分享按钮

དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་འབད་འབུངས་བྱས་ནས་བདེན་དགེ་མཛེས་གསུམ་བརྒྱུད་སྤེལ་དང་དྲང་ནུས་བརྒྱུད་སྤྲོད་བྱེད་དགོས།

(པར་ངོས་དང་པོར་མཐུད)

ཀྲུང་གོའི་དང་བླངས་ཞབས་ཞུ་མཉམ་འབྲེལ་ལྷན་ཚོགས་རིགས་པའི་གཞུང་ལུགས་ཞིབ་འཇུག་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཏིང་ཡོན་ཀྲུའུ་ཡིས། ལོ་འདི་དག་རིང་ལམ་ལུགས་འཛུགས་སྐྱོང་དང་། རྩ་འཛུགས་འཕེལ་རྒྱས། ཞབས་ཞུ་གསར་གཏོད། སྤྱི་དམངས་ཞུགས་པ་སོགས་ཀྱི་ཐད་ཀྲུང་གོའི་དང་བླངས་ཞབས་ཞུར་ཡར་རྒྱས་ཆེན་པོ་བྱུང་ནས། སྤྱི་ཚོགས་བཅོས་སྐྱོང་དང་སྤྱི་པའི་ཞབས་ཞུའི་མ་ལག་ཁྲོད་ཀྱི་མེད་དུ་མི་རུང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་གསུངས་པ་རེད།

ཏིང་ཡོན་ཀྲུའུ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དེ་དང་བླངས་ཞབས་ཞུའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྩ་བའི་གཞི་འཛིན་སར་བརྩིས་ནས། དང་བླངས་ཞབས་ཞུ་དེ་དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་དེ་བས་བརྟན་པའི་སྒོ་ནས་སྐྱོད་ཐུབ་པར་བྱེད་དགོས་ཞེས་གསུངས་པ་རེད།

ཧྥུའུ་ཅན་ཞིང་ཆེན་རི་འཛེག་མཐུན་ཚོགས་ཀྱི་རི་ཁུལ་རོགས་སྐྱོབ་རུ་ཁག་2001ལོར་བཙུགས་ཚུན། རོགས་སྐྱོབ་ལས་འགན་ཐེངས་528བསྒྲུབས་ནས། ཚེ་སྲོག་1770སྲོག་ཉེན་ལས་བསྐྱབས་ཡོད། རུ་དཔོན་ཀྲུའུ་ཧྲའོ་མིང་དང་རུ་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དང་བླངས་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་རྒྱུའི་སྐོར་ལ་མྱོང་ཚོར་ཟབ་མོ་བྱུང་ནས། དཔུང་ཁག་ཁྲོད་རྒྱུན་ཆད་མེད་པར་ངོ་རིས་གསར་པ་ཐོན་པ་དེ་ནི་དང་བླངས་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། ང་ཚོས་བློ་བརྟན་འགྱུར་མེད་ངང་མདུན་དུ་བསྐྱོད་དེ་དང་བླངས་ཀྱི་སྙིང་སྟོབས་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

ཀོང་ཤིས་གསོ་རིག་སློབ་ཆེན་གྱི་དགེ་རྒན་དང་། མཛའ་གྲོགས་འབྲེལ་ཟམ་སྟེ་ཀོང་ཤིས་ལས་རིགས་སློབ་གསོའི་གསོ་སྦྱོང་ཁམ་ཕུ་ཁྲེར་སྤེལ་བའི་དང་བླངས་ཞབས་ཞུའི་རུ་ཁག་གི་རུ་དཔོན་ལུའུ་ཡུས་ཀྱིས། རྒྱལ་སྤྱིའི་དང་བླངས་པ་ཞིག་ཡིན་པའི་ངོས་ནས། ངས་སྤྱི་ཁྱབ་ཧྲུའུ་ཅིས་བསྟན་པའི་དང་བླངས་ཞབས་ཞུ་ནི་སྤྱི་ཚོགས་ཤེས་དཔལ་ཡར་ཐོན་གྱི་མཚོན་རྟགས་གལ་ཆེན་ཞིག་ཡིན་ཞེས་པའི་ཕུན་སུམ་ཚོགས་པའི་ནང་དོན་ལ་མྱོང་ཚོར་ཟབ་མོ་བྱུང་། སླད་ཕྱིན་ཁམ་ཕུ་ཁྲེའི་ཁྱིམ་ཚང་དབུལ་པོ་དང་གཞོན་ནུར་རྩལ་ནུས་གསོ་སྦྱོང་མུ་མཐུད་དེ་བྱས་ཏེ་དང་བླངས་ཞབས་ཞུ་གཞི་རྟེན་དུ་བྱས་ནས། མཛའ་གྲོགས་བརྒྱུད་སྤྲོད་བྱས་ཏེ། དམངས་སེམས་གཅིག་མཐུན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

