分享按钮

(པར་ངོས་དང་པོར་མཐུད)ཤའོ་ཡིའུ་ཚའི་ཡིས་བསྟན་དོན།གྲོང་ཨུད་ཀྱིས་ཐོག་མཐའ་བར་གསུམ་དུ་འཇོན་ཐང་ལ་བརྟེན་ནས་ལས་བྱེད་པ་སྤྱོད་པ་དང་། གྲུབ་འབྲས་དངོས་ལ་བརྟེན་ནས་དཔའ་བོ་གླེང་བ་མཐའ་འཁྱོངས་བྱས་ཏེ། གྲུབ་འབྲས་དངོས་ལ་ལྟ་བ་དང་། ན་གཞོན་ཅན་དུ་འགྱུར་བ། གཞི་རིམ་ལ་མཐོང་ཆེན་བྱེད་པ་བཅས་ཀྱི་མི་སྣ་འདེམས་སྤྱོད་ཀྱི་སྟོན་ཕྱོགས་ཁ་གསལ་བཟོས་ནས་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མར་མི་སེམས་གཅིག་སྒྲིལ་དང་བསམ་བློ་གཅིག་སྒྲིལ་གྱིས་ལས་དོན་སྒྲུབ་པའི་རྣམ་པ་བཟང་པོ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས། གསར་དུ་བསྐོ་གཞག་བྱས་པའི་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། མི་ཚེའི་ཁ་ཕྱོགས་སྟངས་འཛིན་ཡག་པོ་བྱེད་དགོས་པ་དང་། གྲུབ་འབྲས་ཐོབ་པར་ངས་མི་རྩོད་པའི་སྙིང་སྟོབས་དང་གྲུབ་འབྲས་ཐོབ་པར་ང་ཡིས་འབད་པའི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་ལས་གནས་གསར་པ་དང་འགོ་འཛུགས་ས་གསར་པའི་ཐོག་དཀའ་སྤྱད་སྙིང་རུས་ཀྱིས་ལས་དོན་སྒྲུབ་པ་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ། རྩ་འཛུགས་དང་མང་ཚོགས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་ཧུར་ཐག་གཏོད་དགོས།

ཏང་ལ་ལྷག་བསམ་རྣམ་དག་བྱེད་དགོས་ཤིང་། ཏང་ལ་མཐའ་གཅིག་ཏུ་ལྷག་བསམ་རྣམ་དག་བྱ་རྒྱུ་དེ་ཆེས་རྩ་བའི་ཆབ་སྲིད་ཀྱི་བླང་བྱར་བརྩིས་ནས་ཆབ་སྲིད་ཀྱི་དད་སེམས་བརྟན་དུ་གཏོང་བ་དང་། ཆབ་སྲིད་ཀྱི་རྩ་དོན་བརྟན་སྲུང་བྱེད་པ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་དུ་གཏོང་བ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་སྲུང་བ་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཏང་ལ་སེམས་པ་ཕྱོགས་པ་དང་། ཏང་གི་ཆེད་དུ་སྐད་ཆ་ཤོད་པ། ཏང་ལ་བྱ་བ་དངོས་སྒྲུབ་པ་བཅས་བྱེད་དགོས།

སློབ་སྦྱོང་ཧུར་ཐག་བྱེད་དགོས་ཤིང་། སློབ་སྦྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་དོན་གཉེར་དང་། ལས་ཀ་བྱེད་སྟངས། འཚོ་བའི་གོམས་གཤིས་བཅས་ལ་བརྩིས་ནས་ཚེ་གང་སློབ་སྦྱོང་གི་འདུ་ཤེས་འཛུཊ་པ་དང་། ཏང་གི་གསར་གཏོད་རིཊ་པའི་གཞུང་ལུཊ་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས་ལྷོད་མེད་བྱས་ཏེ། བསམ་ཕྱོཊ་ཀྱི་མཐོང་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་བསམ་བློའི་འདུ་ཤེས་གསར་བརྗེས་བྱེད་དགོས།

ལས་ཀར་འབད་བརྩོན་བྱེད་དགོས་ཤིང་། ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་བྱ་གཞག་དོན་གཉེར་བྱེད་པ་དང་ལས་ཀར་དགའ་ཞེན་ཚད་མེད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། དམ་པ་དོན་གཉེར་བྱེད་པ་ལས་སྟོང་གཏམ་མི་བཤད་པ་དང་། ཕུ་ཐུང་བརྫེས་ནས་ལས་དོན་སྒྲུབ་པ། ལུས་པོ་བསྒུར་ནས་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ། ལས་ཀའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།

སྤྱོད་གཙང་རང་གཅུན་བྱེད་དགོས་ཤིང་། དབང་ཆའི་ལྟ་བ་ཡང་དག་པ་དང་། སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་ཡང་དག་པ། བྱ་གཞག་གི་ལྟ་བ་ཡང་དག་པ་བཅས་བརྟན་པོར་འཆང་བ་དང་། དུས་དང་རྣམ་པ་ཀུན་ཏུ་རིག་པ་དྭངས་གསལ་རྒྱུན་འཁྱོངས་དང་། འདོད་རྔམ་གྱི་གནོད་པ་རྟག་ཏུ་དྲན་པ། རང་གཅུན་གྱི་བསམ་པ་རྒྱུན་དུ་འཆང་བ་བཅས་བྱས་ཏེ། དབང་ཆ་དྲང་གཞག་ངང་སྤྱོད་པ་དང་། ཁྲིམས་ལྟར་དབང་ཆ་སྤྱོད་པ། དམངས་ཀྱི་དོན་དུ་དབང་ཆ་སྤྱོད་པ། སྤྱོད་གཙང་ངང་དབང་ཆ་སྤྱོད་པ་བཅས་ཀྱི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

ཚོགས་འདུའི་ཐོག་གསར་དུ་བསྐོ་གཞག་བྱས་པའི་ལས་བྱེད་པའི་འཐུས་མིས་གཏམ་བཤད་སྤེལ་རེས་བྱས་པ་རེད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-06 6 6 拉萨日报藏文 c213252.html 1 /enpproperty-->