ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་12ཚེས་3ཉིན་གྱི་སྔ་དྲོ། དུས་ཡུན་ཉིན་ལྔའི་ལྷ་ས་གྲོང་ཁྱེར་གྱི་ཁུལ་གསུམ་ཚན་རྩལ་ཤེས་ལྡན་པའི་རྣམ་གྲངས་ཀྱི་དུས་ཐེངས་བཞི་པའི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ་རེད།
ད་ཐེངས་ཀྱི་གསོ་སྦྱོང་དེ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་དང་གྲོང་ཁྱེར་ཚན་རིག་ལག་རྩལ་ཅུས(གྲོང་ཁྱེར་ཚན་རིག་ལག་རྩལ་མཐུན་ཚོགས)ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་དང་། གྲོང་ཁྱེར་ཞིང་ལས་ལག་རྩལ་ཞིབ་འཇུག་ཁྱབ་གདལ་ས་ཚིགས་ཀྱིས་གཉེར་འགན་ཁུར་བ་ཞིག་ཡིན་པ་དང་། ཚན་རྩལ་ལ་བརྟེན་ནས་ས་མཐོའི་འདེབས་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་བར་བྱེད། གསར་གཏོད་ལ་བརྟེན་ནས་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་བརྟན་པོ་འདིང་ཞེས་པ་གཙོ་དོན་དུ་བྱས་ཏེ། ལས་རིགས་11གི་རིགས་གཅིག་མཁས་ཅན་རྩེ་གྲ་གདན་དྲངས་ནས་ཆེད་དོན་སློབ་ཁྲིད་བྱས་ཤིང་། དེའི་ནང་པེ་ཅིང་དང་ཅང་སུའུ་ཡི་དབང་གྲགས་ལྡན་པའི་མཁས་དབང་གིས་དྲ་ཐོག་ནས་ཉམས་མྱོང་སྤེལ་རེས་ཡོད་པར་མ་ཟད། ལྗོངས་ཞིང་འབྲོག་ཚན་རིག་ཁང་དང་ལྗོངས་ཞིང་ལས་ལག་རྩལ་ཁྱབ་གདལ་ཞབས་ཞུའི་ལྟེ་གནས་ཀྱི་རིགས་གཅིག་མཁས་ཅན་གྱིས་དྲ་ཕྱི་ནས་དོགས་གནད་ལ་ལན་འདེབས་པ་ཡང་ཡོད། དེའི་རིང་ད་དུང་རིགས་གཅིག་མཁས་ཅན་དང་རྫོང(ཆུས)ཁག་གི་སློབ་མའི་འཐུས་མིའི་དབར་ལག་ལེན་གྱི་དཔེ་མཚོན་བཀོད་སྒྲིག་བྱ་རྒྱུ་ཡིན་ཞིང་། སློབ་ཚན་གྱི་ནང་དོན་ནང་རིགས་རྫས་ཐོན་ཁུངས་སྲུང་སྐྱོང་དང་། སོན་གསོ་འགག་སྒྲོལ། འཕྲུལ་ཆས་ཅན་གྱི་འཕེལ་རྒྱས་སོགས་ལྟེ་བའི་ཁྱབ་ཁོངས་ཚུད་པར་མ་ཟད། གསར་དར་ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་བྱེད་པོ་གསོ་སྐྱོང་དང་ཁུལ་གསུམ་གྱི་ཚན་རྩལ་ཤེས་ལྡན་པའི་རྒྱབ་སྐྱོར་སོགས་ཀྱི་སྲིད་ཇུས་ལ་གསལ་འགྲེལ་བྱ་རྒྱུ་ཚུད་ཡོད།
ད་ཐེངས་ཀྱི་གསོ་སྦྱོང་གིས་ལྷ་སའི་ས་མཐོའི་འདེབས་འཛུགས་ལས་རིགས་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་། ཚན་རྩལ་གྱི་ཤེས་ལྡན་པ་གསོ་སྐྱོང་དང་འདེབས་འཛུགས་ལས་རིགས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་དམིགས་ནས། ཚན་རྩལ་གསར་གཏོད་སྣེ་ཁྲིད་དུ་བྱེད་པ་དང་། རིག་གཞུང་སྤེལ་རེས་འབྲེལ་ཐག་ཏུ་བྱེད་པ། དངོས་སྤྱོད་གསོ་སྦྱོང་འདེགས་སྐྱོར་དུ་བྱེད་པ་བཅས་ཀྱི་དམིགས་ཡུལ་ནི་རང་གྲོང་གི་ཁུལ་གསུམ་གྱི་ཚན་རྩལ་ཤེས་ལྡན་པའི་ཞབས་ཞུ་དང་དོ་དམ་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་མགྱོགས་སུ་འཛུགས་སྐྲུན་བྱ་ཆེད་ཚན་རྩལ་ཤེས་ལྡན་པའི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱ་ཆེད་རེད།
སྟག་རྩེ་ཆུས་ཞིང་ལས་ལག་རྩལ་ཁྱབ་གདལ་ས་ཚིགས་ཀྱི་ཀྲན་ཀྲང་བཀྲ་ཤིས་དོན་གྲུབ་ཀྱིས་དུས་ཡུན་ཉིན་ལྔའི་གསོ་སྦྱོང་དུས་ཚོད་ནང་ངས་འཐབ་ས་མདུན་མའི་འདེབས་འཛུགས་ལས་རིགས་ཀྱི་ལག་རྩལ་ལ་སློབ་སྦྱོང་ནན་ཏན་བྱ་རྒྱུ་དང་། རང་འགུལ་ངང་རིགས་གཅིག་མཁས་ཅན་ལ་བཀའ་འདྲི་ཞུ་བ། ལས་རིགས་གཅིག་པ་དང་སྤེལ་རེས་བཅས་བྱས་ནས་སྦྱངས་འབྲས་དངོས་ཐོན་པ་དང་སྦྱངས་སྤྱོད་ཟུང་འབྲེལ་བྱས་ཏེ།ལྷ་སའི་འདེབས་འཛུགས་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།
གསོ་སྦྱོང་ཚོགས་འདུའི་ཐོག་གསོ་སྦྱོང་ནང་ཞུགས་མཁན་སློབ་མས་ད་ཐེངས་ཀྱི་གསོ་སྦྱོང་གོ་སྐབས་སུ་བྱས་ཏེ།གཞི་རིམ་གྱི་དཀའ་གནད་དང་འགག་གནད་ཀྱི་གནད་དོན་ལ་དམིགས་ཏེ། མདུན་ཕྱོགས་ཀྱི་འདུ་ཤེས་དེ་དཀའ་གནད་སེལ་བའི་གསེར་གྱི་ལྡེ་མིག་ལ་འགྱུར་བར་བྱེད་པ་དང་། འདེབས་འཛུགས་ལས་རིགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཆེད་ལས་ནུས་པ་ཆེ་རུ་ཏན་ཏིག་གཏོང་བ། འདེབས་འཛུགས་ལས་རིགས་དར་རྒྱས་ཀྱི་གཙོ་གནད་ལས་འགན་ལྔར་དམ་པོར་དམིགས་པ་བཅས་བྱས་ནས་སློབ་སྦྱོང་གི་གྲུབ་འབྲས་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད། (ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社