(པར་ངོས་དང་པོར་མཐུད)སྒྱུར་བཅོས་ཟབ་གཏོང་དང་རྩ་ལག་མཉམ་བཅོས་ཀྱི་རྣམ་པ་བཟང་པོ་ཆཊ་རྒྱུར་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག་ནན་གསུངས་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་གསུམ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་དྲ་རྒྱའི་སྐྱེ་ཁམས་བཅོས་སྐྱོང་གི་འཐབ་ཇུས་ཀྱི་དོན་སྙིང་དང་། རྩ་དོན་གྱི་ཁ་ཕྱོགས། ལག་ལེན་གྱི་ཐབས་ལམ་བཅས་ལ་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་གནང་ཡོད་པས། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མ་དང་ལྷག་པར་དུ་དྲ་འཕྲིན་སྡེ་ཚན་གྱིས་མཐའ་འཁྱོངས་ལྔའི་རྩ་ཆེའི་ཉམས་མྱོང་གི་ལག་ལེན་བླང་བྱ་གནད་སྨིན་ངང་ཁོང་དུ་ཆུད་པར་བྱས་ཏེ་གཙོ་དོན་མཆོག་ཏུ་འཛིན་པ་དང་། གཡུལ་ས་གཙོ་བོ་བརྟན་སྲུང་བྱེད་པ།རང་འགུལ་གྱི་དབང་ཆ་སྟངས་འཛིན་བྱེད་པ། གཙོ་ཤུགས་དམག་ཡག་པོ་འཛུགས་པ་བཅས་ལ་སྤྱི་འདོམས་ཐོག་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་བྱ་ཆེད་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་དང་། བློས་འགེལ་ཆོག་པའི་བདེ་འཇགས་འགན་ལེན། ཆ་འཕྲིན་གྱི་འདེགས་སྐྱོར་ནུས་ལྡན་བཅས་ཡོང་བར་བྱེད་དགོས།
ཚོགས་འདུའི་ཐོག་ནན་གསུངས་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཤང་ཀང་གི་འཛམ་གླིང་གསར་པའི་ཏ་ཕུའུ་ཆུས་ཀྱི་སྡོད་ཁང་ལ་མེ་སྐྱོན་གྱི་ལས་འཛོལ་ཚབས་ཆེན་ཐོན་པའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ཏེ།ཐོན་སྐྱེད་བདེ་འཇགས་དེ་འཆིང་སྔགས་ལྟ་བུར་བརྩིས་ནས་རྟག་ཏུ་དྲན་སྐུལ་དང་། རྒྱུན་དུ་དམ་འཛིན། རྒྱུན་དུ་ལྟ་སྐུལ་མཛུབ་ཁྲིད་བཅས་བྱས་ཐོག འཕྱུགས་པ་གཏན་ནས་མེད་པའི་དྲན་སྐུལ་དང་བྱ་ཐབས་ཀྱི་ཐོག་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།
ཚོགས་འདུའི་ཐོག་ནན་གསུངས་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་དང་བླངས་ཞབས་ཞུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མིའི་འཐུས་མི་ཚོགས་ཆེན་སྐབས་གསུམ་པར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་ནང་བླང་བྱ་ནན་པོ་བཏོན་ནས་དང་བླངས་ཞབས་ཞུའི་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ལམ་ལུགས་དང་ལམ་སྲོལ་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ་དང་། འཐབ་ས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དཔུང་ཁག་གི་སྟོབས་ཤུགས་ཆེ་རུ་གཏོང་བ། བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ནས་དུས་རབས་གསར་པའི་དང་བླངས་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་དགོས།
