ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་12ཚེས་2ཉིན།རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་ཐལ་མོའི་རྡེབ་སྒྲ་དང་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། ལྷ་ས་གྲོང་ཁྱེར་གྱི་2025ལོའི་རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར་དང་སྐལ་བཟང་མེ་ཏོག་ཅེས་པའི་ཁྲིམས་སྐྱོང་གཞི་རིམ་དུ་སྤེལ་བའི་རིག་རྩལ་འཁྲབ་སྟོན་དེ་གར་བྱས་ཡོད། ད་ཐེངས་ཀྱི་བྱེད་སྒོས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱས་ནས་རྩ་ཁྲིམས་མི་སེམས་ལ་གཏིང་ཟབ་འཇགས་པར་སྐུལ་འདེད་གཏོང་དགོས་ཞེས་པ་གཙོ་དོན་དུ་བྱས་ཏེ། རྩ་ཁྲིམས་ཀྱི་དགོངས་དོན་དང་གངས་ལྗོངས་རིག་གནས་མཉམ་འདྲེས་བྱས་ནས་གྲོང་མི་ཚོར་མང་ཚོགས་དང་འབྲེལ་འདྲིས་ཟབ་ལ་དྲོ་སྐྱིད་ལྡན་པའི་ཁྲིམས་སྐྱོང་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད།
བྱེད་སྒོ་སྤེལ་ཡུལ་དུ《འབྲི་གཡག་རྩོད་གཞི་ལས་བརྩེ་བ་ངོ་མ་མངོན》དང《འཇའ་ཚོན་གྱི་གུར》སོགས་ཁྲིམས་སྐྱོང་རྣམ་པའི་ལེ་ཚན་བསྟུད་མར་འཁྲབ་སྟོན་བྱས་ཡོད། འཁྲབ་སྟོན་པ་ཚོས་འཚོ་བའི་འཁྲབ་ཚིག་དང་རྒྱུས་མངའ་ཆེ་བའི་རྣམ་པར་བརྟེན་ནས་ཞིང་པ་ལས་མིའི་གླ་ཆ་ལེན་པ་དང་ཁྱིམ་མཚེས་དབར་གྱི་རྩོད་གཞི་སོགས་ཀྱི་ཁྲིམས་སྐྱོང་གཏམ་རྒྱུད་གསོན་ཉམས་དོད་པོས་འཁྲབ་སྟོན་བྱས་ཏེ།སྤྱི་མཚན་དུ་གྱུར་པའི་བཅའ་ཁྲིམས་ཀྱི་དོན་ཚན་དག་གསོན་ཉམས་དོད་ལ་མི་རྣམས་ཡིད་དབང་འཕྲོག་པའི་ཟློས་གར་གྱི་ནང་དོན་དུ་བསྒྱུར་ཡོད། དེའི་རྗེས་མི་རིགས་ཀྱི་གླུ་གར་རེས་མོས་ངང་འཁྲབ་སྟོན་བྱས་ཤིང་།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社