分享按钮

སེ་ར་དགོན་གྱིས་རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར་གྱི་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་གཏིང་ཟབ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་12ཚེས་2ཉིན།སེ་ར་དགོན་པས་གྲྭ་དམངས་120ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་དང་།དྲིལ་བསྒྲགས། ལག་བསྟར་བཅས་བྱས་ནས་རྩ་ཁྲིམས་མི་སེམས་ལ་གཏིང་ཟབ་ཟུག་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་པ་གཙོ་དོན་དུ་བྱས་པའི་12.4རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་སྤེལ་བ་རེད།

ད་ཐེངས་ཀྱི་བྱེད་སྒོའི་ནང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དྲིལ་བསྒྲགས་བྱེད་པའི་ལྟེ་བའི་དོན་སྙིང་ལ་དམིགས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ། གྲོང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་བཅས་ཀྱི་དགོངས་དོན་ལ་གསལ་འགྲེལ་གཏིང་ཟབ་བྱས་ཏེ།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》སོགས་འབྲེལ་ཡོད་ནང་དོན་ལ་དམིགས་ནས་བརྒྱུད་རིམ་ལྡན་པའི་སྒྲོག་འགྲེལ་དང་སློབ་སྦྱོང་བྱས་པ་རེད།དེའི་དམིགས་ཡུལ་ནི་རྒྱ་ཆེའི་གྲྭ་དམངས་ཀྱི་རྒྱལ་ཁབ་ཀྱི་འདུ་ཤེས་དང་།སྤྱི་དམངས་ཀྱི་འདུ་ཤེས།ཁྲིམས་སྐྱོང་གི་འདུ་ཤེས་བཅས་སྔར་བས་ཟབ་ཏུ་བཏང་ནས།ཆོས་ལུགས་བྱེད་སྒོ་ཁྲིམས་སྐྱོང་གི་ལམ་སྲོལ་ཐོག་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་བ་དང་། བསྟན་དོན་ལམ་ལྷོངས་དང་སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད།

བྱེད་སྒོ་སྤེལ་རིང་།སེ་ར་དགོན་གྱིས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་དངོས་ཡོད་གནས་ཚུལ་གཞིར་བཟུང་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་སྒོ་སྣ་ཚོགས་སྤེལ་ཡོདཔ་སྟེ།དྲིལ་བསྒྲགས་ཀྱི་འཕྲེད་འགེལ་སྦྱར་ཡིག་འགེལ་བ་དང་།ཁྲིམས་ལུགས་ཁྱབ་གདལ་གྱི་དཔྱད་གཞིའི་ཡིག་རིགས་སྤྲོད་པ།བཅའ་ཁྲིམས་བློ་འདྲི་མཁོ་འདོན་བྱེད་པ།དེ་བཞིན་ཆེད་དོན་སྒྲོག་འགྲེལ་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད།གྲྭ་དམངས་ཚོས་རྩ་ཁྲིམས་དེ་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་ཆེན་མོའི་གནས་བབ་གལ་ཆེན་དུ་བརྩི་རྒྱུར་ཁྲིད་སྟོན་བྱས་ཏེ།དུས་རབས་གསར་པའི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་སྤྱིའི་བླང་བྱ་དང་གཙོ་གནད་ལས་འགན་ཁོང་དུ་ཡང་དག་ཆུད་པར་བྱས་ཡོད།

སེ་ར་དགོན་སྡེ་དོ་དམ་ཨུ་ལྷན་དྲིལ་བསྒྲགས་སློབ་གསོ་ཁྲུའི་ཁྲུའུ་ཀྲང་བསོད་ནམས་ཚེ་རིང་གིས་འདི་ལོའི་དྲིལ་བསྒྲགས་བྱེད་སྒོ་ཡག་པོ་སྤེལ་ཆེད།སེ་ར་དགོན་སྡེ་དོ་དམ་ཨུ་ལྷན་གྱིས་སྔ་སྣུར་དུ་ཇུས་འགོད་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ་དྲིལ་བསྒྲགས་ཇུས་གཞི་ཞིབ་འཇུག་བྱས་ནས་བཟོས་ཡོད།ཕྱིས་འབྱུང་།ཆོས་ལུགས་ལས་རིགས་ཀྱི་འདུ་ཤེས་གསུམ་གྱི་སློབ་སྦྱོང་སློབ་གསོའི་བྱེད་སྒོ་མུ་མཐུད་དེ་གཏིང་ཟབ་སྤེལ་ནས་དགེ་འདུན་པའི་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། རྒྱ་ཆེའི་དགེ་འདུན་པས་ཁྲིམས་སྲུང་སྡོམ་སྲུང་དང་ཆོས་ལུགས་བཅོས་སྐྱོང་ནན་པོ་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་ཆོས་ལུགས་ཞི་མཐུན་དང་། བསྟན་དོན་ལམ་ལྷོངས།དགོན་སྡེ་ཞི་མཐུན་བཅས་ཡོང་ཆེད་ཁྲིམས་སྐྱོང་གི་རྨང་གཞི་ཡག་པོ་འདིང་རྒྱུ་ཡིན་ཞེས་བཤད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-05 6 6 拉萨日报藏文 c213116.html 1 སེ་ར་དགོན་གྱིས་རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར་གྱི་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་གཏིང་ཟབ་སྤེལ་བ། /enpproperty-->