分享按钮

(པར་ངོས་དང་པོར་མཐུད)ལ་སྒོ་འཁྱཊ་རོམ་སོགས་ལས་ལོ་ངོ་དུང་ཕྱུར་མང་པོའི་གནའ་བོའི་ཉམས་སྣང་མངོན་གྱི་འདུག གནམ་མཚོ་ཕྱུག་མོ་དང་། ཡར་འབྲོག་གཡུ་མཚོ། ཕུ་མ་གཡུ་མཚོ་སོགས་སྦས་ཡུལ་ལྟ་བུའི་འཁྱགས་རོམ་དང་མཚེའུ་ཚང་མ་བོད་ལྗོངས་ཀྱི་གངས་འཁྱགས་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་དགེ་མཚན་ཞིག་ཏུ་གྱུར་ཡོད་ལ་དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་བཀྲག་མདངས་ཆེ་ཤོས་ཤིག་ཀྱང་ཡིན།

ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱི་གངས་འཁྱགས་ཡུལ་སྐོར་གྱི་ཚ་རླབས་འཕྱུར་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ཉིང་ཁྲི་གྲོང་ཁྱེར་དང་ལྷ་ཁ་གྲོང་ཁྱེར་སོགས་ཀྱིས་གངས་ཤུད་དང་། འཁྱགས་ཤུད། ཁ་བའི་མཛེས་ལྗོངས་ལ་གཟིགས་པ་སོགས་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཐོན་རྫས་འགྲེམས་སྤེལ་བྱས་ནས་ཡུལ་སྐོར་བ་མང་པོ་ཞིག་ཉམས་ལེན་བྱེད་པར་ཡོང་བའི་ཡིད་དབང་བཀུག་ཡོད། ཀོང་ཏུང་ནས་ཡོང་བའི་མཁྱེན་ལྡན་མ་ཚའོ་ལགས་ཀྱིས་ཆུ་ཚན་ནང་བསྡད་དེ་ཁ་བའི་མཛེས་ལྗོངས་དང་བརྗིད་ཆགས་ཡིད་དུ་འོང་བའི་འཁྱགས་རོམ་ལ་བལྟས་ན། ངོ་མ་ཡིད་དབང་འཕྲོག་པ་ཞིག་རེད་ཅེས་བཤད། ཁོང་གིས་བོད་ལྗོངས་ནས་པར་བླངས་པའི་ཁ་བའི་མཛེས་ལྗོངས་ཀྱི་འདྲ་པར་དེ་དྲ་ཐོག་ཏུ་མཉམ་སྤྱོད་བྱས་རྗེས་མོས་བསྟོད་མང་པོ་ཐོབ་པ་དང་གྲོགས་པོ་མི་ཉུང་བ་ཞིག་གིས་དེ་མཐོང་རྗེས་དགུན་དུས་བོད་དུ་ཡུལ་སྐོར་ལ་ངེས་པར་དུ་འགྲོ་རྒྱུ་ཡིན་ཞེས་ཤོད་ཀྱི་འདུག་ཅེས་བཤད།

ད་ལྟ། བོད་ལྗོངས་ཀྱི་གངས་འཁྱགས་ཡུལ་སྐོར་འཕེལ་རྒྱས་ཀྱི་ས་མཐོའི་ཁྱད་ཆོས་ལྡན་པའི་གངས་འཁྱགས་ཀྱི་ཉམས་སྣང་གིས་ཡུལ་སྐོར་བའི་ཡིད་དབང་འཕྲོག་པར་བྱེད་ཅིང་། གྲང་འཁྱགས་ཀྱི་ཐོན་ཁུངས་དེ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཐབས་ལམ་ཞིག་ཏུ་འགྱུར་བཞིན་ཡོད། དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་སྤུས་རྟགས་ལའང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས་ཉིན་བཞིན་ཁས་ལེན་དང་གདེང་འཇོག་བཟང་པོ་ཐོབ་བཞིན་ཡོད།

