分享按钮

2026ལོའི་གཞུང་ཞབས་པའི་ལས་གནས་ཀྱི(གདན་ཞུ)ཡིག་རྒྱུགས་ཀྱི་མིང་ཐོ་མ་བཀོད་གོང་།

ལྷ་ས་གྲོང་ཁྱེར་གྱི་རིགས་ལྔའི་མི་སྣས་གཞུང་ཞབས་པའི་ལས་གནས་ཀྱི་སློབ་ཆེན་ཐོན་པའི་སློབ་མའི་ཐོ་འགོད་ལས་དོན་ལེགས་སྒྲུབ་བྱེད་དགོས།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པར་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་ཀྱི་2026ལོའི་སློབ་ཆེན་ཐོན་པའི་སློབ་མ་ཡོངས་བསྒྲགས་ངང་གཞུང་ཞབས་པར་བསྡུ་བའི་ཡིག་རྒྱུགས་ཀྱི་དྲ་ཐོག་ནས་མིང་ཐོ་འགོད་པའི་ལས་དོན་དེ་2025ལོའི་ཟླ་12ཚེས་7ཉིན་ནས་སྤེལ་འགོ་ཚུགས་རྒྱུ་དང་། ཟླ་12ཚེས་7ཉིན་གྱི་གོང་། རང་གྲོང་གི་བོད་ཀྱི་སྔོན་གཤེགས་དཔའ་བོའི་བུ་ཕྲུག་སོགས་རིགས་ལྔའི་མི་སྣས་གཞུང་ཞབས་ལས་གནས་ཀྱི་སློབ་ཆེན་ཐོན་པའི་སློབ་མའི་ཐོ་འགོད་སྙན་སེང་ལས་དོན་ལེགས་སྒྲུབ་བྱེད་དགོས་པ་དང་དུས་ཚོད་ཡོལ་རྗེས་བདག་སྤྲོད་བྱེད་ཀྱི་མེད།

ལྷ་ས་གྲོང་ཁྱེར་གྱི་2026ལོའི་གཞུང་ཞབས་པའི་ལས་གནས་ཡོངས་བསྒྲགས་ངང་བསྡུའི་བའི(གདན་ཞུ)སློབ་ཆེན་ཐོན་པའི་སློབ་མ་ཐོ་འགོད་བྱེད་པའི་དུས་ཚོད་ནི་2025ལོའི་ཟླ་10ཚེས་15ཉིན་ནས་2026ལོའི་བར་གྱི་གཞུང་ཞབས་པའི་ལས་གནས་ཀྱི་རྒྱུགས་བསྡུའི་ཡིག་རྒྱུགས་མིང་ཐོ་མ་བཀོད་གོང(ཁྲིམས་གཏན་འཁེལ་བའི་དུས་ཆེན་དང་ངལ་གསོའི་ཉིན་མོ་དང་གཟའ་མཇུག་ཚུད་མེད)ཡིན་པ་དང་། ལས་དོན་སྒྲུབ་པའི་དུས་ཚོད་ནི་སྔ་དྲོའི་ཆུ་ཚོད་09:30ནས་13:00བར་དང་ཕྱི་དྲོའི་ཆུ་ཚོད་15:30ནས་18:00བར་ཡིན་པ་རེད། ཐོ་འགོད་སྙན་སེང་བྱ་ཡུལ་དེ་ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་མི་དོན་ཡིག་རྒྱུགས་ལྟེ་གནས་ཀྱི་གཞུང་ལས་ཁང་གི་སྒོ་རྟགས་404(ཁྲེང་ཀོན་ཆུས་དོག་སྡེ་ལམ་ཨང་3པ)ནང་དུ་བཀོད་སྒྲིག་བྱས་ཡོད། ད་ཐེངས་ཀྱི་ཐོ་འགོད་སྙན་སེང་དེ་གཙོ་བོ་རིགས་ལྔའི་མི་སྣར་ཕྱོགས་པ་སྟེ། བོད་དུ་ལས་ཀ་བྱེད་པ་དང་། སྒྲིག་ཁོངས་སུ་ཡོད་པ། ལས་གནས་ཐོག་ཡོད་པའི་ལས་ཁུངས་དང་བྱ་གཞག་ཚན་པའི་ལས་བྱེད་པ་དང་ལས་བཟོ་བ་དང་དེ་བཞིན་བོད་སྡོད་དཔུང་སྡེའི་དངོས་ཞབས་དམག་དཔོན་དང་དང་བླངས་དམག་མིའི་བཟའ་ཟླ་དང་བུ་ཕྲུག་ཡིན་པ་རེད། རང་སྦྱོང་རྒྱུགས་ལེན་དང་དར་མའི་སློབ་གསོ་སོགས་རྒྱལ་དམངས་སློབ་གསོའི་རྣམ་པ་བརྒྱུད་དེ་རྒྱལ་ཁབ་ཀྱི་སློབ་རྒྱུས་ཁས་ལེན་ཐོབ་པའི་རང་ལྗོངས་ཀྱི་སློབ་ཁུངས་ཡིན་པའི་སློབ་ཐོན་སློབ་མ་དང་། ཐོ་འགོད་རྒྱུགས་སྤྲོད་ཀྱི་ཆ་རྐྱེན་དང་མཐུན་པ་དང་དམག་ཞབས་ཐིམ་པའི་རང་ལྗོངས་ཀྱི་སློབ་ཁུངས་ཡིན་པའི་སློབ་ཆེན་སློབ་མ། དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མི། བོད་ཀྱི་སྔོན་གཤེགས་དཔའ་བོའི་བུ་ཕྲུག དེ་བཞིན་བོད་ཀྱི་ཐེམ་ཐོ་དང་བོད་ནས་མཐོ་རིམ་སློབ་འབྲིང་ཐོན་ཡང་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་གཞན་གྱི་མཐོ་རྒྱུགས་ནང་ཞུགས་མཁན་སློབ་ཆེན་ཐོན་པའི་སློབ་མ་བཅས་ཡིན།

