分享按钮

(པར་ངོས་གཉིས་པར་མཐུད) ཚང་འཛོམས་གྲོས་ཚོགས་ཐོག་ཁ་གསལ་བཏོན་པའི་འབྱུང་ཁམས་སྲུང་སྐྱོང་དང་རིན་ཐང་གཞན་སྒྱུར་ཕན་ཚུན་མཉམ་འདྲེས་ཀྱི་བླང་བྱ་དེ་སྙེ་མོའི་འབྱུང་ཁམས་ལ་བརྟེན་ནས་རྫོང་འཛུགས་པའི་བསམ་ཕྱོགས་དང་ཚད་མཐོའི་གཅིག་མཐུན་བྱུང་ཡོད། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། གཙང་པོར་འདྲེས་པའི་བཙོག་འབུད་མདོ་ཁ་བཅོས་སྒྲིག་སོགས་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་པ། མཁའ་རླུང་གི་སྤུས་ཚད་རྒྱུན་མཐུད་ལེགས་པ་དང་ས་ངོས་ཀྱི་ཆུའི་སྤུས་ཚད་བརྟན་པོ་ཡོང་བའི་འབྱུང་ཁམས་ཀྱི་གྲུབ་འབྲས་བརྟན་སྲུང་བཅས་བྱ་རྒྱུ་ཡིན་ཞེས་བཤད།

སྙེ་མོ་རྫོང་བྲག་སྐོར་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཟླ་བས་ཚང་འཛོམས་གྲོས་ཚོགས་ཐོག་ལོ་ལྔ་ཚན་བཅོ་ལྔ་པའི་རིང་གི་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་བཏོན་པ་དང་ལྷ་སའི་འབྱུང་འགྱུར་ལོ་ལྔའི་འཕེལ་རྒྱས་ཀྱི་བརྗིད་ཆེའི་འཆར་གཞི་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་ཡོད། ང་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་མུ་མཐུད་འབད་འཐབ་བྱས་ཚེ་ང་ཚོའི་ཁྱིམ་གཞིས་དེ་བས་མཛེས་སྡུག་དང་འབྱོར་ཕྱུག་ལྡན་པ་ཞིག་སྐྲུན་ཐུབ་ངེས་ཡིན་ལ་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་དེ་བས་ལེགས་སུ་འགྲོ་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད་ཅེས་བཤད།

འབྱུང་ཁམས་ཁོར་ཡུག་བཅོས་སྐྱོང་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བར་དང་།རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནས་དམངས་འཚོའི་ཞབས་ཞུ་ལེགས་སུ་གཏོང་བའི་བར་སྙེ་མོ་རྫོང་གི་མི་རིགས་ཁག་གི་མང་ཚོཊ་ཀྱིས་སྤྲོ་སེམས་རབ་ཏུ་འཁོལ་བ་དང་དངོས་སྒྲུབ་ཀྱི་སྤྱོད་ཚུལ་ཐོག་ནས་ཚང་འཛོམས་གྲོས་ཚོགས་ཐོག་བཀོད་པའི་མཛེས་སྡུག་ལྡན་པའི་འཆར་གཞི་དེ་གསོན་ཉམས་ལྡན་པའི་ལག་ལེན་དུ་བསྒྱུར་ཏེ་ནུས་ཤུགས་ཡོད་རྒུས་རིན་ཐང་མཐོ་བའི་འབྱུང་ཁམས་འཛུགས་སྐྲུན་བྱེད་པའི་མཛེས་སྡུག་ལྡན་པའི་ལྷ་སའི་འཕེལ་རིམ་ཁྲོད་སྙེ་མོའི་འགན་འཁྲི་འཁུར་སེམས་མངོན་པ་དང་སྙེ་མོའི་རྒྱུགས་ལན་འདེབས་བཞིན་ཡོད་པ་རེད།

(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-04 6 6 拉萨日报藏文 c213106.html 1 /enpproperty-->