ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར་གྲོང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་རྒྱལ་ཁའི་ངང་འཚོགས་པ་དང་ཚོགས་འདུའི་ཐོག་ལྷ་སའི་འབྱུང་འགྱུར་འཕེལ་རྒྱས་ཀྱི་བརྗིད་ཆེའི་འཆར་གཞི་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱས་པ་དང་ལྷག་པར་དུ་འབྱུང་ཁམས་ལ་བརྟེན་ནས་གྲོང་ཁྱེར་འཛུགས་རྒྱུར་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་རིན་ཐང་མཐོ་བའི་འབྱུང་ཁམས་ཀྱི་མཛེས་སྡུག་ལྡན་པའི་ལྷ་ས་འཛུགས་སྐྲུན་བྱེད་དགོས་ཞེས་པའི་བཀོད་སྒྲིག་གལ་ཆེན་བཏོན་པར་སྙེ་མོ་རྫོང་དུ་ཚུར་སྣང་ལན་ཆ་བཟང་པོ་བྱུང་བ་རེད། རྫོང་ཡོངས་ཀྱི་རིམ་ཁག་ལས་བྱེད་པ་དང་མང་ཚོགས་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་ཤིག་མགྱོགས་མྱུར་འཕྱུར་ནས་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
སྙེ་མོ་རྫོང་འབྱུང་ཁམས་ཁོར་ཡུག་ཅུས་ཀྱི་ལས་དོན་པ་རེན་གོ་ཆོན་གྱིས་ང་ཚོས་མགྱོགས་མྱུར་སློབ་སྦྱོང་སྒྲིག་འཛུགས་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་འབྱུང་ཁམས་སྲུང་སྐྱོང་གི་ཞིབ་ཕྲའི་བྱ་སྤྱོད་དུ་བསྒྱུར་ཡོད།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社