གནའ་གྲོང་དུ་ལས་རྣམ་གསར་པ་མངོན་པ།

མགོ་བོ་ཅུང་ཙམ་དམའ་རུ་ཐོངས་དང་། མགོ་བོ་དེ་ཙམ་དཀྱོག་ཙམ་གྱིས་དང་། ཡག་པོ་བྱུང་སོང་། བར་སྐོར་དུ་བོད་རིགས་ཀྱི་སྲོལ་རྒྱུན་གྱོན་ཆས་གྱོན་པའི་བུ་མོ་ཞིག་གིས་པར་ལེན་པའི་བཤད་པ་ལྟར་ལུས་ཀྱི་ཉམས་འགྱུར་སྣ་ཚོགས་སྟོན་བཞིན་ཡོད། པར་ལེན་གྱི་བར་གསེང་དུ་གསར་འགོད་པས་གླེང་མོལ་བྱས་ཏེ་ཁོང་གི་རུས་མིང་སུའུ་ཡིན་པ་དང་ཨན་ཧུའེ་ཧོ་ཧྥེ་ནས་ཡོང་བ་ཤེས་རྟོགས་བྱུང་ཞིང་། ལོ་རེའི་འཁོར་ཞག་གི་དུས་ཚོད་བེད་སྤྱད་དེ་ཡོང་འདོད་ཆེ་ཤོས་ཀྱི་ས་ཆ་སྟེ་བོད་ལྗོངས་སུ་ཡུལ་སྐོར་བྱེད་པར་ཡོང་བ་རེད། མཁྱེན་ལྡན་མ་སུའུ་ལགས་ཀྱིས་ད་ལྟའི་དུས་ཚིགས་འདི་ནི་ཡུལ་སྐོར་བ་ཉུང་བའི་དུས་ཚིགས་ཤིག་ཡིན་སྙམ་ཡོད། ཡིན་ནའང་། བསམ་ཡུལ་ལས་འདས་པ་ཞིག་ལ་ཡུལ་སྐོར་བ་ཧ་ཅང་མང་པོ་འདུག ད་དུང་བཟའ་བཏུང་དང་། སྡོད་གནས། འགྲིམ་འགྲུལ་བཅས་ཚང་མར་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་ཐུབ་པ་བྱུང་བས་དངུལ་མི་ཉུང་བ་ཞིག་གྲོན་ཆུང་ཐུབ་སོང་ཞེས་བཤད་པ་རེད།

མཁྱེན་ལྡན་མ་སུའུ་ལགས་ཀྱིས་གསུངས་པའི་གཟིགས་སྐྱོང་སྲིད་ཇུས་ནི་ཟླ་འདིའི་ཚེས་1ཉིན་ནས་འགོ་ཚུགས་པའི་དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་ཁྲོམ་རའི་སྐུལ་འདེད་བྱེད་སྒོ་ཐེངས་བརྒྱད་པ་དེ་རེད། བྱེད་སྒོ་སྤེལ་རིང་ཕོ་བྲང་པོ་ཏ་ལ་ཚུད་པའི་བོད་ཀྱི་Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ(དགོན་སྡེའི་མཛེས་ལྗོངས་ཁུལ་ཕུད)ཚང་མ་ཡུལ་སྐོར་བར་སྤ་སེ་མི་དགོས་པར་སྒོ་ཕྱེས་ཡོད། གཞན་ཡང་ཡུལ་སྐོར་ལས་དོན་ཁང་དང་ཡུལ་སྐོར་རླངས་འཁོར་གྱི་འགྲུལ་སྐྱེལ་ཁེ་ལས་ཀྱིས་ཀྱང་གོང་ཚད་འགན་གཙང་ལེན་པ་དང་། གནམ་གྲུ་གླ་བ། ཆེད་སྤྱོད་མེ་འཁོར་བཅས་ཀྱི་སྲིད་ཇུས(གསབ་དངུལ)ལོངས་སུ་སྤྱོད་ཆོག་གི་ཡོད།

