分享按钮

ལྷ་ས་གྲོང་ཁྱེར་འདི་ཉིད་འཛད་སྤྱོད་ཀྱི་ལས་རྣམ་གསར་པ་དང་དཔེ་དབྱིབས་གསར་པ་རྣམ་པ་གསར་པ་བཅས་ཀྱི་ཚོད་ལྟའི་གྲོང་ཁྱེར་ལ་བདམས་པ།

(པར་ངོས་དང་པོར་མཐུད)འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་ཞིག་རེད།2024ལོར།ལྷ་ས་གྲོང་ཁྱེར་གྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་459.36ཟིན་པ་དེས་རང་ལྗོངས་ཀྱི་ཕྱེད་ཀ་ཙམ་བཟུང་ཡོད།དྲ་རྒྱའི་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་264.97ཟིན་ནས་བརྒྱ་ཆ་35.94འཕར་བ་དེས་ལྗོངས་ཡོངས་ཀྱི་བརྒྱ་ཆ་87.05བཟུང་ཡོད།འཛད་སྤྱོད་ཆ་འགྲིག་མ་དངུལ་སྒོར་དུང་ཕྱུར་9.2སྐུལ་སྤེལ་བཏང་བ་དང་།འཛད་སྤྱོད་སྒོར་དུང་ཕྱུར་89.77སྐུལ་ཁྲིད་བྱས་ཡོད།འདས་ཟིན་པའི་ལོ་གཅིག་ལ་ཕྱིར་མིག་བལྟས་ཚེ།གྲུབ་འབྲས་གཟེངས་སུ་ཐོན་པ་དང་འཛད་སྤྱོད་དེ་དཔལ་འབྱོར་འཕར་རྒྱུར་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་གཙོ་བོར་གྱུར་ཡོད།

འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས།ལྷ་ས་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་འབྲེལ།ད་ཐེངས་ཀྱི་འཛད་སྤྱོད་ཀྱི་ལས་རྣམ་གསར་པ་དང་།དཔེ་དབྱིབས་གསར་པ།རྣམ་པ་གསར་པ་བཅས་ཀྱི་ཚོད་ལྟའི་གྲོང་ཁྱེར་ལ་བདམས་ཐོན་བྱུང་བ་དེ་གོ་སྐབས་སུ་བྱས་ཏེ།འཛད་སྤྱོད་ཀྱི་སྤུས་ཚད་ལེགས་སུ་གཏོང་བ་དང་རྒྱ་སྐྱེད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུ་རེད།

གྲོང་ཁྱེར་ཚོང་དོན་ཅུས་ཁྲོམ་རའི་མ་ལག་འཛུགས་སྐྲུན་ཁོའོ་ཡི་ཁོའོ་ཀྲང་ལི་ནའེ་ཤོན་གྱིས་ད་རེས་གྲུབ་འབྲས་ཐོབ་པའི་སྒོ་ནས་རྒྱལ་ཡོངས་ཀྱི་ཚོད་ལྟའི་གྲོང་ཁྱེར་ནང་བདམས་ཏེ་ཚད་གཞི་མཐོན་པོའི་སྒོ་ནས་ལྷ་སའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་ཆེན་པོ་བསྣན་ཡོད།ང་ཚོས་དེ་འགོ་འཛུགས་ས་གསར་པར་བརྩིས་ནས་རྒྱ་ཆེའི་ཁྲོམ་རའི་བྱེད་པོར་ཁྲིད་སྟོན་ཧུར་ཐག་བྱེད་པ་དང་།འཛད་སྤྱོད་ཀྱི་ལས་རྣམ་གསར་པ་དང་།དཔེ་དབྱིབས་གསར་པ།རྣམ་པ་གསར་པ་བཅས་ཀྱི་སྔོན་དཔག་བཀོད་ཇུས་ལ་དམིགས་ནས་ཚད་ཤིང་གི་དཔེ་སྟོན་ནུས་པ་ལྡན་པའི་སྤུས་ལེགས་རྣམ་གྲངས་ཁག་གཅིག་ཐུན་མོང་ཐོག་ཇུས་འགོད་བྱ་རྒྱུ་ཡིན།ཡོངས་བསྒྲགས་མཇུག་འགྲིལ་རྗེས།ང་ཚོས་འཕྲལ་དུ་རྣམ་གྲངས་འཚོལ་བསྡུའི་ལས་དོན་སྤེལ་ནས་ལས་རིགས་ཁག་དང་མཉམ་དུ་ལྷ་སར་འཛད་སྤྱོད་ཀྱི་མཐོ་ས་གསར་པ་བཏོད་དེ་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་ཆེད་ནུས་ཤུགས་ཡོད་རྒུས་མདུན་སྐྱོད་བྱ་རྒྱུ་ཡིན་ཞེས་བཤད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-03 6 6 拉萨日报藏文 c212974.html 1 ལྷ་ས་གྲོང་ཁྱེར་འདི་ཉིད་འཛད་སྤྱོད་ཀྱི་ལས་རྣམ་གསར་པ་དང་དཔེ་དབྱིབས་གསར་པ་རྣམ་པ་གསར་པ་བཅས་ཀྱི་ཚོད་ལྟའི་གྲོང་ཁྱེར་ལ་བདམས་པ། /enpproperty-->