分享按钮

གནའ་གྲོང་གི་སྤོ་རུང་བའི་རིག་གནས་ཀྱི་སྟོན་མོ་ གཟབ་རྒྱས་ཤིག་བཤམས་པ།

(པར་ངོས་དང་པོར་མཐུད)ལམ་བར་དུ་དམངས་སྲོལ་འཁྲབ་སྟོན་བྱས་ཏེ་ཡུལ་སྐོར་བས་ཞིམ་ཟས་ལོངས་སུ་སྤྱོད་པ་དང་ལེ་ཚན་ལ་མྱོང་རོལ་བྱེད་པ་དང་ཆབས་ཅིག་གྲོང་ཁྱེར་གྱི་མཛེས་ལྗོངས་ལའང་ཐུགས་བློ་བདེ་པོའི་ངང་ལྟ་རྒྱུ་ཡོད། གཞན་ཡང་། གསོ་རླུང་མི་འདང་བའི་ས་མཐོའི་ཁོར་ཡུག་ལ་ཁ་གཏད་གཅོག་ཆེད་རླངས་འཁོར་ནང་དམིགས་བསལ་གསོ་རླུང་བཟོ་བའི་མ་ལག་སྒྲིག་སྦྱོར་བྱས་ཏེ་ལ་དུག་སྔོན་འགོག་ནུས་ལྡན་བྱས་ནས་ཡུལ་སྐོར་བས་བློ་བདེ་པོའི་ངང་མཛེས་ལྗོངས་མྱོང་རོལ་དང་རིག་གནས་མྱོང་རོལ་ཐུབ་པར་བྱས་ཡོད། སི་ཁྲོན་ནས་ཡོང་བའི་ཡུལ་སྐོར་བ་ཁང་ལགས་ཀྱིས་སྤྱི་སྤྱོད་རླངས་འཁོར་དེའི་ཇུས་འགོད་བློ་ལ་འགྲོ་བ་ཞིག་འདུག ལམ་བར་དུ་ཁྱད་ལྡན་ཞིམ་ཟས་ལ་མྱོང་རོལ་བྱ་རྒྱུ་ཡོད་པར་མ་ཟད། ལྷ་སའི་མཛེས་ལྗོངས་ཀྱང་མྱོང་རོལ་ཐུབ་པས་ཧ་ཅང་སྐྱིད་སྣང་དོད་པོ་འདུག་ཅེས་བཤད།

