分享按钮

(པར་ངོས་དང་པོར་མཐུད)ལྷ་ས་མཐོ་གསར་ཁུལ(སྣེའུ་ཁུལ་གསར)གྱི་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་བློ་བཟང་རྣམ་རྒྱལ་གྱིས་རྩ་གཉིས་རྟགས་རིས་བཤེར་ཏེ་ཁེ་ལས་ལ་ཞིབ་བཤེར་བྱེད་པ་ནི་ལྟ་སྐུལ་དོ་དམ་བྱེད་སྟངས་གྲངས་འཛིན་ཅན་དུ་ལེགས་སྒྱུར་བྱས་པ་ཞིག་ཡིན་པར་མ་ཟད། ང་ཚོས་ཁེ་ལས་ལ་ཁས་ལེན་ནན་པོ་བྱས་པ་ཞིག་ཀྱང་ཡིན། རྟགས་རིས་གཅིག་གིས་ཀུན་བཤེར་དང་རྟགས་རིས་གཅིག་གིས་ཁུངས་འདེད་ཐུབ་པར་བྱས་པ་བརྒྱུད་ཁྲིམས་འཛིན་དེ་བས་ཁ་གསལ་དང་། ཞིབ་བཤེར་དེ་བས་ཚད་ལྡན། ཁེ་ལས་དེ་བས་བློ་བདེ་བཅས་ཡོང་བར་བྱས་ཡོད། ཕྱིས་འབྱུང་ང་ཚོས་ལག་རྩལ་ལ་བརྟེན་ནས་ཕྱོགས་མང་གི་ཁྲིམས་འཛིན་མེད་པར་བཟོ་བ་དང་། གཞི་གྲངས་ལ་བརྟེན་ནས་ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་བ། ཡིད་རྟོན་རིགས་དབྱེར་བརྟེན་ནས་གནད་སྨིན་ལྟ་སྐུལ་དོ་དམ་བཅས་བྱས་ཏེ་དོན་མེད་སུན་པོ་མི་བཟོ་བ་དང་རེ་བ་བཏོན་ཚེ་ངེས་པར་དུ་བསྒྲུབ་ཐུབ་པར་བྱས་ཐོག་ཚད་ལྡན་དང་གོ་རིམ་ལྡན་པའི་ཁྲིམས་འཛིན་གྱི་ཁོར་ཡུག་ཅིག་གཏོད་རྒྱུ་ཡིན་ཞེས་བཤད།