ཉེ་བའི་ལོ་ཤས་རིང་། ལྷ་སར་ཡུལ་སྐོར་ལ་ཡོང་ནས་བར་སྐོར་དང་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་བོད་ཆས་གྱོན་ནས་པར་ལེན་བྱེད་པ་དེ་བོད་དུ་ཡུལ་སྐོར་ལ་ཡོང་མཁན་ན་གཞོན་མང་པོ་ཞིག་གིས་ངེས་པར་དུ་བརྒྱུད་དགོས་པའི་འཆར་གཞི་ཞིག་ཏུ་གྱུར་ཡོད། སྤྱི་ཚོགས་ཀྱི་འབྲེལ་ཡོད་སྟེགས་བུའི་ཐོག་བོད་ཆས་དངོས་བྲིས་ཀྱི་འབྲེལ་ཡོད་ཐ་སྙད་ལྟ་ཀློག་བྱེད་ཚད་ཡག་པོ་ཡོད་པ་དང་མི་མི་ཉུང་བ་ཞིག་གིས་རང་ཉིད་ཀྱིས་པར་ལེན་དང་དངོས་བྲིས་བྱས་པའི་ཉམས་མྱོང་མཉམ་སྤྱོད་བྱས་ཏེ་དྲ་གྲོགས་དབར་སྤེལ་རེས་དང་གྲོས་བསྡུར་བྱ་རྒྱུར་མཁོ་འདོན་བྱས་ཡོད།

མཁྱེན་ལྡན་མ་སུའུ་ལཊ་ཀྱིས་ཁ་སང་ཕྱི་དྲོ་ལྷ་སར་སླེབས་པ་དང་། དེ་རིང་སྔ་དྲོ་ཕོ་བྲང་པོ་ཏ་ལར་སྐོར་བ་བརྒྱབ་རྗེས་བར་སྐོར་དུ་པར་རྒྱག་པར་ཡོང་བ་ཡིན།དྲ་ཐོག་ནས་མི་གཞན་གྱི་འདྲ་པར་མཐོང་སྐབས་དངོས་ནས་ཧང་སངས་བྱུང་།དེ་མ་ཐག་དྲ་ཐོག་ནས་པར་རྒྱག་ཁང་ཞིག་སྔོན་མངཊ་བྱས་པ་དང་། དེ་གར་འབྱོར་རྗེས་འཕྲལ་མར་མཛེས་བཟོ་བྱས་ནས་པར་བརྒྱབ་པ་ཡིན་ཞེས་བཤད།

