分享按钮

གློག་བརྙན《རྒྱང་རིང་གི་བུ་རོགས་གངས་རི》ཞེས་པ་ཟླ་12ཚེས་16ཉིན་རྒྱལ་ཡོངས་སུ་བསྟན་རྒྱུ་ཡིན་པ།

རྩ་གཉིས་རྟགས་རིས་འདི་བཤེར་ཚེ་ལྟད་མོ་ཆེ་བའི་བརྙན་ལམ་ལ་བལྟ་ཐུབ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་12ཚེས་5ཉིན། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། ཀྲེ་ཅང་ཞིང་ཨུད་དྲིལ་བསྒྲགས་པུའུ། ནག་ཆུ་གྲོང་ཨུད་དྲིལ་བསྒྲགས་པུའུ་བཅས་ཀྱིས་མཉམ་དུ་པར་ལེན་བཟོ་སྒྲིག་བྱས་པའི་གློག་བརྙན《རྒྱང་རིང་གི་བུ་རོགས་གངས་རི》ཞེས་པའི་གློག་བརྙན་སྟོན་པའི་མཛད་སྒོ་ལྷ་སའི་གློག་བརྙན་ཁང་དུ་འཚོགས་པ་རེད། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ཕྱག་རྟགས་གློག་བརྙན་ཡིན་པའི་ངོས་ནས། གློག་བརྙན་འདི་ནི་བོད་བྱང་ཐང་གི་ས་བབ་མཐོ་ཚད་སྨི་5000ཟིན་པའི་དངོས་ལྗོངས་པར་ལེན་བྱས་པའི་གཏམ་རྒྱུད་གློག་བརྙན་ཐོག་མ་དེ་ཡིན་ཞིང་། པར་ལེན་བྱ་ཡུལ་མཐོ་ཤོས་ཀྱི་ས་བབ་མཐོ་ཚད་ལ་སྨི་5800ཟིན་ཡོད། འདི་ནི་གློག་བརྙན་ལག་རྩལ་གྱི་འགྲན་སློང་ཆེན་པོ་ཞིག་ཡིན་པར་མ་ཟད། མི་དང་རང་བྱུང་ཁམས་ལ་དེ་བས་གུས་འདུད་ཞུ་བའི་རྒྱང་སྐྱོད་ཅིག་ཀྱང་ཡིན། གློག་བརྙན་དེ་ནི་ཟླ་12ཚེས་16ཉིན་རྒྱལ་ཡོངས་སུ་བསྟན་རྒྱུ་རེད།

ལྟད་མོ་བ་དབྱང་རུའོ་པིན་གྱིས། གློག་བརྙན་ལ་བལྟས་རྗེས། བརྒྱུད་མྱོང་བའི་ལམ་གཅིག་མཚུངས་ཡིན་པས། ང་ལ་གློག་བརྙན་ལྟ་སྐབས་མྱོང་ཚོར་མི་འདྲ་བ་ཞིག་སྦྱིན་བྱུང་། ང་ཡང་བསམ་བློའི་འཐབ་རྩོད་བརྒྱུད་དེ་མཐར་བོད་དུ་ལས་ཀ་བྱེད་པར་ཡོང་བ་ཞིག་ཡིན། ངས་ཐུང་ཞོ་ཧྥན་གྱི་ལུས་སྟེང་ནས་སྔོན་ཆད་འབད་པ་བྱེད་མྱོང་བའི་རང་ཉིད་མཐོང་བྱུང་ཞེས་བཤད།