བདེན་དགེ་མཛེས་གསུམ་བརྒྱུད་སྤྲོད་དང་དྲང་ནུས་བརྒྱུད་སྤེལ་བྱེད་དགོས་ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་གི་མངགས་བཅོལ་ཡི་གེ་ལས་རྒྱ་ཆེའི་དང་བླངས་ཞབས་ཞུའི་ལས་དོན་པར་འགན་འཁྲི་ལྕི་བ་དང་གཟི་བརྗིད་ལྡན་པའི་མྱོང་ཚོར་ཟབ་མོ་བྱུང་ཡོད།

སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་མཐོ་གསར་ཁུལ་ཨའེ་ཡིའུ་ཅུས་ཟློས་གར་སྤྱི་ཚོགས་ལས་དོན་ཞབས་ཞུའི་ལྟེ་གནས་ཀྱི་ཏང་ཀྲི་པུའི་ཧྲུའུ་ཅི་དང་ལག་བསྟར་ཀྲུའུ་རེན་ཏུའུ་ཚན་ཚན་གྱིས། ངས་རེ་བ་ཆེན་པོ་དེ་དངོས་དངོས་རྗེན་རྗེན་གྱི་བྱ་སྤྱོད་ཅིག་ཏུ་འགྱུར་བར་བྱ་རྒྱུ་ཡིན། བརྩེ་སེམས་འཆང་བ་དང་འགན་འཁྲི་ཁུར་ནས་ཞབས་ཞུ་དེ་བས་གནད་སྨིན་དང་ཆེད་ལས་སུ་འགྱུར་བར་བྱས་ཏེ། མང་ཚོགས་ལ་རོགས་རམ་བྱས་ནས། དཀའ་ངལ་དངོས་ཐག་གཅོད་བྱེད་པའི་བརྒྱུད་རིམ་ནང་ཏང་གི་ཐུགས་ཁུར་དང་དྲོ་སྐྱིད་བརྒྱུད་སྤྲོད་བྱས་ཏེ། སྤྱི་ཚོགས་ཡོངས་སུ་རོགས་རེས་མཛའ་གྲོགས་དང་ཡར་བརྩོན་ཡར་ཐོན་གྱི་རྣམ་པ་བཟང་པོ་ཡོང་བར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཤིན་ཅང་ཨ་ཐུའུ་ཧྲེན་གྲོང་ཁྱེར་ཧ་ལ་ཅུན་ཤང་ཤེ་དབྱི་ཐེ་སློབ་ཆུང་གི་མཐའ་སྲུང་སློབ་སྐྱོར་ནུབ་རྒྱུད་འཆར་གཞིའི་དང་བླངས་པའི་ཞབས་ཞུའི་རུ་ཁག་གི་རུ་དཔོན་ཡན་ཙེ་ཧྥུང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་དེས་ང་ཚོའི་སློབ་སྐྱོར་ལས་དོན་ལ་དེ་བས་ཟབ་པའི་འགན་འཁྲི་དཀྲིས་ཡོད། མཐའ་མཚམས་སློབ་གསོའི་འཐབ་ས་མདུན་མར་གཞི་ཚུགས་པའི་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ཞིག་ཡིན་པའི་ངོས་ནས། ང་ཚོས་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་གཞོལ་དགོས་པར་མ་ཟད། མི་རིགས་མཐུན་སྒྲིལ་གྱི་སྦྲེལ་ཐག་དང་གྲོང་གསེབ་དར་རྒྱས་ཀྱི་རམ་འདེགས་པར་དེ་བས་འགྱུར་རྒྱུར་གཞོལ་ནས། དང་བླངས་ཀྱི་སྟོབས་ཤུགས་མཐའ་མཚམས་གཞི་རིམ་དུ་གཞི་ཚུགས་ཐུབ་པར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཕྱོགས་གཅིག་མཐོ་རིམ་སློབ་གྲྭ་དང་འབྲེལ་ཞིང་། ཕྱོགས་གཞན་ཞིག་ཞིང་ཁ་དང་མུ་ཁར་འབྲེལ་ཡོད། ཉེ་བའི་ལོ་ཤས་རིང་། ཚན་རིག་ཞིབ་འཇུག་ཁང་དང་སློབ་ཆེན་ནས་ཡོང་བའི་དགེ་སློབ་ཚོས་ཚན་རྩལ་སྒོ་རའི་རྣམ་པའི་ཐོག་ནས་གྲོང་གསེབ་ཏུ་གཞི་ཚུགས་ཏེ། ཞིང་སྐྱོར་ཞིང་ཕན་བྱས་ནས་དཔྱད་རྩོམ་མེས་རྒྱལ་གྱི་ཞིང་ས་གཤིན་པོའི་ཐོག་བྲིས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ལ་སློབ་སྦྱོང་བྱས་རྗེས། ཀྲུང་གོ་ཞིང་ལས་སློབ་ཆེན་ཐོན་ཁུངས་དང་ཁོར་ཡུག་སློབ་གླིང་གི་སློབ་མ་དང་། པའེ་ཀྲའེ་ཚན་རྩལ་སློབ་ཆུང་གི་ཡོན་ཀྲང་ཡིན་པའི་ལིའུ་དབྱི་ཁྲུན་ལ་སེམས་འགུལ་ཆེན་པོ་ཐེབས་ནས། མི་སྒེར་གྱི་ཕུགས་འདུན་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་དང་མཉམ་འདྲེས་ཐུབ་པར་བྱས་ཏེ། ཤེས་བྱ་ཏན་ཏིག་དང་སྤྲོ་སེམས་ཆེན་པོས་དང་བླངས་ཞབས་ཞུའི་ལས་དོན་ནང་ཞུགས་ནས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་རྒྱུ་ཡིན་ཞེས་བཤད།

