分享按钮

གྲོང་ཁྱེར་གྱི་འགོ་ཁྲིད་བར་སྐོར་གནའ་གྲོང་དང་ཁྲེང་ཀོན་ཆུས་ཀྱི་གཙོ་གནད་ས་ཁོངས་སུ་བསྐྱོད་དེ་གྲོང་ཁྱེར་གྱི་ཟང་ཟིང་སྣང་ཚུལ་ལ་བརྟག་ཞིབ་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གྲོང་ཁྱེར་དོ་དམ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་སྐོར་གྱི་གྲོང་ཨུད་ཀྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཟླ་12ཚེས་2ཉིན་གྱི་དགོང་མོ། གྲོང་སྤྱི་གཞོན་པ་པ་སངས་རྡོ་རྗེ་དང་།ཀའོ་ཅུན་གྱིས་སྣེ་ཁྲིད་དེ་བར་སྐོར་གནའ་གྲོང་དང་ཁྲེང་ཀོན་ཆུས་ཀྱི་གཙོ་གནད་ས་ཁོངས་སུ་བསྐྱོད་དེ་གྲོང་ཁྱེར་དོ་དམ་ཁྲོད་ལྷག་པའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད།

བརྟག་ཞིབ་གནང་རིང་། པ་སངས་རྡོ་རྗེ་དང་བཅས་པ་སྔ་རྗེས་སུ་གླིང་སྐོར་བྱང་ལམ་དང་། ཕོ་བྲང་པོ་ཏ་ལའི་ས་ཁོངས། དེ་བཞིན་གནའ་གྲོང་ཁུལ་སོགས་གཙོ་གནད་ས་ཁོངས་སུ་ཕེབས་ནས་འཕྲུལ་སྒུལ་མིན་པའི་འཁོར་རིགས་གང་བྱུང་དུ་འཇོག་པ་དང་། ཟང་ཟིང་གསུམ་གྱི་སྣང་ཚུལ་སོགས་གྲོང་ཁྱེར་དོ་དམ་ཁྲོད་ལྷག་པའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ་དང་སྦྲགས། ཡུལ་དངོས་སུ་མཐུན་སྦྱོར་ཚོགས་འདུ་འཚོགས་ཏེ་གནད་དོན་གྱི་འགག་རྩ་རེ་རེ་བཞིན་གསལ་པོར་བཟོས་ནས་དཀའ་གནད་སེལ་གང་ཐུབ་བྱས་པ་རེད།

པ་སངས་རྡོ་རྗེས་འབྲེལ་ཡོད་ཚན་པར་བསམ་བློ་གཅིག་གྱུར་དང་། དམིགས་ཚད་གཅིག་གྱུར། བྱ་སྤྱོད་གཅིག་མཐུན་བཅས་ཡོང་བར་བྱས་ཏེ་བྱ་ཐབས་ནུས་ལྡན་སྤྱད་ནས་ཤེས་རྟོགས་བྱུང་བའི་གནད་དོན་ཐག་གཅོད་བྱས་ནས་འབེན་གཏད་གསོ་བཅོས་དང་། ཡོ་བསྲང་གནད་ལ་འཁེལ་བ། དག་ཐེར་མཐར་ཕྱིན་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། གནའ་གྲོང་དོ་དམ་ཨུ་ལྷན་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ལེང་ལྷན་དུ་ཕེབས་ཡོད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-05 6 6 拉萨日报藏文 c213126.html 1 གྲོང་ཁྱེར་གྱི་འགོ་ཁྲིད་བར་སྐོར་གནའ་གྲོང་དང་ཁྲེང་ཀོན་ཆུས་ཀྱི་གཙོ་གནད་ས་ཁོངས་སུ་བསྐྱོད་དེ་གྲོང་ཁྱེར་གྱི་ཟང་ཟིང་སྣང་ཚུལ་ལ་བརྟག་ཞིབ་གནང་བ། /enpproperty-->