分享按钮

ལྷ་ས་གྲོང་ཁྱེར་གྱི་བྱང་སྐོར་ནུབ་སྲིང་ལམ་ཐིག་དེ་སང་ལོར་བསྐྲུན་ཐུབ་རེ་ཡོད་པ།

(པར་ངོས་དང་པོར་མཐུད)སྔོན་ཚུད་ནས་ས་གཤིས་ཀྱི་སྔོན་བརྡ་གཏོང་བ་དང་རིག་ནུས་ལྟ་སྐུལ་ཚོད་འཛིན་དང་ཚད་འཇལ་བྱེད་པ་སོཊ་ཀྱི་ལག་རྩལ་འགན་ལེན་བྱས་པ་བརྒྱུད།ཕུག་ལམ་གྱི་བདེ་འཇགས་ལས་འཛོལ་གཅིག་ཀྱང་ཐོན་མེད། མིག་སྔར་ཕུག་ལམ་3གྱི་སྒྲོམ་གཞི་དང་ཞོར་གཏོགས་ལས་གྲྭ་ཚང་མ་ལེགས་གྲུབ་ཟིན་པ་དང་། ཟམ་པའི་ལས་གྲྭ་བརྒྱ་ཆ་80ལེགས་གྲུབ་ཟིན་པ། ལམ་གཞིའི་ལས་གྲྭའི་མྱུར་ཚད་བརྒྱ་ཆ་70ལེགས་གྲུབ་ཟིན་པ། ལས་གྲྭ་ཧྲིལ་པོའི་བརྒྱ་ཆ་62ལེགས་གྲུབ་བཅས་ཟིན་པས། སྔོན་དཔག་བྱས་ན། 2026ལོའི་ལོ་མཇུག་ཏུ་ལས་གྲྭའི་མ་གཞི་གཙོ་བོ་ལེགས་འགྲུབ་བྱ་རྒྱུ་རེད།

ལྷ་ས་གྲོང་ཁྱེར་གྱི་བྱང་སྐོར་ནུབ་སྲིང་ལམ་ཐིག་ཚབ་སྐྲུན་གཞུང་ལས་ཁང་གི་སྤྱི་ཁྱབ་བཟོ་པ་ཁྲེན་ཧྥེ་ཡིས། ལྷ་ས་གྲོང་ཁྱེར་གྱི་བྱང་སྐོར་ནུབ་སྲིང་ལམ་ཐིག་གི་ཟམ་པ་དང་ཕུག་ལམ་གྱི་བསྡུར་ཚད་ཅུང་མཐོ་བ་དང་ལམ་ཐིག་ཧྲིལ་པོར་ཁྱོན་ཕུག་ལམ་3དང་ཟམ་པ་12ཡོད། ད་ཆ་ཕུག་ལམ་གསུམ་ཚང་མ་ཏལ་འབིགས་ཐུབ་པ་དང་ཞོར་གཏོགས་གྲུབ་ཆ་ཚང་མ་ལེགས་གྲུབ་ཟིན་ནས་ཟམ་པའི་ལས་གྲྭའི་བརྒྱ་ཆ་80ཙམ་ལེགས་གྲུབ་ཟིན་པ་དང་ལམ་གཞིའི་ལས་གྲྭའི་བརྒྱ་ཆ་70ཙམ་ལེགས་གྲུབ་ཟིན་ཡོད། རྗེས་མཐུད་ང་ཚོས་མུ་མཐུད་དེ་ལས་དུས་འཕར་མ་བྱས་ནས་2026ལོའི་ལོ་མཇུག་ཏུ་ལས་གྲྭ་གཙོ་བོ་ལེགས་འགྲུབ་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཤད།

