(པར་ངོས་དང་པོར་མཐུད)རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་དང་གྲོང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།《ཀྲུང་གུང་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡིས་2025ལོའི་ལོ་འཁོར་གྱི་ལས་དོན་སྤེལ་ཚུལ་གྱི་སྙན་སྒྲོན》གསན་པ་དང་ཞིབ་འཇུག་ཀྱང་བྱས་པ་རེད།
ཧོ་ཕུང་གིས་མི་དམངས་འཐུས་ཚོགས་ལས་ཁུངས་ནི་དང་ཐོག་ཆབ་སྲིད་ཀྱི་ལས་ཁུངས་ཤིག་ཡིན་པས་ངེས་པར་དུ་ཏང་གི་འགོ་ཁྲིད་དེ་འགན་འཁྲི་སྒྲུབ་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་། གོ་བ་ལེན་པ། དོན་འཁྱོལ་བཅས་གཏིང་ཟབ་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་དང་། ཆབ་སྲིད་ཀྱི་འགན་འཁྲི། ཆབ་སྲིད་ཀྱི་བླང་བྱ་བཅས་གལ་ཆེན་དུ་བརྩི་དགོས་ཞེས་ནན་གསུངས་གནང་བ་རེད།
ཧོ་ཕུང་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་གྲོང་ཨུད་དང་དེ་བཞིན་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་བཏོན་པའི་བླང་བྱ་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་དགོས་པ་དང་། མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཁྲིམས་འཛུགས་དང་། ལྟ་སྐུལ། གཏན་འབེབས། འཐུས་མིའི་ལས་དོན་བཅས་ལ་དམ་འཛིན་ཡག་པོ་བྱེད་དགོས། “ལས་ཁུངས་བཞི”འཛུགས་སྐྱོང་བྱ་རྒྱུ་དེ་དམ་འཛིན་བྱ་གཞིར་བྱས་ཏེ། དངོས་སྒྲུབ་ཀྱི་སྤྱོད་ཚུལ་ཞུན་བརྡར་བྱེད་པ་དང་། ལས་ཁུངས་ཀྱི་ཆབ་སྲིད་འཛུགས་སྐྱོང་དང་། དཔུང་ཁག་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་བཅས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ། ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དེ་མི་དམངས་འཐུས་ཚོགས་ཀྱི་འགན་འཁྲི་སྒྲུབ་པའི་ཕན་འབྲས་དངོས་ལ་འགྱུར་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་བྱ་ཆེད་མི་དམངས་འཐུས་ཚོགས་ཀྱི་ལེགས་སྐྱེས་འབུལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ཀྲེང་ཝུའེ་གོ་དང་། ཕེང་ཧྥེ་ཡུའེ། ཟླ་བ། ཚེ་རིང་དོན་གྲུབ་དེ་བཞིན་དྲུང་ཆེ་ཧོའུ་ཅིང་ཧྭ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社