ཧུའུ་པེའི་ཝུའུ་ཧན་དུ་ལེ་ཧྥུང་ལ་སློབ་སྦྱོང་བྱེད་མཁན་ཁ་ལོ་བ་བཟང་པོའི་དང་བླངས་ཞབས་ཞུའི་རུ་ཁག་གིས་དང་བླངས་པ་ཁྲི་2ལྷག་ཙམ་བསྡུས་ནས། དང་བླངས་ཞབས་ཞུའི་བྱེད་སྒོ་སྣ་ཚོགས་ཡུན་རིང་སྤེལ་ཡོད། དང་བླངས་ཞབས་ཞུའི་རུ་ཁག་གི་འགན་འཁུར་བ་པའེ་ཧུའེ་ཡའོ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ང་ཚོས་དྲོ་སྐྱིད་ཞབས་ཞུའི་ཁྱབ་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། མི་དམངས་ཀྱི་དམངས་འཚོར་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུས་ཏེ། མང་ཚོགས་ཉེ་འགྲམ་གྱི་སྙིང་ཉེ་ཤོས་དང་དྲོ་སྐྱིད་ལྡན་ཤོས་ཀྱི་སྲུང་སྐྱོང་བ་ཞིག་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

དགུན་དུས་ཀྱི་ཉི་འོད་འོག ཀྲེ་ཅང་ཧང་ཀྲོའུ་ཡི་ཝུའུ་ལིན་ཨ་མ་དང་བླངས་ཞབས་ཞུའི་རུ་ཁག་གི་རུ་མི་ཚོ་སྡེ་ཁུལ་གྱི་ཁྲོམ་གཞུང་དུ་བསྐྱོད་དེ་ཁྱིམ་བདག་ལ་སེམས་ཁུར་བྱེད་པ་དང་ཁྱིམ་མཚེས་ཀྱི་དུས་བདེར་སྲུང་སྐྱོང་བྱས་ནས་བརྩེ་བས་ཕྱུག་པའི་སྤྱི་ཚོཊ་ཀྱི་ལྟ་སྲུང་དྲ་བ་ཞིག་བཙུགས་ཡོད།

ཝུའུ་ལིན་ཨ་མ་དང་བླངས་ཞབས་ཞུ་རུ་ཁག་གི་རུ་དཔོན་དབྱང་དབྱིང་ཞ་ཡིས། སྤྱི་ཁྱབ་ཧྲུའུ་ཅིའི་རྟེན་འབྲེལ་འཕྲིན་ཡིག་ནང་གི་སྤྱི་ཚོགས་བཅོས་སྐྱོང་ལ་ཞབས་འདེགས་ཞུ་བའི་བླང་བྱ་ནི་ང་ཚོའི་ཕྱིས་འབྱུང་གི་ལས་ཀའི་ཤུགས་རྒྱག་ས་དེ་རེད། རྗེས་མར་ང་ཚོས་རྒན་གཅིག་གཞོན་གཅིག་སོཊ་དམིགས་བསལ་ཚོཊ་སྤྱིར་དོ་ཁུར་བྱས་ནས། ཐུགས་ཁུར་སྔར་བས་ཟབ་ཏུ་གཏོང་རྒྱུ་ཡིན། དེ་དང་ཆབས་ཅིག་ཏུ་ཆ་འཕྲིན་ཅན་གྱི་ལས་སྟེགས་ལ་བརྟེན་ནས། དང་བླངས་ཞབས་ཞུས་རང་འགུལ་ངང་དགོས་མཁོ་ཤེས་རྟོགས་བྱ་རྒྱུར་སྐུལ་འདེད་བཏང་ནས། གནད་སྨིན་ནུས་ཆེའི་སྒོ་ནས་གཞི་རིམ་གྱི་དཀའ་གནད་ཐག་གཅོད་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

