分享按钮

ཞི་ཅིན་ཕིང་ཀྲུང་ཧྥའི་ཁེ་ལས་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བདུན་པའི་མཇུག་སྒྲིལ་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ།

(པར་ངོས་དང་པོར་མཐུད)ཀྲུང་གོ་དང་ཧྥ་རན་སེའི་མཉམ་ལས་ཀྱི་སྔར་བས་མཛེས་སྡུག་ལྡན་པའི་ལེའུ་ལྷན་དུ་རྩོམ་དགོས་པ་དང་། ཀྲུང་གོ་དང་ཧྥ་རན་སེའི་འབྲེལ་བའི་བརྟན་བརླིང་རང་བཞིན་ལ་བརྟེན་ནས་དེང་སྐབས་འཛམ་གླིང་གི་གཏན་འཁེལ་མེད་པའི་རང་བཞིན་ལ་ཁ་གཏད་གཅོག་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། གཅིག་ནས་ཕྱོཊ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་ཁྱབ་ཁོངས་གསར་པ་རྒྱུན་ཆད་མེད་པར་རྒྱ་སྐྱེད་གཏོང་དགོས། ཀྲུང་གོ་ཕྱོཊ་ཀྱིས་ཧྥ་རན་སེ་དེ་ཉིད་གལ་འགངས་ཆེ་བ་དང་མེད་དུ་མི་རུང་བའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་རོཊ་ཟླར་བརྩི་ཡི་ཡོད་པ་དང་། ཧྥ་རན་སེ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ནང་ཧུར་ཐག་ངང་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་དང་། སྟོབས་ཤུཊ་ལྡན་པ་དང་བློ་མོས་ཡོད་པའི་ཀྲུང་གོ་ཕྱོཊ་ཀྱི་ཁེ་ལས་ཧྥ་རན་སེར་མ་འཇོག་ལས་དར་བྱེད་པར་བསྐྱོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཕྱོཊ་གཉིས་པོས་མི་ཐབས་རིག་ནུས་དང་། ལྗང་མདོག་དང་གྲངས་འཛིན་དཔལ་འབྱོར། སྐྱེ་དངོས་སྨན་རྫས། དབུ་དཀར་དཔལ་འབྱོར་སོཊ་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུཊ་སྔོག་འདོན་བྱེད་པ་དང་། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་སྒོ་དབྱེ་མཉམ་ལས་ལ་མུ་མཐུད་ནས་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་པོའི་ཁེ་ལས་ལ་དྲང་གཞག་དང་། ཁ་གསལ། མཐོང་ཆུང་མི་བྱེད་པ། སྔོན་དཔག་བྱེད་ཐུབ་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་སྐྲུན་དགོས།

གཉིས་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་གཉིས་ཕན་མཉམ་ལས་ཀྱི་གོང་འཕེལ་གསར་པར་མུ་མཐུད་དེ་སྐུལ་འདེད་གཏོང་དགོས་ཤིང་། ད་ལོ་ནི་ཀྲུང་གོ་དང་ཡོ་རོབ་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བའི་ལོ་རེད། ཀྲུང་གོ་དང་ཡོ་རོབ་ཀྱི་དཔལ་འབྱོར་ཉོ་ཚོང་གི་འབྲེལ་བའི་ངོ་བོ་ནི་བཟང་ཆ་གསབ་རེས་དང་གཉིས་ཕན་མཉམ་རྒྱལ་ཡོང་བར་བྱ་རྒྱུ་དང་། གོང་འཕེལ་ཁྲོད་འགུལ་རྣམ་དོ་སྙོམས་རྦད་དེ་མངོན་འགྱུར་ཡོང་ཐུབ་པར་བྱ་རྒྱུ་དེ་ཡིན། ཕན་ཚུན་བརྟེན་རེས་བྱེད་པ་ནི་ཉེན་ཁ་མིན་ལ། ཁེ་ཕན་མཉམ་འདྲེས་བྱེད་པ་ནི་འཇིགས་སྐུལ་ཞིག་ཀྱང་མིན། ཀྲུང་གོ་དང་ཧྥ་རན་སེ་ཕྱོགས་གཉིས་པོས་ཀྲུང་གོ་དང་ཡོ་རོབ་བར་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ངེས་གནས་རྒྱུན་འཁྱོངས་བྱ་རྒྱུར་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བའི་དེ་བས་འོད་སྟོང་འཕྲོ་བའི་ལོ་ངོ་50རྗེས་མ་དེ་ལྷན་དུ་གཏོད་དགོས།

གསུམ་ནས་ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྱུར་བཅོས་འཐུས་ཚང་དུ་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཤིང་། ད་ལོ་ནི་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་ངོ་80འཁོར་བའི་ལོ་རེད། དེ་བས་དྲང་གཞག་དང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་ཆེད། གོ་ལ་ཧྲིལ་པོའི་གོང་འཕེལ་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ། གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་བཅས་བཏོན་རྗེས། ད་ལོའི་ཟླ་9པར་ང་རང་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་བཏོན་པ་ཡིན། ཀྲུང་གོ་དང་ཧྥ་རན་སེ་རྒྱལ་ཁབ་གཉིས་པོས་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་བབ་དང་དབང་གྲགས་ལ་ཐུན་མོང་ཐོག་སྲུང་སྐྱོང་དང་། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ལྟེ་བར་བྱེད་པ་དང་སྒྲིག་སྲོལ་རྨང་གཞིར་བྱེད་པའི་ཕྱོགས་མང་ཉོ་ཚོང་ལམ་སྲོལ་ལ་སྲུང་སྐྱོང་བྱས་ཏེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྱུར་བཅོས་འཐུས་ཚང་དུ་གཏོང་ཆེད་དྲང་ནུས་ལེགས་སྐྱེས་སུ་འབུལ་དགོས།

ཞི་ཅིན་ཕིང་གིས་ནན་གསུངས་གནང་དོན། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་གྲོས་གཞིར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད། ཀྲུང་གོས་ཕྱོགས་ཡོངས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུ་ཡིན། ཧྥ་རན་སེའི་ཁེ་ལས་པས་ཀྲུང་གོའི་གོང་འཕེལ་གྱི་ཕན་ཁེ་མུ་མཐུད་དེ་མཉམ་སྤྱོད་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན།

ཀྲུང་གོ་དང་ཧྥ་རན་སེ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་ཁེ་ལས་སོགས་ལས་རིགས་ཁག་གི་འཐུས་མི་150ཙམ་མཇུག་སྒྲིལ་མཛད་སྒོར་ཞུགས་ཡོད།

ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུཊ་ཡོད་པ་རེད།(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-06 6 6 拉萨日报藏文 c213254.html 1 ཞི་ཅིན་ཕིང་ཀྲུང་ཧྥའི་ཁེ་ལས་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བདུན་པའི་མཇུག་སྒྲིལ་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ། /enpproperty-->