ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་12ཚེས་1ཉིན། གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་2025ལོའི་ཤེས་ལྡན་པ་དང་རིག་སྟོབས་རོགས་སྐྱོར་གྱི་རྩལ་ནུས་ཤེས་ལྡན་པ་ཕྱི་ཕྱོགས་སུ་སྐྱོད་པའི་གསོ་སྦྱོང་གི་སྐུལ་སློང་ཚོགས་འདུ་འཚོགས་ཤིང་། ལོ་འཁོར་གསར་པའི་རྩལ་ནུས་ཤེས་ལྡན་པ་ཕྱིར་སྐྱོད་པའི་གསོ་སྦྱོང་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད།
ཚོགས་འདུའི་ཐོག་ནན་གསུངས་གནང་དོན། སློབ་སྦྱོང་དང་བསམ་བློ་གཏོང་མཁས་པའི་གདོང་དམག་ཡག་པོ་ཞིག་བྱེད་དགོས། དེ་ཡང་ཤེས་བྱ་སློབ་གཉེར་གྱི་རྣམ་འགྱུར་ཐོག་ནས་རྩལ་ནུས་སློབ་སྦྱོང་ཡག་པོ་བྱེད་པ་དང་། ལག་རྩལ་དང་ས་གནས་དེ་གའི་དོན་དངོས་ལ་འཚམ་པའི་ཐོག་ནས་རང་འགུལ་ངང་སྤེལ་རེས་དང་གྲོས་བསྡུར་བྱེད་པ། སྔོན་ཐོན་གྱི་བྱ་ཐབས་དང་གསར་གཏོད་ཀྱི་བསམ་ཕྱོཊ་ལ་གོ་བ་གཏིང་ཟབ་ལེན་པ་བཅས་བྱེད་དགོས། སྒྲིག་ལམ་ནན་སྲུང་བྱེད་པའི་དཔེ་སྟོན་པ་ཡག་པོ་ཞིག་བྱེད་དགོས་ཤིང་། གསོ་སྦྱོང་གི་བཀོད་སྒྲིག་ལ་བརྩི་སྲུང་ནན་པོ་ཞུས་ནས་མཐུན་སྒྲིལ་རོགས་རེས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་ས་གནས་དེ་གའི་རིག་གནས་གོམས་སྲོལ་ལ་བརྩི་འཇོག་བྱས་ཏེ་ལྷ་སའི་རྩལ་ནུས་ཤེས་ལྡན་པའི་གཟུཊ་བརྙན་བཟང་པོ་མངོན་པར་བྱེད་དགོས། སྦྱངས་པ་གོ་ཆོད་ཀྱི་ལག་ལེན་པ་ཡག་པོ་ཞིག་བྱེད་དགོས་ཤིང་། ལས་འགན་ཕྲག་ཐོག་ཏུ་ཁུར་ནས་གྲུབ་འབྲས་ཐོན་པའི་དམིཊ་ཚད་བློ་ལ་བརྟན་པོར་ངེས་ཏེ་རྩལ་ནུས་བྱང་ཆུབ་པར་སྤྱོད་པ་དང་གསོ་སྦྱོང་གི་མྱོང་ཚོར་མཉམ་སྤྱོད་བྱས་ཏེ་གསོ་སྦྱོང་གི་གྲུབ་འབྲས་དང་ས་གནས་དེ་གའི་ཐོན་ལས་ཀྱི་དགོས་མཁོ་ཟུང་འབྲེལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས།
ཕྱིས་འབྱུང་། གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་རྩལ་ནུས་ཤེས་ལྡན་པའི་གསོ་སྦྱོང་ལ་དམིགས་ཏེ། ཅང་སུའུ་སོགས་ས་ཁུལ་གྱི་བོད་སྐྱོར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་ ཐོན་ལས་ཆེན་པོ་དགུ་དང་གྲངས་འཛིན་དཔལ་འབྱོར་གྱི་ཤེས་ལྡན་པའི་དགོས་མཁོར་དམ་པོར་དམིགས་པ། གསོ་སྦྱོང་གི་བརྒྱུད་རིམ་ཧྲིལ་པོའི་ཞབས་ཞུའི་འགན་ལེན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གསོ་སྦྱོང་གི་གྲུབ་འབྲས་ལས་ཞུགས་ཀྱི་དངོས་ཕན་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ལྷ་སའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་གོ་ཆོད་པའི་རྩལ་ནུས་ཤེས་ལྡན་པ་དེ་བས་མང་བ་སྐྱེད་སྲིང་བྱ་རྒྱུ་རེད།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社