ཐོ་འགོད་སྙན་སེང་ཞུ་མཁན་གྱིས་རང་ངོས་ཀྱི་ལས་རིགས་ལ་གཞིགས་ནས་མི་སྒེར་གྱི་རེ་ཞུ་དང་། སློབ་རྒྱུས་ངོ་སྤྲོད། ཐོབ་ཐང་དང་དེ་བཞིན་ཐེམ་ཐོའི་ངོ་སྤྲོད། འབྲེལ་ཡོད་ཀྱི་ངོ་སྤྲོད(དཔེར་ན་གཉེན་སྒྲིག་ལག་ཁྱེར་དང་ཕྲུ་གུ་སྐྱེས་པའི་སྨན་ཁང་གི་ངོ་སྤྲོད)དམ་ཡང་ན་སྒྲིག་ཁོངས་སུ་ཡོད་པའི་ལས་གནས་ངོ་སྤྲོད་སོགས་ཀྱི་དཔྱད་གཞིའི་མ་ཡིག་དང་དེ་བཞིན་དཔར་མ་དམིགས་འཛུགས་ས་གནས་སུ་གཉེར་བར་སྐྱེལ་དགོས། ལས་དོན་པས་དྲན་སྐུལ་བྱས་དོན། བོད་ཀྱི་སློབ་ཁུངས་སུ་མཐོ་རྒྱུགས་དཀྱུས་མ་བཏང་ནས་བསྡུས་པའི་ལོ་གོང་མ་དང་ལོ་འདི་གའི་སློབ་ཆེན་ཐོན་པའི་སློབ་མ་དང་དེ་བཞིན་དེ་སྔ་ཐོ་འགོད་བྱས་པའི་ཆ་རྐྱེན་འཛོམས་པའི་མི་སྣས་བསྐྱར་ཟློས་བྱེད་མི་དགོས་ཤིང་། ཞིབ་ཕྲའི་གནས་ཚུལ་འདྲི་རྩད་བྱེད་དགོས་ན་ཁ་པར་ཨང་གྲངས་0891—6861374ལ་བརྒྱབ་ནས་བཀའ་འདྲི་ཞུས་ཆོག

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-05 2026ལོའི་གཞུང་ཞབས་པའི་ལས་གནས་ཀྱི(གདན་ཞུ)ཡིག་རྒྱུགས་ཀྱི་མིང་ཐོ་མ་བཀོད་གོང་། 6 6 拉萨日报藏文 c213124.html 1 ལྷ་ས་གྲོང་ཁྱེར་གྱི་རིགས་ལྔའི་མི་སྣས་གཞུང་ཞབས་པའི་ལས་གནས་ཀྱི་སློབ་ཆེན་ཐོན་པའི་སློབ་མའི་ཐོ་འགོད་ལས་དོན་ལེགས་སྒྲུབ་བྱེད་དགོས། /enpproperty-->