分享按钮

གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གིས་འགྲིམ་འགྲུལ་བདེ་འཇགས་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་12ཚེས་2ཉིན། གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གིས་ལོ་འཁོར་འདིའི་རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཉིན་མོའི་གཙོ་དོན་ལ་དམ་པོར་དམིགས་ནས་ཁྲེང་ཀོན་ཝན་ཏཱ་ཐང་ཆེན་དུ་འགྲིམ་འགྲུལ་བདེ་འཇགས་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ་རྣམ་པ་ཧ་ཅང་འཁྲུག་པོ་ཡོད་པ་དང་མི་དམངས་ཉེན་རྟོག་པས་རྣམ་པ་སྣ་ཚོགས་བརྒྱུད།འགྲོ་འོང་བྱེད་མཁན་མང་ཚོགས་ལ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་བ་རེད། ཞིབ་ཚགས་ངང་བཟོས་པའི་དྲིལ་བསྒྲགས་དཔྱད་ཡིག་སྤྲད་པར་མ་ཟད། ད་དུང་གྲོང་མི་དང་མཉམ་དུ་དྲི་བར་ལན་བཏབ་རེས་བྱས་ཏེ་འགྲིམ་འགྲུལ་བདེ་འཇགས་ཀྱི་གཙོ་གནད་ལ་གསོན་ཉམས་དོད་པོས་འགྲེལ་བཤད་བརྒྱབ་པ་རེད།

གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གྲོང་ལྷོ་རུ་ཆེན་གྱི་ཉེན་དོན་ལག་རྩལ་རིམ་པ་གསུམ་པའི་དོ་དམ་པ་ཧྥང་རེན་གྱིས་ང་ཚོས་གཅིག་སྡུད་དྲིལ་བསྒྲགས་བྱས་པ་བརྒྱུད། དམངས་ཡོངས་ཀྱི་འགྲིམ་འགྲུལ་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་དང་སྤྱི་ཚོགས་ཀྱི་མཉམ་ཤུགས་གཅིག་སྒྲིལ་བྱས་ནས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་རྒྱུའི་རེ་བ་ཡོད། རྗེས་མར་ངེད་རུ་ཆེན་གྱིས་ཡ་རབས་འགྲིམ་འགྲུལ་སྤྱི་ཡོངས་སུ་ཁྱབ་ཅེས་པའི་གཙོ་དོན་ལ་དམ་པོར་དམིགས་ཏེ་སློབ་གྲྭ་དང་སྡེ་ཁུལ་དུ་བསྐྱོད་ནས་གནད་སྨིན་དྲིལ་བསྒྲགས་སློབ་གསོ་གཏོང་བ་དང་། འགྲིམ་འགྲུལ་གྱི་གོམས་གཤིས་ངན་པར་ཞིབ་བཤེར་ནན་པོ་བྱེད་པ། བདེ་འཇགས་འདུ་ཤེས་མི་སེམས་སུ་འཇགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་གྲོང་མི་བདེ་འཇགས་ངང་ཕྱིར་སྐྱོད་རྒྱུར་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-05 6 6 拉萨日报藏文 c213122.html 1 གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གིས་འགྲིམ་འགྲུལ་བདེ་འཇགས་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ། /enpproperty-->