分享按钮

ཤ་གསར་ཟུར་སྡེ་ཁུལ་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པས་བོད་ཀྱི་འབྱུང་འགྱུར་འཕེལ་རྒྱས་ཀྱི་འཆར་གཞི་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་ཡོད་ལ། ལྷ་ས་གྲོང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པས་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མར་འབད་འབུངས་ཡར་བརྩོན་གྱི་ལོ་ལྔ་ཚན་བཅོ་ལྔ་པའི་སྐུལ་སློང་བཀའ་རྒྱ་བཏང་ཡོད། ཉིན་ཤས་བསྟུད་མར་བར་སྐོར་ཁྲོམ་གཞུང་ཤ་གསར་ཟུར་སྡེ་ཁུལ་གྱིས་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ལ་བརྟེན་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་ཤིག་ཕྱོགས་ཡོངས་ནས་འཕྱུར་བར་བྱས་ཤིང་། ཚང་མས་གཅིག་རྗེས་གཉིས་མཐུད་ངང་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་དང་དེ་བཞིན་ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ་དམ་པ་དོན་གཉེར་གྱི་འབད་འཐབ་ཐོག་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་བྱེད་པའི་ཚ་རླབས་ཤིག་འཕྱུར་བར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

སྡེ་ཁུལ་ནི་ཏང་དང་སྲིད་གཞུང་གིས་མང་ཚོགས་ལ་འབྲེལ་གཏུགས་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་མཐའ་མའི་འགག་གནད་ཅིག་ཡིན། བར་སྐོར་ཁྲོམ་གཞུང་ཤ་གསར་ཟུར་སྡེ་ཁུལ་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ། ལྷ་ས་གྲོང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་བཅས་ཀྱི་དགོངས་དོན་དེ་དམངས་ལ་ཞབས་འདེགས་ཞུ་བའི་ལག་ལེན་དང་མཉམ་འདྲེས་གཏིང་ཟབ་བྱས་ཏེ་ངོ་ཐུག་གདོང་འཕྲད་དང་གཅིག་སེམས་གཅིག་གཏད་ཀྱི་དམངས་ཕན་ཞབས་ཞུའི་བྱ་ཐབས་ལ་བརྟེན་ནས་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་དེ་མིག་མཐོང་ལག་ཟིན་ཐུབ་པའི་དམངས་འཚོའི་གྲུབ་འབྲས་སུ་འགྱུར་བར་བྱས་ཏེ་དངོས་སྒྲུབ་ཀྱི་གྲུབ་འབྲས་ཐོག་ནས་མང་ཚོགས་ཀྱི་རེ་སྒུག་ལ་ལན་འདེབས་རྒྱུ་རེད། བར་སྐོར་ཁྲོམ་གཞུང་ཤ་གསར་ཟུར་སྡེ་ཁུལ་གྱི་ཀུན་ཤེས་སྤྱི་ཚོགས་ལས་དོན་པ་བསྟན་འཛིན་སྒྲོལ་མས།རྒྱུན་གཏན་གྱི་ལས་དོན་ཁྲོད། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་དྲིལ་བསྒྲགས་པ་ཡག་པོ་ཞིག་བྱེད་དགོས་ལ།མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཞབས་ཞུ་བ་དེ་བས་ཡག་པོ་ཞིག་བྱས་ཏེ། མང་ཚོགས་ཀྱི་སྨན་བཅོས་དང་ལས་ཞུགས་སོགས་ཕྱོགས་ཁག་གི་དགོས་མཁོ་དངོས་ལ་དམིགས་ནས་དྲ་མིག་ཅན་གྱི་འཚམས་འདྲི་དང་དམངས་ཕན་ཞབས་ཞུའི་སྐར་ཁུང་མདུན་དུ་སྤོ་བ་སོགས་ཀྱི་བྱ་ཐབས་བརྒྱུད། བྱ་བ་དངོས་མང་ཚོགས་ཀྱི་བློ་ལ་བབ་པར་སྒྲུབ་པ་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་བྱ་རྒྱུ་དེ་དམངས་ལ་ཞབས་འདེགས་ཞུ་བའི་ལག་ལེན་དངོས་ཀྱི་ཁྲོད་མངོན་པར་བྱ་རྒྱུ་ཡིན་ཞེས་བཤད།

ཤ་གསར་ཟུར་སྡེ་ཁུལ་གྱིས་སྦྱོང་སྤྱོད་ཟུང་འབྲེལ་དང་ཤེས་སྤྱོད་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ་སློབ་སྦྱོང་གི་གྲུབ་འབྲས་དེ་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་དངོས་ལ་དངོས་འབྲེལ་འགྱུར་བར་བྱེད་པ། མང་ཚོཊ་ཀྱི་དཀལ་ངལ་དང་། སེམས་ཁྲལ། འཕྲལ་མཁོ། རེ་སྒུག་བཅས་ཀྱི་གནད་དོན་ལ་མུ་མཐུད་དེ་དམིཊ་ནས་དྲ་མིག་ཅན་གྱི་དོ་དམ་གཏིང་ཟབ་ཏུ་གཏོང་བ་དང་། ཞབས་ཞུ་ཞིབ་ཚཊ་སུ་གཏོང་བ། དེ་བཞིན་རྨང་གཞིའི་སྒྲིག་བཀོད་རིམ་སྤོར་སྒྱུར་བཀོད་དང་། མི་སྡོད་ཁོར་ཡུག་བཅོས་སྒྲིག འགལ་ཟླ་དང་རྩོད་གཞི་འདུམ་འགྲིག དམངས་ཕན་ཞབས་ཞུ་རིམ་སྤོར་སོགས་ཀྱི་ལས་དོན་ཁག་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ནས་དེ་བས་བློ་གྲོས་དང་། དེ་བས་ཁོང་ཡངས། དེ་བས་དྲོ་སྐྱིད་ལྡན་པ་བཅས་ཀྱི་སྡེ་ཁུལ་གྱི་ཁོར་ཡུག་ཧུར་ཐག་བཏོད་དེ་མི་རིགས་ཁག་གི་མང་ཚོཊ་ཀྱི་ཐོབ་སྣང་དེ་བས་ཕུན་སུམ་ཚོགས་པ་དང་། སྐྱིད་སྣང་དེ་བས་རྒྱུན་མཐུད། བདེ་འཇཊ་ཚོར་སྣང་དེ་བས་འགན་ལེན་བཅས་ཡོང་བར་བྱ་རྒྱུ་རེད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-05 6 6 拉萨日报藏文 c213125.html 1 ཤ་གསར་ཟུར་སྡེ་ཁུལ་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ། /enpproperty-->