分享按钮

རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་གསང་ཡིབ་སྡེ་ཁུལ་དུ་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་ལས་ཐོག་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ལྷ་ས་གྲོང་ཁྱེར་དོག་སྡེ་ཁྲོམ་གཞུང་གསང་ཡིབ་སྡེ་ཁུལ་དུ་བསྐྱོད་དེ་དང་བླངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་མཛེས་སྡུག་ལྡན་པའི་སྤྱི་ཚོགས་མཉམ་དུ་གཏད་ཅེས་པ་གཙོ་དོན་དུ་བྱས་པའི་དྲོ་སྐྱིད་སྦྱིན་པ་དང་ཞལ་འདེབས་འབུལ་བའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་12·5རྒྱལ་སྤྱིའི་དང་བླངས་པའི་ཉིན་མོར་བསུ་བ་ཞུས་པ་རེད།

བྱེད་སྒོའི་ཁྲོད། ཏང་ཡོན་ལས་བྱེད་པ་ཚོས་གྲ་སྒྲིག་ཞིབ་ཚགས་བྱས་པའི་བྱིས་པའི་དཔེ་དེབ་དང་། རི་མོའི་ཡོ་བྱད། དཔེ་ཁུག་དང་ཡིག་ཆས་སོགས་དངོས་ཟོག་དག་གསང་ཡིབ་སྡེ་ཁུལ་གྱི་བྱིས་པ་མངགས་བཅོལ་དོ་དམ་སུའོ་ལ་ཞལ་འདེབས་བརྒྱབ་ནས་སྡེ་ཁུལ་གྱི་ཕྲུ་གུ་ཚོར་དྲོ་སྐྱིད་ལྡན་པའི་ཐུགས་ཁུར་དང་རོགས་རམ་ཏན་ཏིག་བྱས་པ་རེད།

ཞལ་འདེབས་འབུལ་བའི་མཛད་སྒོ་མཇུག་འགྲིལ་རྗེས། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གི་ཏང་ཡོན་ལས་བྱེད་པ་དང་སྡེ་ཁུལ་གྱི་ལས་དོན་མི་སྣས་མངགས་བཅོལ་དོ་དམ་སུའོ་ཡི་ད་ལྟའི་གནས་ཚུལ་དང་འཕེལ་རྒྱས་ལ་དམིགས་ནས་བཞུགས་མོལ་སྤེལ་རེས་བྱས་པ་རེད། སྡེ་ཁུལ་གྱི་ལས་དོན་མི་སྣས་མངགས་བཅོལ་དོ་དམ་སུའོ་ཡི་འཛུགས་སྐྲུན་གྱི་གནས་ཚུལ་དང་དེ་བཞིན་རྗེས་མཐུད་གཉེར་སྐྱོང་གི་འཆར་འགོད་ངོ་སྤྲོད་བྱས་པ་དང་། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གི་ཏང་ཡོན་ལས་བྱེད་པས་རང་ངོས་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ཏེ། མངགས་བཅོལ་དོ་དམ་སུའོ་ཡི་ཚད་ལྡན་དོ་དམ་དང་། སྒྲིག་བཀོད་འཐུས་ཚང་། ཞབས་ཞུ་ལེགས་གཏོང་སོགས་ཀྱི་ཐད་ལག་ལེན་བསྟར་འཐུས་ཀྱི་གྲོས་འགོ་བཏོན་ནས་སྡེ་ཁུལ་གྱི་སྤྱི་པའི་རིག་གནས་སྒྲིག་བཀོད་འཛུགས་སྐྲུན་ལ་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་བ་རེད།

རྗེས་མར། བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་བཅའ་སྡོད་བྱ་ཡུལ་སྡེ་ཁུལ་དང་མཉམ་འགུལ་བྱེད་ཤུཊ་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། མང་ཚོཊ་ཀྱི་དགོས་མཁོར་དམ་པོར་དམིགས་པ། དང་བླངས་ཞབས་ཞུ་རྒྱ་ཁྱབ་ངང་སྤེལ་བ་བཅས་བྱས་ནས་དང་བླངས་པའི་སྙིང་སྟོབས་དེ་མཛེས་སྡུག་ལྡན་པའི་སྤྱི་ཚོཊ་མཉམ་སྐྲུན་བྱེད་པའི་འཕེལ་རིམ་ཁྲོད་མུ་མཐུད་འོད་སྣང་དང་ནུས་པ་འདོན་ཐུབ་པར་བྱ་རྒྱུ་རེད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-04 6 6 拉萨日报藏文 c213109.html 1 རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་གསང་ཡིབ་སྡེ་ཁུལ་དུ་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ། /enpproperty-->