ཤེས་རྟོཊ་བྱུང་བར་གཞིགས་ན། གློག་བརྙན་ནང་གི་གཏམ་རྒྱུད་དེ་ནི་གཞི་རིམ་ལས་བྱེད་པ་མང་པོའི་མྱོང་བ་དངོས་ལས་བྱུང་བ་ཞིག་ཡིན་པ་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དཀའ་ཚེགས་ཆེ་བའི་ཁོར་ཡུག་ཁྲོད་འཚར་ལོངས་དང་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་མཚོན་པར་བྱས་ཡོད། གློག་བརྙན་འདིའི་མཉམ་འབྲེལ་འཁྲབ་ཁྲིད་པ་ཚའེ་ཡུས་ཀྱིས《རྒྱང་རིང་གི་བུ་རོགས་གངས་རི》ཞེས་པའི་གསར་རྩོམ་པ་ཡོངས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲཊ་པུའི་སྐུལ་ལྕག་དང་མཛུབ་ཁྲིད་འོག བདེན་པ་གདམ་ཁ་བྱས་པ་སྟེ། ཞིང་ས་གཤིན་པོ་དེའི་ཉམས་ཞན་དང་འགྱུར་མེད་སྟོབས་ལྡན་གྱི་རྣམ་པ་བདེན་པ་བདེན་ཐུབ་ངང་མཚོན་པར་བྱས་ཤིང་། མི་དང་རང་བྱུང་ཁམས། སྲོལ་རྒྱུན་དང་དེང་རབས།

བརྟན་སྲུང་དང་འཕེལ་རྒྱས་བཅས་ཇི་མ་ཇི་བཞིན་མངོན་པར་བྱས་ཏེ། བསམ་གཞིགས་ཀྱི་བློ་སྒོ་ཆེས་ཟབ་ས་ནས་ཕྱེ་ཡོད།

ཚའེ་ཡུས་ཀྱིས།《རྒྱང་རིང་གི་བུ་རོགས་གངས་རི》ནི་ཕྱག་རྟགས་འབུལ་བའི་གློག་བརྙན་ཞིག་ཡིན་པར་མ་ཟད། ཚེ་སྲོག་དང་རང་བྱུང་ཁམས་ལ་གུས་བཀུར་བྱེད་པའི་འགྲུལ་བཞུད་ཅིག་ཀྱང་ཡིན། དེས་གངས་ལྗོངས་ས་མཐོའི་མི་དཀྱུས་མའི་རླབས་ཆེན་གྱི་ལོ་རྒྱུས་སྙན་ངག་གི་དཔང་པོ་བྱས་ཡོད་ཅེས་བཤད།

འཁྲབ་སྟོན་པ་དོན་གྲུབ་ཚེ་རིང་གིས་གསར་འགོད་པར། ངས་གློག་བརྙན་ནང་ལོ་40ལྷག་ཙམ་ལ་སླེབས་པའི་སྨ་ར་ཅན་གྱི་གྲོང་ཚོའི་ལས་བྱེད་པ་ཞིག་འཁྲབ་ཡོད། དེ་ནི་ལས་ཀ་ཏན་ཏན་ཏིག་ཏིག་བྱེད་མཁན་གྱི་མི་ཞིག་ཡིན་པ་དང་། རྟག་ཏུ་མང་ཚོགས་ལ་རོགས་རམ་བྱེད་ཀྱི་ཡོད་ཅེས་བཤད།

དོན་གྲུབ་ཚེ་རིང་གིས། ཆེས་བརྗེད་པར་དཀའ་བ་ནི་ཉིན་ལྟར་མཛེས་པ་མི་འདྲ་གཉིས་ལ་མྱོང་རོལ་ཐུབ་ཀྱི་ཡོད། གཅིག་ནི་མུ་མཐའ་མེད་པའི་བྱང་རྩྭ་ཐང་གི་མཛེས་སྡུག་ལྡན་པའི་རྣམ་པ་དེ་ཡིན་པ་དང་། གཅིག་ཤོས་ནི་དྲོད་ཚད་དམའ་བ་དང་གསོ་རླུང་དཀོན་པའི་ཁོར་ཡུག་འོག་མིའི་རིགས་ཀྱིས་རང་བྱུང་ཁོར་ཡུག་དང་འགྲན་རྩོད་བྱེད་པའི་རྣམ་པ་དེ་ཡིན་ཞེས་བཤད།