ཚོགས་འདུའི་ཐོག་ནན་གསུངས་གནང་དོན། རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཇི་མ་ཇི་བཞིན་དོན་འཁྱོལ་བྱེད་དགོས། རྒྱུན་རྣམ་ཅན་གྱི་གནད་སྨིན་རོགས་སྐྱོར་ཡག་པོ་བྱེད་པའི་རྨང་གཞིའི་ཐོག་དམངས་ཕྱུག་ཐོན་ལས་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་གཏོང་བ་དང་ཐོན་ལས་རོགས་སྐྱོར་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་ནས་དབུལ་པོར་བསྐྱར་ལོག་དང་དབུལ་པོར་འགྱུར་བར་སྔོན་འགོག་གི་རྨང་གཞི་ཕྱོགས་ཡོངས་ནས་བརྟན་དུ་གཏོང་དགོས། གཞན་ཡང་ཕྱོགས་གཅིག་ནས་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་ཞབས་ཞུའི་དོ་དམ་ལ་དམ་འཛིན་བྱས་ཏེ།ལས་ཞུགས་གསར་པའི་ཚོགས་སྤྱི་གཞི་རིམ་བཅོས་སྐྱོང་སོགས་གཙོ་གནད་ལས་དོན་ནང་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་སྟོབས་ཤུགས་གསར་པ་དེ་བས་མང་བ་ལེགས་སྐྱེས་འབུལ་དགོས། སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་ཡང་དག་བརྟན་པོར་བཙུགས་ནས་སྲིད་སྐྱོང་བྱས་རྗེས་སུའི་ཆེད་དུ་འཇོག་པ་དང་། སྲིད་སྐྱོང་བྱས་རྗེས་གང་འདྲ་ཞིག་འཇོག་པ།གང་ལ་བརྟེན་ནས་སྲིད་སྐྱོང་བྱས་རྗེས་འཇོག་པའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས།
ཚོགས་འདུའི་ཐོག་ནན་གསུངས་གནང་དོན། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཉེ་དུས་ཀྱི་གསུང་བཤད་ཀྱི་དགོངས་དོན་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཁག་ཏུ་གནད་སྨིན་ངང་དོན་འཁྱོལ་བྱེད་པ་དང་། བརྟན་ལྷིང་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ། ལོ་ཧྲིལ་པོའི་དཔལ་འབྱོར་དམིགས་ཚད་ལ་མཐའ་མའི་གདོང་མཆོང་བྱེད་པ། སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་ཕྱོགས་བསྡུས་དཔྱད་ཞིབ་བསུ་དགོས།
ཚོགས་འདུའི་ཐོག་ནན་གསུངས་གནང་དོན། མང་ཚོགས་ཚོགས་པའི་ལས་དོན་གྱིས་རྒྱུན་འཁྱོངས་ལྷོད་མེད་ངང་རང་བཞིན་གསུམ་ལ་ཤུགས་སྣོན་རྒྱག་པ་དང་ཅན་བཞི་དོར་ནས་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ཞབས་ཞུ་ལེགས་སུ་གཏོང་བ། གཞི་རིམ་ལ་དམ་འཛིན་བྱེད་པ། གྲགས་རྟགས་གཏོད་པ་བཅས་ཀྱི་ལས་དོན་ཁག་བཞི་ཡག་པོ་བསྒྲུབས་ཏེ་རང་གྲོང་གི་མང་ཚོགས་ཚོགས་པའི་ལས་དོན་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་རྩ་འཛུགས་ཀྱི་ལས་དོན་ཐད་ཕྱོགས་གཅིག་ནས་འཕེལ་རྒྱས་ལ་ཁྲིད་སྟོན་ཧུར་ཐག་བྱ་རྒྱུར་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་ཁྲིམས་ལྟར་དོ་དམ་ནན་པོ་བྱ་རྒྱུར་དམ་འཛིན་བྱས་ཏེ།སྤྱི་ཚོགས་རྩ་འཛུགས་ཀྱི་གཞི་ཁྱོན་དེ་བས་འོས་འཚམ་དང་། གྲུབ་ཆ་དེ་བས་ལུགས་མཐུན། བཅོས་སྐྱོང་དེ་བས་ནུས་ལྡན་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་རྒྱུའི་ལས་དོན་ཐད་ལས་གཞི་ཆེན་པོ་ལྔ་ལག་བསྟར་ཤུགས་ཆེ་བྱས་ཏེ།གཞི་རིམ་ཅན་དང་གྲགས་རྟགས་ཅན་དུ་འགྱུར་རྒྱུར་དེ་བས་མཐོང་ཆེན་བྱས་ནས་ནུས་ཤུགས་ཡོད་རྒུས་གངས་ལྗོངས་གནའ་གྲོང་། གནས་མཆོག་ལྷ་ས་ཞེས་པའི་གྲགས་རྟགས་ཀྱི་སྐད་གྲགས་ཆོད་ཚད་ཆེ་རུ་བཏང་ཐོག ལྷ་སའི་རིག་གནས་ཀྱི་འཇམ་ཤུགས་དང་གྲོང་ཁྱེར་གྱི་ཡིད་དབང་འཕྲོག་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།
ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས་ཡོད། (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社