分享按钮

ཞིམ་ཟས་གཙོ་བོར་བྱས་པའི་ལྷ་སའི་ཐོག་སོ་གཉིས་ལྡན་གྱི་ལྟ་སྐོར་སྤྱི་སྤྱོད་རླངས་འཁོར་སྤྱོད་འགོ་ཚུགས་པ།

གནའ་གྲོང་གི་སྤོ་རུང་བའི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ།

▲པར་འདི་ནི་ཞིམ་ཟས་གཙོ་བོར་བྱས་པའི་ལྷ་སའི་ཐོག་སོ་གཉིས་ལྡན་གྱི་ལྟ་སྐོར་སྤྱི་སྤྱོད་རླངས་འཁོར་ནང་འཁྲབ་སྟོན་བྱེད་བཞིན་པའི་རྣམ་པ་ཡིན། ◀པར་འདི་ནི་ཞིམ་ཟས་གཙོ་བོར་བྱས་པའི་ལྷ་སའི་ཐོག་སོ་གཉིས་ལྡན་གྱི་ལྟ་སྐོར་སྤྱི་སྤྱོད་རླངས་འཁོར་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། རེས་སྐོར་བརྒྱད་པའི་དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ་དང་བསྟུན་ནས་གངས་ལྗོངས་ས་མཐོའི་ཡུལ་སྐོར་ལས་རིགས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བཞིན་ཡོད། འདི་ལོའི་ཟླ་11པར། ཞིམ་ཟས་གཙོ་བོར་བྱས་པའི་ལྷ་སའི་ཐོག་སོ་གཉིས་ལྡན་གྱི་ལྟ་སྐོར་སྤྱི་སྤྱོད་རླངས་འཁོར་དངོས་སུ་སྤྱོད་འགོ་ཚུགས་པ་དང་། གྲོང་ཁྱེར་དུ་ལྟ་སྐོར་དང་བོད་ཡུལ་གྱི་ཞིམ་ཟས་ལ་མྱོང་རོལ། མངོན་མིན་རིག་གནས་ཤུལ་བཞག་ལ་ཉམས་ལེན་བཅས་བྱ་རྒྱུ་ཟུང་དུ་འབྲེལ་བའི་གཅིག་འཐུས་རྣམ་པའི་ཞབས་ཞུ་མཁོ་འདོན་བྱས་ནས་རྒྱ་ཆེའི་ཡུལ་སྐོར་བར་གནའ་གྲོང་ལྷ་སའི་མཐོང་སྣང་གསར་རྐྱང་ཞིག་སྦྱིན་རྒྱུ་དང་། སྤོ་རུང་བའི་བོད་ཀྱི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ནས་དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་ལྷ་སའི་ཡུལ་སྐོར་གྱི་བཀྲག་མདངས་འཚེར་ས་གསར་པར་གྱུར་ཡོད། ཉེ་ཆར། གསར་འགོད་པས་ཡུལ་དངོས་སུ་ཞིམ་ཟས་གཙོ་བོར་བྱས་པའི་ཐོག་སོ་གཉིས་ལྡན་གྱི་ལྟ་སྐོར་སྤྱི་སྤྱོད་རླངས་འཁོར་དེར་ལྟ་སྐོར་བྱས་པ་ཡིན། རླངས་འཁོར་དེ་ནི་ནུས་ཁུངས་གསར་པའི་གློག་སྒུལ་རླངས་འཁོར་གྱི་སྒྲོམ་གཞི་གཙོ་བོར་བྱས་པ་དང་།འཁོར་སྒྲོམ་ཐོག་ལྷ་སའི་ཁྱད་ལྡན་གཞི་རྒྱུས་བརྒྱན་པས་སྤོ་རུང་བའི་རིག་གནས་འགྲེམས་ཁང་ཞིག་དང་གཉིས་སུ་མ་མཆིས། འཁོར་སྒྲོམ་ནང་གི་ནུས་པའི་ཁུལ་ཁ་གསལ་བཟོས་ཡོད་པ་སྟེ། ཐོག་སོ་དང་པོར་གསང་སྤྱོད་དང་། རིག་གནས་གསར་གཏོད་འགྲེམས་ཁུལ། མ་བྱན་གྱི་བཀོལ་སྤྱོད་ཁུལ་བཅས་བཀོད་སྒྲིག་བྱས་ཡོད་པ་དང་། ཐོག་སོ་གཉིས་པ་ནི་ཁ་ལག་ཟ་ཁུལ་ཡིན་པ་དང་སྒྲོག་ཙེ་8སྒྲིག་ཡོད་ཅིང་། མི་34ཤོང་གི་ཡོད་པས་ཁྱིམ་ཚང་ངམ་ཡང་ན་གྲོགས་པོ་ཕྱིར་སྐྱོད་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད། རྩེ་མོར་ཡུལ་ལྗོངས་ཧྲིལ་པོ་མཐོང་བའི་ཐོག་ཤེལ་བསྒར་ཡོད་པས་འགྲུལ་པས་ཞིམ་ཟས་ལོངས་སུ་སྤྱོད་པ་དང་ཆབས་ཅིག་ལྷ་ས་གྲོང་ཁྱེར་གྱི་མཛེས་ལྗོངས་ལ་ལྟ་རྒྱུ་ཡོད།ལྟ་སྐོར་སྤྱི་སྤྱོད་རླངས་འཁོར་ལ་ད་དུང་ཆེད་ལས་ཀྱི་སྒྲ་བརྙན་མ་ལག་དང་། འཁྲབ་སྟོན་ས་ཁོངས། གསོ་རླུང་མཁོ་འདོན་མ་ལག་བཅས་སྒྲིག་སྦྱོར་བྱས་ནས།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-04 ཞིམ་ཟས་གཙོ་བོར་བྱས་པའི་ལྷ་སའི་ཐོག་སོ་གཉིས་ལྡན་གྱི་ལྟ་སྐོར་སྤྱི་སྤྱོད་རླངས་འཁོར་སྤྱོད་འགོ་ཚུགས་པ། 6 6 拉萨日报藏文 c213092.html 1 གནའ་གྲོང་གི་སྤོ་རུང་བའི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ། /enpproperty-->