(པར་ངོས་དང་པོར་མཐུད)གྲོང་སྤྱི་གཞོན་པ་དང་། རྒྱལ་ཁབ་ཀྱི་འབྱུང་འཕྲོད་ཤེས་དཔལ་མཐོ་ས་འཛུགས་གཏོད་བྱེད་ཤུགས་ཆེ་རུ་གཏོང་བའི་གྲོང་ཁྱེར་ཆེད་དོན་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ། འབྱུང་ཁམས་ལ་བརྟེན་ནས་གྲོང་ཁྱེར་འཛུགས་གཏོད་བྱེད་པའི་གྲོང་ཁྱེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ། གཞུང་ལས་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཀྲའོ་ཧྲི་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་ཀྲུང་དབྱང་དང་། ལྗོངས་དང་གྲོང་ཁྱེར་གྱི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བར་མ་ཟད། ལོ་ལྔ་ཚན་བཅུ་བཞི་པའི་ཚུན་གྱི་ལས་དོན་ཕྱོགས་བསྡོམས་དང་། མིག་སྔའི་གནད་དོན་ལ་དབྱེ་ཞིབ་བྱས་ཏེ་ལོ་མཇུག་དང་རྗེས་མཐུད་ཀྱི་གཙོ་གནད་ལས་དོན་ལ་འཆར་འགོད་དང་བཀོད་སྒྲིག་གནང་བ་རེད།
ཀྲའོ་ཧུའེ་ཉན་གྱིས་བསྟན་དོན། ལོ་ལྔ་ཚན་བཅུ་བཞི་པའི་རིང་། གྲོང་ཁྱེར་ཡོངས་ཀྱི་རྒྱལ་ཁབ་ཀྱི་འབྱུང་འཕྲོད་ཤེས་དཔལ་མཐོ་ས་འཛུགས་གཏོད་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་སྟེ། གཅིག་གྱུར་འཆར་འགོད་ལ་མཐུན་སྦྱོར་ཡག་པོ་དང་། ཆེད་གཉེར་འཛིན་གྲྭ་འཁོར་སྐྱོད་ཡག་པོ། ཁོངས་མིའི་ཚན་པས་གཞོགས་འདེགས་ཡག་པོ། གཙོ་གནད་ལས་དོན་ལ་དམ་འཛིན་ཡག་པོ། ལྟ་ཞིབ་དང་ལྟ་སྐུལ་ལ་ལྟ་རྟོག་ཡག་པོ་བཅས་བྱས་པ་མངོན་ཡོད། དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་བཀྲག་མདངས་མང་པོ་ཡོད་པ་སྟེ། སྐུལ་འདེད་ཀྱི་ཚད་གཞི་མཐོ་བས་དོན་ཐོག་ཏུ་འཁྱོལ་བའི་ཕན་འབྲས་ཐོན་པ། སྔོན་ཐོན་ལེགས་བརྩོན་བྱས་པས་བསྡུར་དཔྱད་དང་རང་དཔྱད་འབུར་དུ་ཐོན་པ། འབྲེལ་མཐུད་ཧུར་ཐག་བྱས་པས་ལྟེ་བའི་གྲོང་ཁྱེར་གྱི་ཁུར་དང་ལེན་འབུར་དུ་ཐོན་པ། དམངས་འཚོ་གཙོ་བོར་བཟུང་བས་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་ཤུགས་འབུར་དུ་ཐོན་པ། འཛེམ་བག་མེད་པར་དམར་རྗེན་དུ་བཏོན་པས་དམ་འཛིན་དངོས་སྒྲུབ་འབུར་དུ་ཐོན་པ་བཅས་བྱུང་ཡོད་པ་རེད།
ཀྲའོ་ཧུའེ་ཉན་གྱིས་ནན་གསུངས་གནང་དོན། ལས་དོན་ཆེད་གཉེར་འཛིན་གྲྭ་དང་ཁོངས་མིའི་སྡེ་ཚན་ཁག་གིས་ལྟེ་བའི་ལས་དོན་ཐད་དོ་སྣང་གང་ལེགས་བྱས་ནས་རང་རང་གི་འགན་འཁྲི་བསྒྲུབས་ནས་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་རིམ་པ་ཁག་གི་བཀོད་སྒྲིག་དང་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་དགོས། ལོ་ལྔ་ཚན་བཅུ་བཞི་པའི་འཛུགས་སྐྲུན་གྱི་ཕན་འབྲས་གོ་རིམ་ལྡན་པའི་སྒོ་ནས་ཕྱོགས་སྡོམ་བྱས་ཏེ་དྲིལ་བསྒྲགས་དང་ཁྱབ་སྤེལ་ཤུགས་ཆེན་བྱེད་དགོས། ལས་ཀའི་འགན་འཁྲི་ནན་དུ་བཏང་སྟེ་ལས་ཀའི་སྤྱོད་ཚུལ་བསྒྱུར་དགོས། དཔྱད་ཞིབ་ལ་ལྟ་ཞིབ་ནན་པོ་བྱས་ཏེ་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་དགོས། གཙོ་གནད་འགག་སྒྲོལ་ལ་དམིགས་ཏེ་ལས་འགན་གལ་ཆེན་དམ་འཛིན་ཏན་ཏིག་དང་ཞིབ་ཕྲའི་འགན་ལེན་བྱས་ཏེ་ལྷ་སའི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社