分享按钮

ཀྲུང་གོའི་དྲག་རྩལ་དང་འཇར་མན་གྱི་གྲི་རྩལ་གྱིས་ཀྲུང་གོ་དང་འཇར་མན་གྱི་རིག་གནས་སྤེལ་རེས་ཀྱི་སྦྲེལ་ཟམ་བཙུགས་པ།

པར་འདི་ནི་ཟླ་11ཚེས་13ཉིན།འཇར་མན་པེར་ལིན་གྱི་ཤོན་དྲག་རྩལ་ཁང་དུ་ཡིའུ་ལི་ཧན(གཡོན)གྱིས་སློབ་མར་དྲག་རྩལ་མཛུབ་ཁྲིད་བྱེད་བཞིན་པའི་རྣམ་པ་ཡིན།

པར་འདི་ནི་ཟླ་11ཚེས་13ཉིན།འཇར་མན་གྱི་པེར་ལིན་དུ་པར་དུ་བླངས་པའི་ཡིའུ་ལི་ཧན་དྲག་རྩལ་དུས་དེབ་ཐོག་བཀོད་པའི་འདྲ་པར་ཡིན།

ལོ་48ལ་སླེབས་པའི་ཡིའུ་ལི་ཧན་གྱི་དེ་སྔའི་མིང་ལ་དབྱི་སི་མེ་ཐེ་ཤིས་མེ་ཐེ་ཟེར་བ་དང་།འཇར་མན་གྱི་པེར་ལིན་དུ་སྡོད་པ་དང་རྒྱ་སྐད་ཐོགས་པ་མེད་པར་བཤད་ཐུབ་ཀྱི་ཡོད།ཡིའུ་ལི་ཧན་1991ལོ་ནས་བཟུང་།ཀྲུང་གོའི་དྲག་རྩལ་སྦྱོང་འགོ་བརྩམས་ཤིང་།2000ལོར་ཐོག་མར་ཀྲུང་གོར་དགེ་རྒན་བསྟེན་ནས་དྲག་རྩལ་སྦྱངས་པ་དང་།2006ལོ་ནས་བཟུང་།ཁོང་གིས་འཇར་མན་དུ་ཀྲུང་གོའི་དྲག་རྩལ་ཕྱོགས་ཡོངས་ནས་སློབ་ཁྲིད་བྱེད་འགོ་བརྩམས།ཁོང་གིས་པེར་ལིན་དུ་བཙུཊ་པའི་དྲག་རྩལ་ཁང་དུ་ཐའེ་ཅི་དྲག་རྩལ་དང་།སྤར་ཁ་དྲག་རྩལ།དབྱིབས་མཚོན་དྲག་རྩལ་སོགས་སློབ་ཁྲིད་རྣམ་གྲངས་བཙུགས་ནས་ལོ་ཚད་མི་འདྲ་བའི་སློབ་མའི་ཡིད་དབང་བཀུག་ཡོད།ཁོང་གི་སློབ་ཚན་ནང་དྲག་རྩལ་ནི་ལག་རྩལ་ཞིག་ཡིན་པར་མ་ཟད།འཚོ་བ་སྐྱེལ་སྟངས་དང་བསམ་བློའི་ཐབས་རྩལ་ཞིག་ཀྱང་རེད།

ཧྲེ་ཡུས་རན་ལ་འཁོར་རྒྱའི་ནང་གི་མི་རྣམས་ཀྱིས“འུག་པ”ཞེས་འབོད་པ་དང་།སི་ཁྲོན་དུ་སྐྱེས་ཤིང་།ད་ལྟ་ཧྲང་ཧའེ་རུ་བསྡད་ཡོད།སློབ་ཆེན་སྐབས་ཡོ་རོབ་ཀྱི་ལོ་རྒྱུས་དྲག་རྩལ(HEMA)ལ་རྒྱུས་མངའ་ཡོད་པའི་ཁོང་གིས་འཇར་མན་གྱི་གནའ་བོའི་གྲི་རྩལ་མ་ལག་ནས་འགོ་བཙུཊ་ཏེ་ལོ་རྒྱུས་ཀྱི་གོ་མཚོན་དང་ལག་རྩལ་ལ་ཞིབ་འཇུག་བྱེད་འགོ་ཚུཊ།2015ལོར་ཧྲེ་ཡུས་རན་གྱིས་རོཊ་ཟླ་དང་མཉམ་དུ་ཧྲང་ཧའེ་ལོ་རྒྱུས་དྲག་རྩལ་སྤྲོ་སྐྱིད་ཁང(SHMA)བཙུཊ་ནས་ཡོ་རོབ་ཀྱི་ལོ་རྒྱུས་དྲག་རྩལ་དང་ཀྲུང་གོའི་དྲག་རྩལ་སོཊ་རྣམ་གྲངས་བརྒྱུད་རིམ་ལྡན་པའི་སྦྱོང་བརྡར་ནང་བཅུག་ཡོད།ད་ཆ་SHMAལ་ཚོགས་མི་200ལྷག་ཙམ་ཡོད་པའི་ནང་ཕྱེད་ཀ་ཡན་གྱིས་འཇར་མན་གྱི་གྲི་རྩལ་སྦྱོང་བ་དང་།སློབ་ཚན་ནང་ཡོ་རོབ་ཀྱི་གྲི་རིང་དང་།དམག་གྲི།གྲི་ཕུབ་སོཊ་ཚུད་ཡོད།

ཡིའུ་ལི་ཧན་གྱིས་འཇར་མན་བར་ཀྲུང་གོའི་དྲག་རྩལ་ལ་དེ་བས་རྒྱུས་མངའ་གཏིང་ཟབ་ལེན་དུ་བཅུག་པ་དང་།ཧྲེ་རན་ཡུས་ཀྱིས་ཀྲུང་གོའི་གཞོན་ནུ་འཇར་མན་གྱི་གྲི་རྩལ་ཤེས་སུ་བཅུག་གི་ཡོད།ཡོ་རོབ་དང་ཨེ་ཤེ་ཡའི་སྐམ་ས་ཆེན་མོ་སྒྲོལ་སྐབས་ཁོང་ཚོ་ཚང་མས་རང་ཉིད་ཀྱི་བྱེད་སྟངས་ཐོག་ནས་དྲག་རྩལ་དེ་རིག་གནས་ལས་སྒྲོལ་བའི་ཟམ་པ་ལྟ་བུར་འགྱུར་བར་བྱེད་ཀྱི་ཡོད། (བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-05 6 6 拉萨日报藏文 c213128.html 1 ཀྲུང་གོའི་དྲག་རྩལ་དང་འཇར་མན་གྱི་གྲི་རྩལ་གྱིས་ཀྲུང་གོ་དང་འཇར་མན་གྱི་རིག་གནས་སྤེལ་རེས་ཀྱི་སྦྲེལ་ཟམ་བཙུགས་པ། /enpproperty-->