ཞིམ་ཟས་གཙོ་བོར་བྱས་པའི་ལྷ་སའི་ཐོག་སོ་གཉིས་ལྡན་གྱི་ལྟ་སྐོར་སྤྱི་སྤྱོད་རླངས་འཁོར་གྱི་འགན་འཁུར་བ་ལི་ཤུས་ཙེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཞིམ་ཟས་གཙོ་བོར་བྱས་པའི་ལྷ་སའི་ཐོག་སོ་གཉིས་ལྡན་གྱི་ལྟ་སྐོར་སྤྱི་སྤྱོད་རླངས་འཁོར་འགྲོ་སའི་ཁྱད་ལྡན་ལམ་ཐིག་ཁྱོན་བཞི་འཆར་འགོད་བྱས་ཡོད་པ་དང་། གཉེར་སྐྱོང་དུས་ཚོད་ནི་ཉིན་རེའི་ཆུ་ཚོད་16ནས་22བར་ཡིན་ཞིང་། ཉིན་མོ་ལྟ་སྐོར་དང་མཚན་མོ་མཛེས་ལྗོངས་ལ་ལྟ་རྒྱུ་ཡོད། མཁའ་དབྱིངས་ཀྱི་སྦྲག་སྲིད་ཅུས་དང་། ཕོ་བྲང་པོ་ཏ་ལ། ལྕགས་པོ་རི་ལ་སོགས་ལྟེ་བའི་གནས་རྟགས་མང་པོ་དང་འབྲེལ་ཡོད། ལམ་ཐག་ཐད་ཆུ་ཚོད་1ནས་ཆུ་ཚོད་2བར་མི་འདྲ་བ་ཡོད་ཅིང་།རིན་གོང་ནི་སྒོར་98ནས་སྒོར་298བར་ཡིན། གཞན་ཡང་། ཞིམ་ཟས་གཙོ་བོར་བྱས་པའི་ལྷ་སའི་ཐོག་སོ་གཉིས་ལྡན་གྱི་ལྟ་སྐོར་སྤྱི་སྤྱོད་རླངས་འཁོར་གྱི་བྱ་རིམ་ཆུང་གྲས་བརྒྱུད་ནས་སྔོན་མངགས་ལམ་ལུགས་དང་དྲ་ཕྱིའི་ཞིབ་བཤེར་རྩིས་སུབ་ཀྱི་བྱ་ཐབས་སྤྱད་དེ་ཡུལ་སྐོར་བས་ཞིམ་ཟས་གཙོ་བོར་བྱས་པའི་ལྷ་སའི་ཐོག་སོ་གཉིས་ལྡན་གྱི་ལྟ་སྐོར་སྤྱི་སྤྱོད་རླངས་འཁོར་གྱི་གཞུང་ཕྱོགས་ཀྱི་བྱ་རིམ་ཆུང་གྲས་སམ་ཡང་ན་ཁྱུག་དབྱིངས་ཀྱི་གཞུང་ཕྱོགས་སྤྱི་སྟེགས་སོགས་བརྒྱུད་ནས་རང་ཉིད་ཀྱི་བློ་ལ་འབབ་པའི་ལྟ་སྐོར་ལམ་ཐིག་གདམ་ག་བྱེད་ཆོག་གི་ཡོད།ལི་ཤུས་ཙེ་ཡིས་ཞིམ་ཟས་གཙོ་བོར་བྱས་པའི་ལྷ་སའི་ཐོག་སོ་གཉིས་ལྡན་གྱི་ལྟ་སྐོར་སྤྱི་སྤྱོད་རླངས་འཁོར་ནི་ལྷ་ས་གྲོང་ཁྱེར་སྲིད་གཞུང་དང་རིག་གནས་ཡུལ་སྐོར་ཅུས་ཀྱིས་གཙོ་གནད་ཐོག་བཏོད་པའི་རིག་གནས་ཡུལ་སྐོར་རྣམ་གྲངས་ཤིག་རེད། དེའི་དམིགས་ཡུལ་ནི་ཡུལ་སྐོར་བ་དང་དེ་བཞིན་ས་གནས་དེ་གའི་གྲོང་མིར་ལྟ་སྐོར་དང་ཞིམ་ཟས་གཞི་གཅིག་ཏུ་འདུས་པའི་ཁྱད་ལྡན་ཞབས་ཞུ་མཁོ་འདོན་བྱ་ཆེད་རེད། ཟླ་11པར་དངོས་སུ་གཉེར་སྐྱོང་བྱས་པ་ནས་བཟུང་། ཡུལ་སྐོར་བ་མི་ཐེངས་300ཙམ་ལ་སྣེ་ལེན་ཞུས་པ་དང་རྗེས་མར་རྣམ་གྲངས་ཕྱོགས་ཀྱིས་ཞབས་ཞུའི་ཉམས་ལེན་མུ་མཐུད་ལེགས་སུ་བཏང་ནས་ལྷ་སའི་རིག་གནས་དང་ཡུལ་སྐོར་གྱི་ཁྱད་ཆོས་མངོན་པའི་མིང་བྱང་ཞིག་ཏུ་འགྱུར་བར་བྱ་རྒྱུ་ཡིན་ཞེས་བཤད།

འགྲིམ་འགྲུལ་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་གསར་གཏོད་རྣམ་གྲངས་ཤིག་ཡིན་པའི་ངོས་ནས་ཞིམ་ཟས་གཙོ་བོར་བྱས་པའི་ཐོག་སོ་གཉིས་ལྡན་གྱི་ལྟ་སྐོར་སྤྱི་སྤྱོད་རླངས་འཁོར་གྱིས་ཡུལ་སྐོར་བར་ཡུལ་སྐོར་གྱི་ཉམས་ལེན་གསར་རྐྱང་ཞིག་མཁོ་འདོན་བྱས་པར་མ་ཟད། ལྷ་ས་གྲོང་ཁྱེར་གྱི་གཟུགས་བརྙན་དང་རིག་གནས་ཀྱི་ནང་དོན་གང་ལེགས་མངོན་པར་བྱས་པས་ལྷ་སའི་རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་བའི་མིང་བྱང་ལྟ་བུར་གྱུར་ཡོད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-04 6 6 拉萨日报藏文 c213102.html 1 གནའ་གྲོང་གི་སྤོ་རུང་བའི་རིག་གནས་ཀྱི་སྟོན་མོ་ གཟབ་རྒྱས་ཤིག་བཤམས་པ། /enpproperty-->