分享按钮

རྒྱལ་ཁབ་རིག་ལྡན་སློབ་གསོའི་ལས་སྟེཊ་ཀྱིས་ཉེར་སྤྱོད་ཚོད་ལྟའི་སྤེལ་རེས་གཏིང་ཟབ་ཏུ་གཏོང་བའི་བྱེད་སྒོ་སྤེལ་བ།

(པར་ངོས་དང་པོར་མཐུད)ནུབ་རྒྱུད་ས་ཁུལ་གྱི་སློབ་གྲྭ་གསར་པ་འཛུགས་པར་འདྲ་བཟོ་ཆོག་པ་དང་ཁྱབ་གདལ་གཏོང་ཆོག་པའི་རིག་ལྡན་སློབ་ཁྲིད་ཀྱི་དཔེ་མཚོན་མཁོ་འདོན་བྱས་ཡོད།

སྟོད་ལུང་བདེ་ཆེན་ཆུས་སློབ་འབྲིང་གི་དགེ་རྒན་ཀྲང་ཁྲེན་ཤིན་གྱིས་རྒྱ་ཡིག་སློབ་ཚན《སྤྱང་ཀི》ཞེས་པ་དཔེར་བཞག་ནས་སློབ་ཁྲིད་ཀྱི་སྐོར་གླེང་བ་སྟེ། ཇི་ལྟར་བྱས་ནས་རྒྱལ་ཁབ་ཀྱི་ལས་སྟེགས་ཐོན་ཁུངས་ལ་བརྟེན་ནས་སློབ་ཁྲིད་ཀྱི་བརྒྱུད་རིམ་བསྐྱར་སྒྲིག་བྱས་ནས་སློབ་ཚན་གོང་གི་གནད་སྨིན་ཇུས་འགོད་དང་། སློབ་ཚན་ཁྲོད་ཀྱི་ཁྱད་པར་ཡོད་པའི་ཁྲིད་སྟོན། སློབ་ཚན་གྲོལ་རྗེས་གྲངས་གཞིར་རྗེས་སྙེག་བཅས་ཀྱི་སློབ་ཁྲིད་ཀྱི་གདུབ་ཟུམ་གྱི་སྐོར་མཚོན་པ་བྱས་པར་རིགས་གཅིག་མཁས་ཅན་གྱི་ཚད་མཐོའི་གདེང་འཇོག་ཐོབ་ཡོད།

ད་ཐེངས་ཀྱི་སྤེལ་རེས་ཁྲོད་རང་གྲོང་གི་དགེ་རྒན་གྱིས་རིག་ལྡན་སློབ་གསོའི་ལས་སྟེགས་བཀོལ་སྤྱོད་ཐད་ཀྱི་སྔོན་སྐྱོད་ཉམས་མྱོང་དང་གསར་གཏོད་གྲུབ་འབྲས་གཅིག་སྡུད་ཐོག་མངོན་པར་བྱས་ཡོད། འབྱུང་འགྱུར་ལྷ་ས་གྲོང་ཁྱེར་གྱིས་ལས་སྟེགས་བཀོལ་སྤྱོད་འཚོལ་ཞིབ་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་གྲངས་འཛིན་ལག་རྩལ་ལ་བརྟེན་ནས་སློབ་གསོའི་འཕོ་འགྱུར་ལ་སྐུལ་འདེད་བཏང་སྟེ། དེ་བས་དྲང་གཞག་དང་སྤུས་ཚད་དེ་བས་མཐོ་བའི་སློབ་གསོའི་མ་ལག་བསྐྲུན་ཆེད་ལྷ་སའི་བློ་གྲོས་ལེགས་སྐྱེས་སུ་འབུལ་རྒྱུ་རེད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-04 6 6 拉萨日报藏文 c213107.html 1 རྒྱལ་ཁབ་རིག་ལྡན་སློབ་གསོའི་ལས་སྟེཊ་ཀྱིས་ཉེར་སྤྱོད་ཚོད་ལྟའི་སྤེལ་རེས་གཏིང་ཟབ་ཏུ་གཏོང་བའི་བྱེད་སྒོ་སྤེལ་བ། /enpproperty-->