ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་རང་སྐྱོང་ལྗོངས་ཁྲིམས་ལུགས་ཁྱབ་གདལ་གཞུང་དོན་ཁང་གིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་རང་སྐྱོང་ལྗོངས་ཀྱི་སྐབས་དང་པོའི་སྐལ་བཟང་མེ་ཏོག་ཁྲིམས་ལུགས་ཁྱབ་གདལ་སྒྲོག་འགྲེལ་པའི་འགྲན་བསྡུར་གྱི་མཐའ་བསྡུར་ལྷ་སར་བྱས་པ་རེད། ཐོག་མའི་འགྲན་བསྡུར་དང་བསྐྱར་མའི་འགྲན་བསྡུར་ཁྲོད་རིམ་པ་བཞིན་བདམས་ཐོན་བྱུང་བའི་བདམས་ཐོན་པ་20ཡིས་ལས་སྟེགས་གཅིག་གི་ཐོག་འགྲན་བསྡུར་བྱས་མཐར་མི་10རང་སྐྱོང་ལྗོངས་ཀྱི་སྐབས་དང་པོའི་སྐལ་བཟང་མེ་ཏོག་གི་ཁྲིམས་ལུགས་ཁྱབ་གདལ་སྒྲོག་འགྲེལ་པར་བདམས་ཐོན་བྱུང་བ་རེད།
འགྲན་བསྡུར་བྱ་ཡུལ་དུ་རྣམ་པ་འཁྲུག་ཆ་དོད་ཅིང་། བདམས་ཐོན་པ་ཚོས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་དམིགས་ནས་ཉེ་འགྲམ་གྱི་མི་དང་ཉེ་འགྲམ་གྱི་བྱ་བར་བརྟེན་ནས་སྒྲོག་འགྲེལ་བྱས་པ་རེད། གསོན་ཉམས་དོད་པའི་ཁྲིམས་སྐྱོང་གི་གཏམ་རྒྱུད་དང་།ཞིབ་ཕྲའི་ཁྲིམས་སྐྱོང་གི་གྱོད་དཔེ་རེ་རེ།སྤྱི་མཚན་དུ་གྱུར་པའི་བཅའ་ཁྲིམས་ཀྱི་དོན་ཚན་བཅས་ནི་གོ་བདེ་ཞིང་ཤེས་སླ་བའི་སྐད་ཆར་བསྒྱུར་བ་དང་། བྱ་བ་ཆུང་ཙག་ནས་བརྗོད་དོན་གཙོ་བོ་འགྲེལ་བཤད་རྒྱག་པ། གཏམ་རྒྱུད་ཆུང་ངུའི་ཐོག་ནས་དུས་རབས་ཆེན་མོ་མཚོན་པར་བྱེད་པ། གཏམ་བཤད་དེ་མང་ཚོགས་དང་འབྲེལ་འདྲིས་ཆེ་ལ་ཡིད་དབང་འཕྲོག་ཤུཊ་ལྡན་པ་བཅས་ཡོད། དཔྱད་འདེམས་པས་སྒྲོག་འགྲེལ་གྱི་ནང་དོན་དང་། སྐད་ཆ་ཤོད་སྟངས། རྣམ་འགྱུར། རྣམ་པ་གསར་གཏོད། རྒྱབ་ལྗོངས་བེད་སྤྱོད། དུས་ཚོད་ཚོད་འཛིན་སོཊ་ཀྱི་ཐོག་ནས་བདམས་ཐོན་པར་སྐར་མ་བརྒྱབ་ཡོད།
མངའ་རིས་ས་ཁུལ་ཧྲན་ཤིས་ཚོད་ལྟའི་སློབ་ཆུང་གི་བསྟན་འཛིན་ལྷ་མཚོས་ཨང་དང་པོ་བླངས་ཤིང་། ཁོ་མོས་དེ་སྔ་བཅའ་ཁྲིམས་དང་རང་ཉིད་ཐག་རིང་པོ་ཡོད་པའི་སྣང་བ་ཞིག་ཡོང་གི་ཡོད། ད་ཆ་བཅའ་ཁྲིམས་ནི་འཚར་ལོངས་ལ་སྲུང་སྐྱོང་བྱེད་མཁན་རྩེ་གྲ་ཞིག་ཡིན་པ་ཤེས་བྱུང་། ཁོ་མོས་མུ་མཐུད་སློབ་གྲྭའི་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་པ་ཆུང་ཆུང་ཞིག་བྱས་ནས་སློབ་གྲྭའི་ནང་ཁྲིམས་སྐྱོང་གི་རྣམ་པས་ཁེངས་པར་བྱ་རྒྱུ་ཡིན་ཞེས་བཤད།
ད་ཐེངས་ཀྱི་འགྲན་བསྡུར་གྱི་དམིགས་ཡུལ་ནི་སྐད་གྲགས་ཆོད་པ་དང་། ཁྱབ་གདལ་གཏོང་སླ་བ། དགའ་བསུ་ཐོབ་པ་བཅས་ཀྱི་གཞི་རིམ་གྱི་བཅའ་ཁྲིམས་ཁྱབ་གདལ་སྒྲོག་འགྲེལ་རུ་ཁག་ཁག་གཅིག་བཏོད་དེ་འགྲན་བསྡུར་ལ་བརྟེན་ནས་དྲིལ་བསྒྲགས་ལ་སྐུལ་འདེད་བཏང་བ་བརྒྱུད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་ནས་བྱ་བ་སྒྲུབ་སྐབས་ཁྲིམས་ལྟར་སྒྲུབ་པ་དང་། གནས་ཚུལ་འཕྲད་སྐབས་བཅའ་ཁྲིམས་ལ་བརྟེན་དགོས་པ། གནད་དོན་ཐག་གཅོད་བྱེད་སྐབས་བཅའ་ཁྲིམས་སྤྱོད་པ། འགལ་བ་སེལ་སྐབས་བཅའ་ཁྲིམས་ལ་བརྟེན་དགོས་པ་བཅས་ཚང་མའི་ཐུན་མོང་གི་ངོས་འཛིན་དང་བྱ་སྤྱོད་ཀྱི་རང་རྟོགས་སུ་གྱུར་ཡོད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社