(པར་ངོས་གཉིས་པར་མཐུད)མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་གི་ལས་སྒོའི་ཡོན་ཀྲང་གཞོན་པ་ཆན་ཞའོ་ཧྭ་ཡིས་རྗེས་མར་སྨན་ཁང་གིས་ས་མཐོའི་མང་ཚོགས་ཀྱི་བདེ་ཐང་གི་དགོས་མཁོར་མུ་མཐུད་དམིགས་ནས་གཞི་རིམ་དུ་སྐོར་སྐྱོད་སྨན་བཅོས་དང་བདེ་ཐང་ཐད་ཀྱི་དྲིལ་བསྒྲགས་དང་སློབ་གསོ་སོགས་དམངས་ཕན་ཞབས་ཞུ་རྒྱུན་རྣམ་ཅན་དུ་འགྱུར་བར་བྱ་རྒྱུ་དང་། ཆམ་རིམས་འགོག་བཅོས་ཀྱི་འཕྲལ་སྡོམ་སྔོན་ཇུས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། སྨན་བཅོས་ཀྱི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་དགུན་དུས་ཀྱི་བདེ་ཐང་ལ་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社