分享按钮

ལྷ་ས་གྲོང་ཁྱེར་གྱི་བྱིས་པའི་མཛའ་གྲོཊ་གྲོང་ཁྱེར་གྱི་གཙོ་དོན་མཚོན་རྟཊ་བསྡུ་རུབ་བྱས་འབྲས་ཁྱབ་བསྒྲཊ་བྱེད་པའི་མཛད་སྒོ་འཚོཊ་པ།

(པར་ངོས་དང་པོར་མཐུད)ལྷ་སའི་རྩ་ཆེའི་རྒྱུ་ནོར་དང་འཕེལ་རྒྱས་ཀྱི་སྟོབས་ཤུགས་ཀྱང་ཡིན་པས། ཕྲུ་གུ་ཚོས་གསར་གཏོད་བྱེད་ཕོད་པ་དང་མཚར་སྣང་ནམ་ཡང་མི་ཉམས་པར་བདག་པོའི་སྙིང་སྟོབས་མུ་མཐུད་དེ་དར་སྤེལ་བཏང་ནས་བྱིས་པའི་མཛའ་གྲོགས་ཞེས་པའི་ཉི་འོད་འོག དགའ་སྤྲོའི་ངང་འཚར་ལོངས་ཡོང་བར་བྱས་ཏེ་མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་བའི་དུས་རབས་ཀྱི་མི་གསར་པ་ཞིག་ཏུ་འགྱུར་རྒྱུའི་རེ་བ་ཡོད་ལ། འབྲེལ་ཡོད་ཚན་པ་ཁག་གིས་རྟག་ཏུ་བློ་བཟོད་མི་བདེ་བའི་འགན་འཁྲིའི་བསམ་པ་དང་དངོས་སྒྲུབ་སྤྱོད་ཚུལ་ལ་བརྟེན་ནས་ནུས་ཤུགས་ཡོད་རྒུས་བྱིས་པར་ཕན་པ་འདོགས་པ་དང་། བྱིས་པར་ཞབས་འདེགས་ཞུས་ཏེ་འབྱུང་འགྱུར་གྱི་ལྷ་སའི་ཁྱད་ལྡན་བྱིས་པའི་མཛའ་གྲོགས་གྲོང་ཁྱེར་གཏོད་དགོས་པའི་བླང་བྱ་བཏོན་པ་རེད།

མཛད་སྒོའི་ཐོག ཚོཊ་ཞུགས་འགོ་ཁྲིད་ཀྱིས་སྔ་རྗེས་སུ་བྱ་དགའ་རིམ་པ་དང་པོ་དང་། གཉིས་པ།

གསུམ་པ་བཅས་དང་དེ་བཞིན་ཕུལ་བྱུང་གི་བྱ་དགའ་ཐོབ་མཁན་སློབ་མ་དང་དེ་བཞིན་རྩ་འཛུགས་ཀྱི་བྱ་དགའ་ཐོབ་མཁན་གྱི་ཚན་པར་གཟི་བརྗིད་ལག་ཁྱེར་དང་དྲན་རྟེན་དངོས་པོ་སྤྲད་པ་རེད། བྱ་དགའ་རིམ་པ་དང་པོ་ཐོབ་མཁན་གྱི་སློབ་མ་ཀའོ་ཆིང་ཐུང་གིས་ཁྱིམ་བདག་གི་དཔང་པོའི་འོག་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང《ལྷ་ས་གྲོང་ཁྱེར་གྱི་བྱིས་པའི་མཛའ་གྲོཊ་གྲོང་ཁྱེར་གྱི་གཙོ་དོན་བརྩམས་ཆོས་ཀྱི་དབང་བསྐུར་གྲོས་མཐུན》ལ་མིང་རྟཊ་བཀོད་པ་རེད།

མཛད་སྒོ་མ་འཚོག་གོང་ཚོཊ་ཞུཊ་འགོ་ཁྲིད་ཀྱིས་ད་དུང་ད་ཐེངས་ཀྱི་གཙོ་དོན་མཚོན་རྟཊ་བསྡུ་རུབ་བྱས་འབྲས་ཀྱི་འགྲེམས་སྟོན་ལ་བརྟག་ཞིབ་བྱས་པ་རེད། (ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-07 6 6 拉萨日报藏文 c213260.html 1 ལྷ་ས་གྲོང་ཁྱེར་གྱི་བྱིས་པའི་མཛའ་གྲོཊ་གྲོང་ཁྱེར་གྱི་གཙོ་དོན་མཚོན་རྟཊ་བསྡུ་རུབ་བྱས་འབྲས་ཁྱབ་བསྒྲཊ་བྱེད་པའི་མཛད་སྒོ་འཚོཊ་པ། /enpproperty-->