分享按钮

རྒྱལ་ཁབ་རིག་ལྡན་སློབ་གསོའི་ལས་སྟེཊ་ཀྱིས་ཉེར་སྤྱོད་ཚོད་ལྟའི་སྤེལ་རེས་གཏིང་ཟབ་ཏུ་གཏོང་བའི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། སློབ་གསོ་པུའི་སློབ་གསོ་ལག་རྩལ་དང་ཐོན་ཁུངས་འཕེལ་རྒྱས་ལྟེ་གནས(ཀྲུང་དབྱང་གློག་སྤྱད་སློབ་ཁྲིད་ཁང)ཀྱིས་མཚོ་སྔོན་ཟི་ལིང་དུ་རྒྱལ་ཁབ་རིག་ལྡན་སློབ་གསོའི་ལས་སྟེགས་ཀྱིས་ཉེར་སྤྱོད་ཚོད་ལྟའི་སྤེལ་རེས་གཏིང་ཟབ་ཏུ་གཏོང་བའི་བྱེད་སྒོ་སྤེལ་བ་རེད། ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་གློག་སྤྱད་སློབ་ཁྲིད་ཁང་དང་དེ་བཞིན་ཚོད་ལྟའི་སློབ་གྲྭ་10ཡི་འགན་འཁུར་བ་བྱེད་སྒོར་ཞུགས་ནས་ལྷ་ས་གྲོང་ཁྱེར་གྱི་སློབ་གསོ་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ཐད་འཚོལ་ཞིབ་ཧུར་ཐག་བྱས་པ་དང་དུས་མཚམས་རང་བཞིན་གྱི་ཕན་འབྲས་གཅིག་སྡུད་ཐོག་མངོན་པར་བྱས་ཡོད།

བྱེད་སྒོའི་ནང་རང་གྲོང་གི་ཁྲེང་ཀོན་ཆུས་སློབ་ཆུང་དགུ་པའི་དགེ་རྒན་ཀྲོའུ་ཐེན་ཧའོ་ཡིས《སློབ་ཆུང་གི་སྐད་ཡིག་སློབ་ཁྲིད་ཁྲོད་རྒྱལ་ཁབ་སློབ་གྲྭ་འབྲིང་ཆུང་གི་རིག་ལྡན་སློབ་གསོའི་ལས་སྟེགས་སྤྱོད་པ》ཞེས་པའི་ཐོག་ནས་སློབ་ཁྲིད་ཀྱི་སྐོར་གླེང་བ་སྟེ། སློབ་གྲྭས་སློབ་ཆུང་གི་སྐད་ཡིག་སློབ་ཁྲིད་ཁྲོད་རྒྱལ་ཁབ་ལས་སྟེགས་ཀྱི་ཐོན་ཁུངས་བརྒྱུད་རིམ་ལྡན་པའི་ངང་སྤྱོད་པའི་ལག་ལེན་གྱི་ཐབས་ལམ་མཉམ་སྤྱོད་བྱས་པ་རེད། སློབ་གྲྭས་སློབ་ཚན་སློབ་ཁྲིད་དཔེ་དབྱིབས་ཀྱི་ལས་སྟེགས་གང་ལེགས་སྤྱད་དེ་དགེ་རྒན་གྱི་སློབ་ཁྲིད་གྲ་སྒྲིག་ལེགས་སུ་དང་སློབ་མའི་རང་བརྟེན་སློབ་སྦྱོང་ནུས་པ་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། 《ཆུ་འཐུང་དུས་ཁྲོན་པ་འདྲུ་མཁན་བརྗེད་མི་རུང》ཞེས་པ་སོགས་སློབ་ཚན་སློབ་ཁྲིད་བྱེད་པའི་ཁྲོད། དགེ་རྒན་གཉིས་ཀྱིས་སློབ་ཚན་ཁྲིད་པའི་རྣམ་པ་གསར་གཏོད་བྱས་ཏེ་དྲ་ཐོག་ཀྱི་གྲཊ་ཅན་དགེ་རྒན་དང་དྲ་ཕྱིའི་དགེ་རྒན་མཐུན་སྦྱོར་ངང་སློབ་ཁྲིད་ཐུབ་པར་བྱས་པ་དང་འབྲེལ་སྤྲོ་སྣང་ལྡན་པའི་དཔེ་ཀློག་དང་གསུང་རབ་རྒྱུན་འཛིན་སོགས་ཀྱི་གཙོ་དོན་ལ་དམིགས་ནས་དྲ་ཐོག་དང་དྲ་ཕྱི་མཉམ་འདྲེས་དང་ཐོན་ཁུངས་དང་ལག་ལེན་མཉམ་འགུལ་གྱི་སློབ་ཆུང་སྐད་ཡིག་སློབ་ཁྲིད་ཀྱི་ཁོར་ཡུག་གསར་པ་བཏོད་ནས།(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-04 6 6 拉萨日报藏文 c213090.html 1 རྒྱལ་ཁབ་རིག་ལྡན་སློབ་གསོའི་ལས་སྟེཊ་ཀྱིས་ཉེར་སྤྱོད་ཚོད་ལྟའི་སྤེལ་རེས་གཏིང་ཟབ་ཏུ་གཏོང་བའི་བྱེད་སྒོ་སྤེལ་བ། /enpproperty-->