལེན་གྱི་ནུས་ཤུགས་ཡོད་རྒུས་གཏོད་དགོས།
ཏང་འཛུགས་སྐྱོང་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་ཤིང་། ཏང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཁ་ཕྱོགས་སྟངས་འཛིན་དང་། སྤྱི་ཡོངས་དོན་གཉེར། སྲིད་ཇུས་གཏན་འཁེལ། སྒྱུར་བཅོས་ལ་སྐུལ་འདེད་བཅས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་ཏན་ཏིག་བྱེད་པ་བཅས་བྱས་ཏེ། མཐོ་གསར་ཁུལ་གྱི་ལས་དོན་ཁག་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་བརྒྱུད་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས།
དངོས་གཞིའི་དཔལ་འབྱོར་སྔར་ལས་སྟོབས་ལྡན་དུ་གཏོང་ཤིང་། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཤུགས་སྣོན་རྒྱག་ས་དེ་དངོས་གཞིའི་དཔལ་འབྱོར་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས། ཐོན་ལས་ཀྱི་རྨང་གཞི་དང་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ། ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ་དང་། ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་རྩལ་འདུས་ཚད་མཐོ་བ་དང་འཕེལ་རྒྱས་ཀྱི་མདུན་ལམ་བཟང་བའི་རྣམ་གྲངས་གལ་ཆེན་ཁག་གཅིག་ནང་འདྲེན་བྱེད་པ། ཐོན་ལས་གསར་སྒྱུར་རིམ་སྤོར་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། མཐོ་གསར་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ཧུར་ཐག་གཏོད་པ་བཅས་བྱེད་དགོས།
སྤྱི་ཚོགས་བཅོས་སྐྱོང་ཐད་དམ་འཛིན་སྔར་ལས་ལྷག་པར་བྱེད་དགོས་ཤིང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། གཞི་རིམ་བཅོས་སྐྱོང་དང་གྲོང་ཁྱེར་དོ་དམ་ལ་སྤྱི་འདོམས་ངང་སྐུལ་འདེད་གཏོང་བ། མ་ལག་བཅོས་སྐྱོང་དང་། ཁྲིམས་ལྟར་བཅོས་སྐྱོང་། ཕྱོཊ་བསྡུས་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་། སྣ་མང་ཞུགས་པ། ཚན་རྩལ་ལ་བརྟེན་པ་བཅས་ཀྱི་མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་ཞིག་ནུས་ཤུགས་ཡོད་རྒུས་གཏོད་དགོས།
ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་ལ་སྔར་ལས་ལྷག་པར་དམ་འཛིན་བྱེད་དགོས་ཤིང་། ནམ་ཡང་ཚར་དུས་མེད་པའི་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བ་དང་། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་མགྱོགས་མྱུར་གཏོད་པ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ཤུགས་ཆེན་གཏོད་པ་བཅས་བྱས་ཏེ། ལོ་ལྔ་ཚན་བཅོ་ལྔ་པའི་རིང་གི་དཔལ་འབྱོར་དང་སྤྱི་ཚོཊ་འཕེལ་རྒྱས་ཀྱི་དམིཊ་ཚད་མངོན་འགྱུར་ཡོང་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社