འགྲོ་ལམ་འདི་བསྐྲུན་པའི་དོན་སྙིང་ནི་འགྲིམ་འགྲུལ་འགག་པ་ཞི་ལྷོད་དུ་གཏོང་རྒྱུ་དེ་ཡིན། 《ལྷ་ས་གྲོང་ཁྱེར་གྱི་ལོ་ལྔ་ཚན་བཅུ་བཞི་པའི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་འཆར་འགོད》དོན་འཁྱོལ་བྱེད་པའི་གཙོ་གནད་རྣམ་གྲངས་ཤིག་ཡིན་པའི་ངོས་ནས་བྱང་སྐོར་ནུབ་སྲིང་ལམ་ཐིག་དེ་མ་འོངས་པར་ལྷོ་སྐོར་ལམ་ཐིག་དང་འཁོར་སྐྱོད་གང་ལེགས་ཐུབ་པར་བྱ་རྒྱུ་ཡིན་ཞིང་། སྔོན་དཔག་བྱས་ན་རྒྱལ་ལམ་G109ཐོག་གི་བརྒྱ་ཆ་30ཡན་གྱི་ས་ཁོངས་སྒྲོལ་བའི་རླངས་འཁོར་ཁག་བགོས་ཐུབ་པར་བྱས་ནས་རྒྱལ་ལམ་དུམ་བུ་དང་གྲོང་ཁྱེར་འགྲིམ་འགྲུལ་མཉམ་འདྲེས་ཀྱིས་རྐྱེན་པས་འགྲིམ་འགྲུལ་འགག་པའི་གནད་དོན་ཞི་ལྷོད་དུ་གཏོང་ཐུབ་པར་བྱ་རྒྱུ་རེད། དེ་བས་གལ་འགངས་ཆེ་བ་ཞིག་ནི་རྣམ་གྲངས་དེས་གྲོང་ཁུལ་གཙོ་བོ་དང་སྟོད་ལུང་བདེ་ཆེན་ཆུས་དབར་གྱི་འགྲོ་སྐྱོད་དུས་ཚོད་ཆུ་ཚོད་ཕྱེད་ཀ་ཙམ་ཐུང་དུ་བཏང་ནས“331”གི་འགྲིམ་འགྲུལ་ཁུལ་བསྐྲུན་རྒྱུ་དང་། གྲོང་ཁྱེར་ནུབ་ཕྱོགས་སུ་རྒྱ་སྐྱེད་གཏོང་རྒྱུར་ཁྲིད་སྟོན་བྱེད་པའི་འཕེལ་རྒྱས་ཀྱི་སྒྲོམ་གཞིར་འགྱུར་རྒྱུ་མ་ཟད། ཁྲེང་ཀོན་ཆུས་དང་སྟོད་ལུང་བདེ་ཆེན་ཆུས་དབར་གྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་སྣོན་རྒྱུ་རེད།

ལྷ་ས་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་མ་འཇོག་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་ཚེ་དབང་བསྟན་འཛིན་གྱིས། བྱང་སྐོར་ནུབ་སྲིང་ལས་གྲྭ་དེ་ལྷ་ས་གྲོང་ཁྱེར་གྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོངས་སུ་གཏོགས་པ་དང་། རྣམ་གྲངས་དེ་བསྐྲུན་རྗེས་ལྷོ་སྐོར་དང་བྱང་སྐོར་ལམ་ཐོག་གི་ཟླུམ་འཁོར་རྣམ་པ་ཞིག་གྲུབ་ནས་ས་ཁོངས་སྒྲོལ་བའི་རླངས་འཁོར་ནུས་ལྡན་ངང་ཁག་བགོས་ཐུབ་སྟེ།གྲོང་ཁུལ་གྱི་འགྲིམ་འགྲུལ་གནོན་ཤུགས་ཆུང་དུ་ཤུགས་ཆེན་འགྲོ་རྒྱུ་དང་།བདེ་འཇགས་དང་། ནུས་ཆེ། དཔལ་འབྱོར་བཅས་ཀྱི་གྲོང་ཁྱེར་གྱི་ལམ་དྲའི་མ་ལག་ཅིག་ཆགས་རྒྱུ་རེད། དེ་དང་ཆབས་ཅིག་ཟོག་འགྲེམས་ཀྱི་མ་གནས་དམའ་རུ་གཏོང་བ་དང་། ས་ཁོངས་དབར་གྱི་ཚོང་དོན་འགྲོ་འོང་ལ་སྐུལ་འདེད་གཏོང་བ། མ་འཇོག་དེ་བས་མང་བ་འགུགས་པ། ཐོན་ལས་རིམ་སྤོར་དང་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་ལ་ཕན་པ་བསྐྲུན་རྒྱུ་རེད་ཅེས་བཤད།

