分享按钮

གྲོང་ཁྱེར་སྲིད་གྲོས་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་གཅིག་སྡུད་སློབ་སྦྱོང(རྒྱ་ཆེ)ཚོགས་འདུ་འཚོགས་པ།

(པར་ངོས་དང་པོར་མཐུད)སྲིད་གྲོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་བ། སྲིད་གྲོས་ཨུ་ཡོན་རིགས་ཁོངས་དང་གཞི་རིམ་དུ་བསྐྱོད་རྒྱུར་ཁྲིད་སྟོན་བྱེད་པ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་གི་དགོངས་པ་སྒྲོག་འགྲེལ་ཧུར་ཐག་བྱེད་པ། ཁྲིམས་སྐྱོང་གི་འདུ་ཤེས་མི་སེམས་སུ་དེ་བས་འཇགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

ཚོགས་འདུའི་ཐོག རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་གྲོང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་ལ་ཆབ་སྲིད་ཀྱི་རང་བཞིན་དང་། གལ་ཆེའི་འཐབ་ཇུས་རང་བཞིན། གཏིང་ཟབ་པའི་མཛུབ་ཁྲིད་རང་བཞིན་བཅས་ཆེན་པོ་ལྡན་ཡོད་པས་གྲོང་ཁྱེར་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱིས་ངེས་པར་དུ་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་། གོ་བ་གཏིང་ཟབ་ལེན་པ། ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ། མིག་སྔ་དང་སླད་ཕྱིན་གྱི་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་རྒྱུན་དུ་སློབ་སྦྱོང་དང་། རྒྱུན་དུ་དམ་འཛིན། རྒྱུན་དུ་ལག་ལེན་བཅས་བྱེད་དགོས་པར་མ་ཟད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་ལས་དོན་ཇུས་འགོད་ཀྱི་ཚན་རིག་དང་མཐུན་པའི་བསམ་ཕྱོགས་དང་། ལས་དོན་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་ནུས་ལྡན། རང་འགན་གཙང་སྒྲུབ་ཀྱི་བྱ་སྤྱོད་དངོས་བཅས་སུ་འགྱུར་བར་བྱེད་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་བྱ་ཆེད་མི་སེམས་གཅིག་སྒྲིལ་དང་། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ། བློ་གྲོས་གཅིག་སྒྲིལ། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ་ལོ་ལྔ་ཚན་བཅོ་ལྔ་པའི་རིང་ལྷ་སས་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་ཆེད་སྲིད་གྲོས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་ནན་གསུངས་གནང་ཡོད།

གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་ཟླ་བ་དང་། སུང་ལིའུ་ཀྲུའུ། ཧན་ཡུན་ཧྲོན་བཅས་དང་དེ་བཞིན་དྲུང་ཆེ་ཙོའུ་ཡུས་མིང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-05 6 6 拉萨日报藏文 c213121.html 1 གྲོང་ཁྱེར་སྲིད་གྲོས་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་གཅིག་སྡུད་སློབ་སྦྱོང(རྒྱ་ཆེ)ཚོགས་འདུ་འཚོགས་པ། /enpproperty-->