ལྷ་སའི་བར་སྐོར་ནི་གཙུག་ལག་ཁང་ལ་དམིགས་ནས་ཆགས་པའི་ཁྲོམ་གཞུང་ཞིག་ཡིན་ཞིང་རིང་ཚད་ལ་སྤྱི་ལེ་1ཙམ་ཡོད། ད་ཆ་ཁྲོམ་གཞུང་དེར་ལོ་ལྟར་ཡུལ་སྐོར་བ་མང་པོ་ཡོང་གི་ཡོད། མཁྱེན་ལྡན་མ་སུའུ་ལགས་ཀྱི་པར་ལེན་མཁན་ཁྲུན་ཡུས་ཀྱིས་བོད་ཆས་པར་ལེན་ཁང་ཞིག་གཉེར་སྐྱོང་བྱེད་བཞིན་ཡོད། ཁོང་གིས་ང་ཚོའི་མངགས་ཐོ་དཀྱུས་མའི་རིན་གོང་ནི་སྒོར་399ཡིན། ཡུལ་སྐོར་བ་མང་བའི་དུས་སུ་ཆ་སྙོམས་ཉིན་རེར་མངགས་ཐོ་དྲུག་ཅུ་བདུན་ཅུ་ལེན་རྒྱུ་ཡོད། ད་ཆ་ཉིན་རེར་མངགས་ཐོ་30ལྷག་ཙམ་ཡོད།ལོ་ཤས་གོང་བར་སྐོར་ཁྲོམ་གཞུང་དུ་ཚོང་ཁང་ཞིག་བོགས་མར་བླངས་ནས་པར་ལེན་ཁང་བཙུགས་པ་དང་། ཕྱིས་སུ་བླ་བྲང་རྙིང་པའི་རྟ་ར་སྒོ་རའི་ནང་སྤོས་པ་ཡིན། ད་ཆ་སྒོ་རའི་ནང་པར་ལེན་ཁང་བཅུ་ལྷག་ཙམ་ཡོད་པ་དེ་དག་མིང་དོན་མཚུངས་པའི་པར་ལེན་ཁང་ཞིག་ཏུ་གྱུར་ཡོད་ཅེས་བཤད། ཁྲུན་ཡུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། པར་ལེན་ཞབས་ཞུ་ཚད་ལྡན་དུ་གཏོང་ཆེད། 2023ལོའི་ཟླ་7པར་ས་གནས་དེ་གའི་པར་ལེན་ཁང་100ལྷག་ཙམ་གྱིས་བར་སྐོར་ཁྲོམ་གཞུང་གི་པར་ལེན་ལས་རིགས་མཐུན་ཚོགས་བཙུགས་ཤིང་། མཐུན་ཚོགས་ཀྱི་མཛུབ་ཁྲིད་འོག་ཚང་མའི་ཞབས་ཞུ་སྔར་བས་ཚད་ལྡན་དུ་ཕྱིན་ནས་ཡུལ་སྐོར་བའི་པར་ལེན་ཉམས་ལེན་ལེགས་སུ་ནུས་ལྡན་བྱུང་ཡོད།

ཡུལ་སྐོར་ལས་རིགས་རྒྱུན་མཐུད་ངང་ཕུན་སུམ་ཚོགས་སུ་བཏང་བ།

དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་སྐད་གྲགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས་བོད་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གིས་ཀྱང་རང་ངོས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་སྣ་མང་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་རྫས་གསར་གཏོད་བྱས་ཡོད།