གྲོང་མི་དཀྱུས་མའི་ངོས་ནས་བརྗོད་ན། ལམ་དེ་ནི་འཚོ་བར་སྟབས་བདེ་སྐྲུན་པའི་བདེ་སྐྱིད་ལྡན་པའི་ཐབས་ལམ་ཞིག་རེད། ཞོགས་པའི་འཚང་ཁ་ཆེ་བའི་སྐར་མ་40ཡི་ལམ་ཐག་ཕྱེད་ཀ་ཐུང་དུ་འགྲོ་རེ་ཡོད་པ་དང་། ལས་ཀར་འགྲོ་མཁན་རིགས་ལ་ཆུ་ཚོད་ཕྱེད་ཀ་ལྷག་ཙམ་ངལ་གསོ་རྒྱག་ཁོམ་ཡོད་པས་གྲོང་འདབས་སུ་ཕར་འགྲོ་ཚུར་འོང་བྱེད་པར་དེ་བས་སྟབས་བདེ་ཡོང་རྒྱུ་རེད། རྣམ་གྲངས་འཛུགས་སྐྲུན་བྱེད་རིང་།ས་གནས་དེ་གའི་མི་110ལྷག་ཙམ་ལས་ཞུགས་ཐུབ་ནས་ཡོང་འབབ་སྒོར་ཁྲི་5700ལྷག་ཙམ་རགས་ཡོད་པས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད། ཕྱིར་སྐྱོད་དཀའ་བའི་གནད་དོན་སེལ་བ་ནས་དཔལ་འབྱོར་ལ་གསོན་ཤུགས་འཕེལ་བར་བྱེད་པའི་བར། བྱང་སྐོར་ནུབ་སྲིང་ལམ་ཐིག་གིས་ས་མཐོའི་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་བ་མངོན་འགྱུར་ཐུབ་རེ་ཡོད། གྲོང་མི་བུ་ཁྲིད་ཀྱིས་རླངས་འཁོར་མང་བའི་དུས་སུ་ལམ་བར་ལ་སྐབས་རེ་སྐར་མ་40འགོར་གྱི་འདུག བྱང་སྐོར་ནུབ་སྲིང་ལམ་ཐིག་ཤར་གཏོང་ཐུབ་རྗེས་ཆུ་ཚོད་ཕྱེད་ཀ་ཐུང་དུ་འགྲོ་ཡི་ཡོད་པ་གོ་ཐོས་བྱུང་། རྗེས་སུ་ལས་ཀར་འགྲོ་སྐབས་འཚབ་འཚུབ་བྱེད་དགོས་ཀྱི་མེད་པས་དགའ་ཚོར་ཆེན་པོ་བྱུང་ཞེས་བཤད།

གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་ཀྱི་རྩ་བ་ལམ་གཅིག་དང་སྦྲེལ་ཡོད། ཟམ་པ་དང་ཕུག་ལམ་གཅིག་གིས་ས་ཁོངས་མཉམ་ལས་ཤར་གཏོང་ཐུབ་ཀྱི་ཡོད། ལྷ་ས་གྲོང་ཁྱེར་བྱང་སྐོར་ནུབ་སྲིང་ལམ་ཐིག་བསྐྲུན་པ་ནི་སྣུམ་ནག་ལམ་ངོས་འདིང་བ་ཙམ་མ་ཡིན་པར་གྲོང་ཁྱེར་འཕེལ་རྒྱས་ཀྱི་མགྱོགས་ལམ་དང་གྲོང་མིའི་འཚོ་བ་བདེ་སྐྱིད་ལྡན་པའི་ལམ་བུའི་ཐོག་བསྐྱོད་པ་ཞིག་རེད། 2026ལོར་རླངས་འཁོར་ཤར་གཏོང་ཐུབ་པའི་དམིཊ་ཡུལ་ཉིན་རེ་བཞིན་མངོན་འགྱུར་བྱེད་ཉེར་ཡོད་པ་དང་བསྟུན་ནས་གངས་ལྗོངས་མཁའ་ལམ་གྱི་རྫོཊ་ལྡན་གྱི་དུས་བཟང་དེ་འགྲིམ་འགྲུལ་གྱི་མདུན་ལམ་དང་། ཐོན་ལས་རིམ་སྤོར་གྱི་འཆར་གཞི། དམངས་འཚོའི་བདེ་སྐྱིད་ཀྱི་རེ་སྒུག་བཅས་ནས་མངོན་རྒྱུ་དང་། ལྷ་སའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་དུ་འགྱུར་བཞིན་ཡོད།

(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-05 6 6 拉萨日报藏文 c213129.html 1 ལྷ་ས་གྲོང་ཁྱེར་གྱི་བྱང་སྐོར་ནུབ་སྲིང་ལམ་ཐིག་དེ་སང་ལོར་བསྐྲུན་ཐུབ་རེ་ཡོད་པ། /enpproperty-->