བློ་བཟང་གི་འཁྲབ་སྟོན་པ་ངག་དབང་རིན་ཆེན་གྱིས་གློག་བརྙན་དེ་པར་ལེན་བྱེད་རིང་། དྲན་ཤེས་ཟབ་ཤོས་ནི་བློ་བཟང་འཁྱག་ཆུའི་ནང་ལྷུངས་ནས་འབྲི་གཡག་ཅིག་བསྐྱབས་པ་དེ་ཡིན། ཁོང་གིས། གློག་བརྙན་འདི་ནི་ངའི་འཁྲབ་སྟོན་བྱ་གཞག་གི་ཚད་བརྒལ་ཞིག་ཡིན། མི་སྣ་འདི་ཡག་པོ་ཞིག་འཁྲབ་པའི་ཆེད་དུ་ངས་འཁྱགས་རོམ་ནང་དུ་སྐར་མ་45འཛུལ་ནས་བསྡད་པ་ཡིན། དུམ་བུ་འདི་ཉིན་གཉིས་པར་དུ་བླངས་པ་ཡིན། སྐབས་དེ་དུས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་27ཡིན་པ་དང་ས་བབ་མཐོ་ཚད་སྨི་5300ཡན་ཟིན་ཡོད། དང་ཐོག་ཟློས་གར་ཚོགས་ཆུང་གིས་བདེ་འཇགས་ལ་བསམ་བློ་བཏང་ནས། ཆུ་རྐྱལ་ཁང་དུ་པར་ལེན་ལས་འགན་ལེགས་སྒྲུབ་བྱེད་དུ་འཇུག་འདོད་ཡོད་མོད། འོན་ཀྱང་ངས་དང་ལེན་བྱས་མེད། དེ་ལྟར་བྱས་ཚེ་བདེན་པ་མཐོང་མི་སྲིད། ཆུ་ནང་དུ་འཛུལ་རྗེས་ཀྱི་སྐར་ཆ་2དང་3ནང་ངའི་སྐྲ་དང་གྱོན་གོས་གློ་བུར་དུ་དར་ཆགས་ཤིང་། ལུས་སྨད་ཡོངས་སྦྲིད་སོང་། གང་ལྟར་ངས་རང་ཉིད་ཀྱི་འཁྲབ་སྟོན་གྱི་མི་ཚེ་ལ་བློ་ཕམ་མེད་པ་ཞིག་བྱས་ཡོད་ཅེས་བཤད།

འཁྲབ་སྟོན་པ་ཝང་ཅ་ཆང་གིས། དང་ཐོག་མཚེའུ་གཉིས་ནས་ཁ་བྲལ་རྩིས་བྱས་པ་ཡིན། འོན་ཀྱང་མཐའ་མར་བརྟན་སྲུང་གདམ་ག་བྱས་པ་ཡིན། ངས་འདས་ཟིན་པའི་ཆུང་མར་བཅངས་པའི་བརྩེ་སེམས་དེ་ས་བབ་མཐོ་ཤོས་ཀྱི་རྫོང་ཞིག་ཏུ་བཞག་ཡོད་ཅེས་བཤད། ཁོང་དང་ཝུའུ་ཙི་ཤིས་ཡུལ་ལུང་ཁག་སོ་སོར་ཡོད་པའི་ཁྱོ་ཤུག་གཉིས་འཁྲབ་སྟོན་བྱས་ཡོད།

མཚེའུ་གཉིས་རྫོང་དུ་པར་ལེན་བྱེད་སྐབས། ཁོང་ཚོས་ཚེ་སྲོག་གི་བཀག་སྡོམ་ཁུལ་དང་མི་ཚེའི་རིན་ཐང་ཞེས་པའི་ཐ་སྙད་དེ་དག་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད།