ཟླ་11ཚེས་12ཉིན། ཧྲང་ཧའེ་བོད་སྐྱོར་ཡུལ་སྐོར་གྱི་དགུན་དུས་གཞིས་རྩེར་ཡུལ་སྐོར་བྱེད་པའི་འགན་གཙང་བླངས་པའི་གནམ་གྲུ་ཐོག་མ་གཏོང་འགོ་ཚུགས་པ་དང་། ཧྲང་ཧའེ་ཡི་ཡུལ་སྐོར་བ་102ཀྱིས་དུས་ཡུན་ཉིན་9ཡི་གླིང་སྣེའི་གཞིས་རྩེར་དགུན་དུས་རི་རྩེར་སྐྱོད་ཅེས་པའི་གཙོ་དོན་འགྲུལ་བཞུད་བྱེད་འགོ་ཚུགས་པ་རེད། ཟླ་11ཚེས་13ཉིན། དགུན་དུས་བོད་དུ་ཡུལ་སྐོར་བྱེད། རིག་ལྡན་འཁོར་གཏོང་ལྷ་ས་ཞེས་པའི་2025ལོའི་ཀྲུང་གོའི(ལྷ་ས)གྲངས་འཛིན་ཅན་གྱི་འཁོར་གཏོང་ཡུལ་སྐོར་འདུ་ཚོགས་ཀྱི་རླངས་འཁོར་སྤྲོད་པའི་མཛད་སྒོ་ཡུན་ནན་ཁུན་མིང་དུ་འཚོགས་ཤིང་། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་སྒེར་འཁོར་ལས་རིགས་ཀྱི་ཁ་ལོ་བ་དང་དེ་བཞིན་སྒེར་འཁོར་གཏོང་རྒྱུར་དགའ་པོ་བྱེད་མཁན་ཁུན་མིང་དུ་འཛོམས་ནས་ཡུན་ནན་དང་བོད་ལྗོངས་གྲངས་འཛིན་ཅན་གྱི་སྒེར་འཁོར་གཏོང་བའི་འགྲུལ་བཞུད་ལམ་བུ་གསར་པ་བཏོད་དེ་ཚན་རྩལ་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་མཉམ་འདྲེས་ཀྱི་རིག་གནས་ཡུལ་སྐོར་གྱི་དོན་ཆེན་དེར་ཐུན་མོང་ཐོག་དཔང་པོ་བྱས་པ་རེད། ཟླ་11ཚེས་18ཉིན་ལོ་གསར་སྔ་ཤོས་ལ་རྟེན་འབྲེལ་ཞུ་བ་དང་།ཆེས་མཛེས་ཤོས་ཀྱི་དམངས་སྲོལ་ཉམས་ལེན་བྱེད་ཅེས་པའི་2026ལོའི་བོད་ལྗོངས་ཉིང་ཁྲིའི་ཀོང་པོའི་ལོ་གསར་གྱི་དམངས་སྲོལ་ཉམས་ལེན་བྱེད་སྒོ(ཁྲུང་ཆིང་ས་ཚིགས)ཀོན་དབྱིན་ཟམ་པའི་ཐོག་སྤེལ་བ་རེད། བྱེད་སྒོ་དེ་དམངས་སྲོལ་ཉམས་ལེན་འོས་སྦྱོར་དང་། མངོན་མིན་རིག་གནས་ཤུལ་བཞག་གི་རོལ་དབྱངས་འགྲེམས་འཁྲབ་ལྟེ་བར་བྱས་ཏེ་ཀོང་པོའི་ལོ་གསར་གྱི་རིག་གནས་དང་དེ་བཞིན་གངས་ལྗོངས་ཀོང་པོའི་མཛེས་ལྗོངས་ཁུལ་གྱི་ཁྱད་ཆོས་ཁྲུང་ཆིང་དུ་ཁྱབ་གདལ་བཏང་ནས་ཚང་མར་ཀོང་པོའི་ལོ་གསར་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་དུ་བཅུག་པ་དང་།བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད་དེ་དགུན་དུས་བོད་དུ་ཡུལ་སྐོར་བྱེད་པར་དོ་སྣང་ཆེན་པོ་བྱུང་ཡོད་པ་རེད།

ཉིང་ཁྲི་གྲོང་ཁྱེར་གྱི་ཡུལ་སྐོར་ལས་དོན་ཁང་ཞིག་གི་འགན་འཁུར་བ་བཀྲ་ཤིས་མིག་དམར་གྱིས་དེ་སྔ་ང་ཚོས་དུས་ཡུན་རིང་བའི་དགུན་ཁ་འདི་ཇི་ལྟར་སྐྱེལ་དགོས་མིན་ཐད་སེམས་ཁྲལ་བྱེད་ཀྱི་ཡོད། ད་ཆ་ང་ཚོས་ཕུན་སུམ་ཚོགས་པའི་རིག་གནས་དང་། ས་ཁོངས། དུས་ཚིགས་བཅས་ཀྱི་ཉམས་ལེན་ཟབ་མོ་སྔོག་འདོན་བྱ་རྒྱུར་གཞོལ་ནས་ཡུལ་སྐོར་བར་དགུན་དུས་ཡུལ་སྐོར་ལ་སེམས་ཁྲལ་མེད་པར་བྱ་རྒྱུ་ཡིན་ཞེས་མྱོང་ཚོར་ཟབ་མོས་བཤད།

བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གི་ཏང་ཙུའི་ཧྲུའུ་ཅི་ཤའོ་ཁྲོན་ཅང་གིས་གྲངས་གཞི་ལས་མངོན་པར གཞིགས་ན།2025ལོའི་ཟླ་དང་པོ་ནས་བཅུ་པའི་བར་བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་6771.58ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་བརྒྱ་ཆ་10.89འཕར་བ་དང་། ཡུལ་སྐོར་གྱི་སྤྱིའི་འགྲོ་སོང་སྒོར་དུང་ཕྱུར་781.79ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་9.62འཕར་ཡོད། གྲངས་གཞི་དེ་དག་ལས་བོད་ཀྱི་ཡུལ་སྐོར་ཐོན་ལས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་མངོན་པ་མ་ཟད། བོད་ཀྱི་ཡུལ་སྐོར་ལས་རིགས་ཀྱི་རྫོགས་མཐའ་མེད་པའི་མི་མངོན་པའི་སྟོབས་ཤུགས་དང་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་ཡང་མངོན་ཡོད་ཅེས་བཤད།

འབྱུང་འགྱུར་གྱི་འཕེལ་རྒྱས་སྐོར་གླེང་སྐབས་ཤའོ་ཁྲོན་ཅང་གིས་རྗེས་མར་དགུན་དུས་བོད་དུ་ཡུལ་སྐོར་བྱེད་པ་སོཊ་ཀྱི་སྲིད་ཇུས་མུ་མཐུད་ལེཊ་སུ་གཏོང་བ་དང་། ཡུལ་སྐོར་ཐོན་རྫས་ཕུན་སུམ་ཚོཊ་སུ་གཏོང་བ། ཡུལ་ཁོངས་ཧྲིལ་པོར་དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ། བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ། ཕོ་བྲང་པོ་ཏ་ལའི་དམིགས་བསལ་འགྲེམས་སྟོན་དང་མངོན་མིན་རིག་གནས་ཤུལ་བཞག་གཟའ་འཁོར་གྱི་བྱེད་སྒོ་སོགས་རིག་གནས་ཤུལ་བཞག་གསོན་ཉམས་ལྡན་པའི་ངང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཡུལ་སྐོར་ལ་ཉམས་འགྱུར་ལྡན་པ་དང་ནང་དོན་དེ་བས་ལྡན་པར་བྱ་རྒྱུ་དང་ཆབས་ཅིག་ཏུ་ཁྲོམ་རའི་སྒྲིག་ལམ་བཅོས་སྒྲིག་ལ་དམ་འཛིན་ནན་པོ་བྱས་ནས་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་དང་། གྲངས་རིག་རིག་གནས་ཡུལ་སྐོར་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། ཐང་བོད་གནའ་ལམ་དང་G219སོགས་ལ་བརྟེན་ནས་འཛམ་གླིང་རིམ་པའི་རིག་གནས་ཡུལ་སྐོར་གྱི་བར་ཁྱམས་བཏོད་དེ་ལོ་ཧྲིལ་པོར་ཡུལ་སྐོར་སྣེ་ལེན་མི་ཐེངས་དང་སྤྱིའི་ཡོང་འབབ་དེ་བས་མང་བ་འཕར་རྒྱུའི་བརྩོན་ལེན་བྱས་ནས་ཡུལ་སྐོར་ལས་རིཊ་དེ་དམངས་ཕྱུག་བོད་དར་དང་མི་རིཊ་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་བདེ་སྐྱིད་ལྡན་པའི་ཐོན་ལས་ཤིག་ཏུ་དངོས་འབྲེལ་འགྱུར་བར་བྱ་རྒྱུ་ཡིན་ཞེས་བཤད།

(《བོད་ལྗོངས་ཉིན་རེའི་ཚགས་པར》ཐོག་སྤེལ་བའི་གནས་ཚུལ་གཞིར་བཟུང)

(དཔལ་སྐྱབས་རྒྱལ་དང་ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-04 6 6 拉萨日报藏文 c213108.html 1 /enpproperty-->