(པར་ངོས་དང་པོར་མཐུད)མཐོ་གསར་ཁུལ་གྱི་ཚོཊ་སྒྲིག་ལྷོ་མར་ཝང་ཆང་གིས་ནན་གསུངས་གནང་དོན།ཚན་རིག་དང་མཐུན་པའི་འཆར་འགོད་དང་གཅིག་སྡུད་འཕེལ་རྒྱས་གཏོང་དགོས་ཤིང་།གཙོ་ཁྲིད་གཅིག་དང་། ཀ་རྟེན་ཆེན་པོ་གསུམ། ཐོན་ལས་ཆེན་པོ་དགུ་བཅས་ཀྱི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་དམ་པོར་དམིགས་པ་དང་། ཁུལ་དབྱེ་གསར་སྤེལ་དང་གཅིག་སྡུད་འཕེལ་རྒྱས་ཀྱི་བསམ་ཕྱོགས་གཞིར་བཟུང་། ས་ཆའི་སྤྱོད་སྒོ་དང་ལས་རྣམ་བཀོད་སྒྲིག་སྤྱི་འདོམས་བྱེད་པ་དང་། ཚོད་འཛིན་རང་བཞིན་གྱི་ཞིབ་ཕྲའི་འཆར་འགོད་འཐུས་སྒོ་ཚང་དུ་བཏང་ནས་གླིང་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དགོས། སྔོན་ལ་རྨང་གཞི་འདིང་བ་དང་དེ་ནས་འགྲོན་འགུགས་བྱེད་དགོས་ཤིང་། འབྲེལ་གཏུགས་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། རྒྱུ་རྐྱེན་གཙོ་བོར་འགན་ལེན་བྱེད་པ། ཚོགས་སྒྲིག་ལྷོ་མའི་ཤར་གཏོང་བདུན་དང་འདྲ་མཉམ་གཅིག་སོགས་ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། ས་ཁོངས་ལས་བརྒལ་བའི་ས་སྤྱོད་དམིགས་ཚད་སྙོམས་སྒྲིག་བྱེད་སྟངས་གསར་གཏོད་བྱེད་པ། ནུས་རྒྱུའི་ལྟེ་བའི་ཐོན་ལས་གཏིང་ཟབ་ཀྱི་སྣུར་སྲིང་རྒྱ་སྐྱེད་དང་གཅིག་སྡུད་འཕེལ་རྒྱས་ལ་དམ་པོར་དམིགས་པ་བཅས་བྱས་ཏེ། ཚོགས་སྒྲིག་ལྷོ་མར་བརྟེན་ནས་ཡར་ཀླུང་གཙང་པོའི་ཐོན་ལས་གླིང་དངོས་འབྲེལ་གཏོད་དགོས། སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་ནས་ལས་བྱེད་པ་གསོ་སྐྱོང་བྱེད་དགོས་ཤིང་། གྲི་རྡོ་ལ་བརྡར་བ་དང་མི་ལས་ཀའི་ཐད་སྦྱོང་བརྡར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ལས་ཀའི་འཐབ་ས་མདུན་མ་དང་རྣམ་གྲངས་ཀྱི་ཡུལ་དངོས་ལས་བྱེད་པ་འཚར་ལོངས་ཡོང་བའི་དམག་སྦྱོང་བྱ་ཡུལ་དུ་བརྩིས་ནས་ལས་བྱེད་པར་ལག་ལེན་གྱི་སྦྱོང་བརྡར་དང་། འགལ་ཟླའི་ཚོད་བགམ། མང་ཚོགས་ཀྱི་ཞིབ་དཔྱད་བཅས་མང་ཙམ་ཐེག་པར་བྱས་ཏེ། བྱ་གཞག་འཕེལ་རྒྱས་དང་ལས་བྱེད་པ་འཚར་ལོངས་ཡོང་བའི་མཉམ་འགུལ་བཟང་པོ་ཞིག་ཆགས་པར་བྱེད་དགོས།
བདེ་སྐྱིད་ནོར་བུ་བྱིས་པའི་རོལ་རྩེད་ཁང་དུ་ཁོང་གིས་རྣམ་གྲངས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ནན་གསུངས་གནང་དོན། ཁྲོམ་ར་ཅན་གྱི་གཉེར་སྐྱོང་དང་སྤྱི་ཡོངས་རང་བཞིན་གྱི་ལས་དོན་གྱི་བསམ་ཕྱོགས་གཞིར་བཟུང་། ལས་རྣམ་གསར་བརྗེས་དང་། སྒྲིག་བཀོད་བཀོད་སྒྲིག སྔོ་འགྱུར་མཛེས་བཟོ། ཚོང་ལས་ལེ་ལག་ཚང་སྒྲིག གང་མགྱོགས་སླར་གསོ་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་སྤྱི་འདོམས་བྱས་ཏེ། བསྔགས་བརྗོད་ཐོབ་ཐུབ་པ་དང་། རྣམ་པ་གསར་པ་གཏོད་ཐུབ་པ། མི་ཚོགས་ཀྱི་ཡིད་དབང་འགུག་ཐུབ་པ་བཅས་བྱས་ནས་སྤུས་ཚད་མཐོན་པོའི་སྒོ་ནས་གྲོང་མིའི་སྤྲོ་གསེང་གི་འགྲོ་ཡུལ་ཡག་པོ་ཞིག་གཏོད་དགོས།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社