གློག་བརྙན་གྱི་མི་དངོས་ཏེ་གསང་བདག་མཚོ་མོ་ནི་བུ་རོགས་གངས་རིའི་འཁྱགས་རོམ་ཉེ་འདབས་ཀྱི་མཚེའུ་གཉིས་རྫོང་གི་ལས་བྱེད་པ་དཀྱུས་མ་ཞིག་ཡིན། ཁོང་གིས་རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་དང་ལོ་ན་གཞོན་ཤོས་ཀྱི་རྫོང་ཞིག་ཡིན་པའི་མཚེའུ་གཉིས་ནི་ངའི་མི་ལོ་15འཚོ་གནས་བྱེད་སའི་ཁྱིམ་གཞིས་ཤིག་ཡིན། གཙོ་སྒྲུབ་ཚོགས་ཆུང་གིས་ལོ་4ཡི་རིང་བརྟག་ཞིབ་གནང་བ་དང་། སྒྲིག་ཆས་བསྣམས་ནས་སྨི་5800ཟིན་པའི་མི་མེད་ལུང་སྟོང་དུ་བསྐྱོད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འཁྲབ་སྟོན་པས་འཁྱགས་ཆུའི་ཁྲོད་དུ་དཀའ་ངལ་ཅི་རིགས་ལ་མི་སྐྲག་པར་འཁྲབ་སྟོན་གནང་བར་དེ་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།

གསང་བདག་མཚོ་མོས། གློག་བརྙན་དེ་ལས་རྒྱལ་ཁབ་ཀྱི་འབྱུང་ཁམས་བདེ་འཇགས་སྲུང་ཡོལ་ལ་སྲུང་སྐྱོང་བྱེད་པའི་གཏམ་རྒྱུད་མཐོང་ཐུབ། ད་ཆ། མཚེའུ་གཉིས་སུ་ས་བབ་ཤིན་ཏུ་མཐོ་བའི་འབྱུང་ཁམས་གནས་སྤོ་བྱས་ཡོད། གློག་བརྙན་འདི་ནི་སྟབས་བདེའི་ངང་ཕྱིར་ལྟ་བྱེད་པ་ཞིག་མིན་པར་བསམ་པའི་རྒྱུན་འཛིན་ཞིག་ཡིན་ཞེས་བཤད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

པར①ནི་གློག་བརྙན《རྒྱང་རིང་གི་བུ་རོགས་གངས་རི》ཞེས་པའི་རྒྱ་ཁྱབ་བརྡ་སྦྱོར་ཡིན།

པར②ནི་གློག་བརྙན《རྒྱང་རིང་གི་བུ་རོགས་གངས་རི》ཞེས་པའི་གློག་བརྙན་སྟོན་འགོ་ཚུགས་པའི་མཛད་སྒོ་གཉེར་ཡུལ་ཡིན།

པར③④ནི་གློག་བརྙན《རྒྱང་རིང་གི་བུ་རོགས་གངས་རི》ཞེས་པ་སྟོན་འགོ་ཚུགས་པའི་མཛད་སྒོ་གཉེར་ཡུལ་ཡིན།

པར⑤ནི་གློག་བརྙན《རྒྱང་རིང་གི་བུ་རོགས་གངས་རི》ཞེས་པའི་འཁྲབ་གཞུང་པར་རིས་ཡིན།

པར⑥⑦ནི་གློག་བརྙན《རྒྱང་རིང་གི་བུ་རོགས་གངས་རི》ཞེས་པའི་འཁྲབ་གཞུང་པར་རིས་ཡིན།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-07 6 6 拉萨日报藏文 c213262.html 1 གློག་བརྙན《རྒྱང་རིང་གི་བུ་རོགས་གངས་རི》ཞེས་པ་ཟླ་12ཚེས་16ཉིན་རྒྱལ་ཡོངས་སུ་བསྟན་རྒྱུ་ཡིན་པ། /enpproperty-->