རྣམ་གྲངས་དེས་ཁེ་ལས་ཀྱི་ལས་གཉེར་ལག་ཁྱེར་གྱི་རྩ་གཉིས་རྟགས་རིས་དེ་ལྟེ་བར་བྱས་ནས་བརྒྱུད་རིམ་ཧྲིལ་པོའི་གྲངས་འཛིན་ཅན་གྱི་ལྟ་སྐུལ་དོ་དམ་མ་ལག་བསྐྲུན་རྒྱུ་ཡིན་པ་སྟེ། ཁྲིམས་འཛིན་མི་སྣས་རྩ་གཉིས་རྟགས་རིས་བཤེར་ཏེ་ཁེ་ལས་སུ་བསྐྱོད་པར་སྒྲིག་སྲོལ་དང་མཐུན་པའི་རང་བཞིན་ལ་ཞིབ་བཤེར་བྱེད་དགོས་པ་དང་། ཞིབ་བཤེར་གྱི་བརྒྱུད་རིམ་དང་འབྲས་བུ་དུས་ཐོག་ཏུ་གཞི་གཅིག་ཅན་གྱི་ལས་སྟེགས་ཐོག་བསྐུར་ནས་སྡེ་ཚན་སྒྲོལ་བའི་མཉམ་འབྲེལ་ཞིབ་བཤེར་ཐོ་འགོད་ལ་རྒྱབ་སྐྱོར་བྱེད་དགོས། ཞིབ་བཤེར་མཇུག་འགྲིལ་རྗེས་ཁེ་ལས་ཀྱིས་ཐད་ཀར་རྩ་གཉིས་རྟགས་རིས་བཤེར་ཏེ་བློ་ཡིད་ཚིམ་ཚད་ལ་གདེང་འཇོག་དང་བསྐྱར་ཞིབ་སོགས་ཀྱི་ཁུངས་སྣེ་ཚུར་ལན་བྱས་ཏེ་ཞིབ་བཤེར་དང་། ཚུར་ལན། བཅོས་སྒྲིག་བཅས་ཀྱི་ལྟ་སྐུལ་གྱི་གདུབ་ཟུམ་ཞིག་ཆགས་པར་བྱས་ནས་ཡོང་ཐེངས་གཅིག་ལ་ཁག་མང་པོར་ཞིབ་བཤེར་བྱེད་པ་དང་། དོན་མེད་སུན་པོ་མི་བཟོ་བ། རེ་བ་བཏོན་ཚེ་ངེས་པར་དུ་སྒྲུབ་པ་བཅས་མངོན་འགྱུར་བྱུང་ཡོད། པེ་ཅིང་བོད་སྐྱོར་གསོ་རིག་ཚན་རྩལ་ཚད་ཡོད་ཀུང་སིའི་ཝུའུ་ཞའོ་ཧྥང་གིས་ཁེ་ལས་སུ་རྩ་གཉིས་རྟགས་རིས་བཤེར་བ་ཡིས་ཁེ་ལས་དང་འབྲེལ་བའི་ཁྲིམས་འཛིན་ཞིབ་བཤེར་ཚད་ལྡན་དུ་བཏང་ཞིང་། དེ་སྔོན་ལྟར་ཚན་པ་བཅུ་གྲངས་ཁ་ཤས་ཞིབ་བཤེར་བྱེད་པར་ཡོང་བ་དང་མི་འདྲ་བར་ད་ཆ་ཞིབ་བཤེར་ཐེངས་གཅིག་བྱས་ཚེ་ཁག་མང་པོར་མཉམ་དུ་ཞིབ་བཤེར་ཐུབ་ནས་ཁེ་ལས་ཀྱིས་དུས་ཚོད་དང་སེམས་ནུས་དེ་བས་མང་བ་གཉེར་སྐྱོང་གི་ལས་དོན་ཐད་འདོན་སྤེལ་བྱེད་ཐུབ་ཅེས་བཤད།

ད་ཐེངས་ཁེ་ལས་སུ་རྩ་གཉིས་རྟགས་རིས་བཤེར་བའི་ཚོད་ལྟ་བྱེད་འགོ་ཚུགས་པ་དེའི་ཐོག་ནས་ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)གྱི་སྡེ་ཚན་སྒྲོལ་བའི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་གྱི་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ཐད་འགག་རྩའི་གོམ་སྟབས་ཤིག་སྤོས་པ་མཚོན་ཡོད། སླད་ཕྱིན་རྣམ་གྲངས་དེ་ཁོངས་གཏོགས་ཁུལ་གྱི་གཉེར་སྐྱོང་བྱེད་པོ་ཚང་མར་ཁྱབ་པར་བྱས་ཏེ་ཨང་རྟགས་ལ་བརྟེན་ནས་ལྟ་སྐུལ་དོ་དམ་གྱི་ཕན་ནུས་དང་ཁེ་ལས་ཀྱི་བློ་ཡིད་ཚིམ་ཚད་གཉིས་ཀ་མཐོ་རུ་བཏང་ནས་ལྗོངས་ཡོངས་ཀྱི་ཁེ་ལས་དང་འབྲེལ་བའི་སྲིད་འཛིན་ཁྲིམས་འཛིན་ཚད་ལྡན་དུ་གཏོང་རྒྱུར་འདྲ་བཟོ་ཆོག་པའི་ཉམས་མྱོང་གསར་པ་མཁོ་འདོན་བྱ་རྒྱུ་རེད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-04 6 6 拉萨日报藏文 c213101.html 1 /enpproperty-->