分享按钮

རྫོང་རྒྱབ་ཀླུ་ཁང་དུ་ཁྲིམས་སྐྱོང་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བར་གྲོང་མིའི་གདེང་འཇོག་བཟང་པོ་ཐོབ་པ།

(པར་ངོས་གཉིས་པར་མཐུད)སྙན་འཇེབས་ལྡན་པའི་འགྱུར་ཁུག་དང་མཉེན་ཆ་དོད་པའི་གར་སྟབས་ལས་མང་ཚོགས་ཀྱིས་ཁྲིམས་སྐྱོང་འཛུགས་སྐྱོང་ལ་བཅངས་པའི་རེ་བ་ཆེན་པོ་མཚོན་པར་བྱས་པ་མ་ཟད། མངོན་མིན་རིག་གནས་ཤུལ་བཞག་གི་གཞི་རྒྱུ་མཉམ་འདྲེས་བྱས་པ་དེས་འཁྲབ་སྟོན་ལ་དེ་བས་ཡིད་དབང་འཕྲོག་ཤུགས་ལྡན་པར་བྱས་ཡོད།

ད་ཐེངས་ཀྱི་འཁྲབ་སྟོན་ནང་རྩ་ཁྲིམས་ཤེས་བྱ་དང་མི་རིགས་རིག་གནས་མཉམ་འདྲེས་གཏིང་ཟབ་བྱས་ཡོད། ཁྲིམས་སྐྱོང་གི་འཁྲབ་ཚན་ཐུང་གྲས་དང་། གླུ་གར་འཁྲབ་སྟོན། འཁྲབ་ཚན་ཐུང་གྲས་སོགས་ལེ་ཚན་གྱི་རྣམ་པའི་ཐོག་ནས་གྲོང་མི་མང་ཚོགས་ཚོས་དགའ་སྤྲོའི་ཁྲོད་དུ་ཁེ་དབང་དང་འོས་འགན་ཤེས་རྟོགས་ཐུབ་པར་བྱས་ཡོད། དྲི་བར་ལན་འདེབས་པའི་མཉམ་འགུལ་གྱི་ལྷུ་ཚིགས་ཁྲོད་སྐད་རིགས་གཉིས་ཀྱི་ཁྲིམས་སྐྱོང་ལག་དེབ་དང་དྲན་རྟེན་དངོས་པོ་གྲ་སྒྲིག་བྱས་ཡོད་པ་དང་། ཡུལ་དངོས་སུ་ད་དུང་ཚན་པ་30ལྷག་ཙམ་གྱིས་བཅའ་ཁྲིམས་བློ་འདྲིའི་ཞབས་ཞུ་བསྒྲུབས་ཡོད། ཁྲིམས་འཛིན་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། དམངས་སྲིད་སོགས་སྡེ་ཚན་གྱི་ལས་བྱེད་པས་ཞབས་ཞུའི་སྟེགས་བུ་བཙུགས་ནས་མང་ཚོགས་ཀྱི་དོགས་གནད་བསལ་ཡོད། རྒན་རྒོན་གྱི་ཁེ་དབང་སྲུང་སྐྱོང་དང་ངལ་རྩོལ་རྩོད་གཞི་འདུམ་འགྲིག་སོགས་གླེང་མང་བའི་གནད་དོན་ལ་དམིགས་ནས་ལས་དོན་པས་དཔེ་མཚོན་གྱི་གྱོད་དཔེ་དང་ཟུང་འབྲེལ་བྱས་ཏེ་གསལ་འགྲེལ་ཞིབ་ཚགས་བྱས་པ་དང་འབྲེལ།ཡུལ་དངོས་སུ་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་དཔྱད་ཡིག་སྤྲད་ཡོད།

གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱི་ལས་དོན་པ་བསྟན་འཛིན་གྱིས། ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་རྩ་ཁྲིམས་ཀྱི་ཤེས་བྱ་ཕྱོགས་ཡོངས་ནས་ཁྱབ་གདལ་དུ་གཏོང་བ་དང་། རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། རྩ་ཁྲིམས་ཀྱི་དབང་གྲགས་ལ་སྲུང་སྐྱོང་བཅས་ཐུབ་ནས་རང་གྲོང་གི་མི་རིགས་ཁག་གི་མང་ཚོགས་ལ་རྩ་ཁྲིམས་དེ་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་ཆེན་པོ་ཡིན་པའི་གནས་བབ་དང་ནུས་པར་ངོས་འཛིན་གཏིང་ཟབ་ཐུབ་རྒྱུར་ཁྲིད་སྟོན་བྱས་ཡོད་ལ། རྩ་ཁྲིམས་ཀྱི་འདུ་ཤེས་དང་། ཁྲིམས་སྐྱོང་གི་འདུ་ཤེས། སྤྱི་དམངས་ཀྱི་འགན་འཁྲིའི་བསམ་པ་བཅས་ཟབ་ཏུ་བཏང་ནས་རྩ་ཁྲིམས་ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་མི་སེམས་ལ་གཏིང་ཟབ་འཇགས་པར་བྱས་ཡོད།

(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-05 6 6 拉萨日报藏文 c213120.html 1 རྫོང་རྒྱབ་ཀླུ་ཁང་དུ་ཁྲིམས་སྐྱོང་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བར་གྲོང་མིའི་གདེང་འཇོག་བཟང་པོ་ཐོབ་པ། /enpproperty-->