ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཁེ་ལས་ཀྱི་ཕྱོགས་མང་ཞིབ་བཤེར་དང་བསྐྱར་ཞིབ་ཀྱི་དཀའ་གནད་ཐག་གཅོད་ཏན་ཏིག་བྱ་ཆེད། ཉེ་ཆར། ལྷ་ས་མཐོ་གསར་ཁུལ(སྣེའུ་ཁུལ་གསར)ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ལྗོངས་སྲིད་དོན་ཞབས་ཞུའི་ལྟེ་གནས་སུ་ཨང་རྟཊ་ཀྱི་ནུས་པར་བརྟེན་ནས་ཁེ་ལས་ཀྱི་འགྱུང་འགྱུར་ལ་སྐུལ་འདེད་གཏོང་བ་ཞེས་པའི་རྩ་གཉིས་རྟཊ་རིས་བཤེར་ནས་ཁེ་ལས་ལ་ཞིབ་བཤེར་བྱེད་པའི་རྣམ་གྲངས་འགོ་ཚུཊ་པའི་མཛད་སྒོ་འཚོཊ་པ་རེད། རང་སྐྱོང་ལྗོངས་རིམ་པའི་ཚོད་ལྟ་བྱ་ཡུལ་ཡིན་པའི་ངོས་ནས་རྣམ་གྲངས་དེས་གྲངས་འཛིན་ཅན་གྱི་བྱ་ཐབས་ཐོག་ནས་ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་ཞིབ་བཤེར་ཚད་ལྡན་དུ་བཏང་སྟེ་ཁོངས་གཏོཊ་ཁུལ་གྱི་ཚོང་གཉེར་ཁོར་ཡུག་གི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་ལ་སྐུལ་འདེད་བཏང་ཡོད།
ཁེ་ལས་སུ་རྩ་གཉིས་རྟགས་རིས་བཤེར་བའི་ཚོད་ལྟའི་ལས་དོན་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་གཞུང་དོན་ཐིང་གི《ཁེ་ལས་དང་འབྲེལ་བའི་སྲིད་འཛིན་ཞིབ་བཤེར་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་ཁེ་ལས་དང་འབྲེལ་བའི་སྲིད་འཛིན་ཚད་ལྡན་དུ་གཏོང་བའི་ཁྲིམས་འཛིན་ཆེད་དོན་བྱ་སྤྱོད་ཀྱི་བླང་བྱ་དོན་འཁྱོལ་བྱེད་པའི་འགག་རྩའི་བྱ་ཐབས་ཤིག་ཡིན་ཞིང་། ལྷ་ས་མཐོ་གསར་ཁུལ་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ལག་བསྟར་བྱེད་འགན་འཁུར་བ་དང་། དོན་སྙིང་གཙོ་བོ་ནི་གྲངས་འཛིན་ཅན་གྱི་བྱ་ཐབས་ལ་བརྟེན་ནས་ཁེ་ལས་འཕེལ་རྒྱས་ཁྲོད་ཀྱི་ཁྲིམས་འཛིན་ཞིབ་བཤེར་གྱི་དཀའ་གནད་སེལ་རྒྱུ་དེ་རེད།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社