དང་བླངས་ཞབས་ཞུའི་མཉམ་འབྲེལ་ལྷན་ཚོགས་ནི་ཏང་ཨུད་དང་སྲིད་གཞུང་གིས་རྒྱ་ཆེའི་དང་བླངས་པ་དང་འབྲེལ་བ་དམ་ཟབ་བྱེད་པའི་འབྲེལ་ཟམ་དང་འབྲེལ་ཐག་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་དང་བླངས་ཞབས་ཞུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་རང་ངོས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། འགན་འཁྲི་ནན་ཏན་བསྒྲུབས་ཏེ་དང་བླངས་ཞབས་ཞུའི་བྱ་གཞག་འདི་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་གནང་ཡོད།

ཅང་ཤིས་ཞིང་ཆེན་དང་བླངས་ཞབས་ཞུའི་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཆེ་གཞོན་པ་རའོ་ཅུན་ཧྭ་ཡིས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། རང་ངོས་འཛུགས་སྐྱོང་ལ་མུ་མཐུད་དེ་ཤུགས་སྣོན་རྒྱག་པ། སྣེ་ཁྲིད་དང་། མཉམ་འབྲེལ། ཞབས་ཞུ། སྐུལ་འདེད་བཅས་ཀྱི་འགན་འཁྲི་དང་ལས་འགན་ལ་དམ་པོར་དམིགས་པ། ཞབས་ཞུའི་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ། དང་བླངས་ཞབས་ཞུ་གཞི་རིམ་དུ་གཞི་ཚུགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དྲོ་སྐྱིད་དངོས་འབྲེལ་མང་ཚོགས་ཀྱི་སེམས་ནང་ཟུག་པ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

དང་བླངས་ཞབས་ཞུའི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་སུ་ཕྱིན་པ་དེ་ནི་ཏང་ཨུད་དང་སྲིད་གཞུང་གི་རྒྱབ་སྐྱོར་དང་དེ་བཞིན་འགན་ལེན་ནུས་ལྡན་དང་ཁ་འབྲལ་ཐབས་མེད།

ཅང་སུའུ་ཞིང་ཆེན་ནན་ཐུང་གྲོང་ཨུད་སྤྱི་ཚོགས་ལས་དོན་པུའི་པུའུ་ཀྲང་ཀྲང་ཧའོ་ཡིས། སྤྱི་ཁྱབ་ཧྲུའུ་ཅིས་ཏང་ཨུད་དང་སྲིད་གཞུང་གི་དང་བླངས་ཞབས་ཞུའི་བྱ་གཞག་ཁྲོད་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་གནང་ཡོད། ང་ཚོས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་ཁག་གི་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ། ཏང་ཡོན་གྱི་དཔེ་སྟོན་དང་ཆེད་ལས་སྐུལ་ཁྲིད་དང་ཁྱབ་ཁོངས་ཁྱབ་ཚད་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་ཡོངས་སུ་དང་བླངས་ཞབས་ཞུའི་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་པའི་རྣམ་པ་ཟབ་མོ་ཞིག་ཧུར་ཐག་གཏོད་རྒྱུ་ཡིན་ཞེས་གསུངས་པ་རེད།

མི་རིང་བའི་གོང་གྲོལ་བའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་ཐོག་མཚོ་ཕག་ཆུང་ཆུང་གི་དང་བླངས་པ་ཚོས་ཆེད་ལས་ཞབས་ཞུ་དང་སྤྲོ་སེམས་ཆེན་པོས་དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུའི་འགན་འཁྲི་འཁུར་སེམས་མངོན་པར་བྱས་ཡོད།

མཚོ་ཕག་ཆུང་ཆུང་གི་དང་བླངས་པ་ཧྭ་ནན་ཞིང་ལས་སློབ་ཆེན་གྱི་སློབ་མ་ཁྲེན་དབན་ཤིན་གྱིས། སྤྱི་ཁྱབ་ཧྲུའུ་ཅིའི་རྟེན་འབྲེལ་འཕྲིན་ཡིག་ནི་དྲོ་སྐྱིད་ལྡན་པའི་སྐུལ་ལྕག་ཅིག་ཡིན་ལ། མདུན་སྐྱོད་ཀྱི་དུང་བརྡ་ཞིག་དེ་བས་ཀྱང་ཡིན། ང་ཚོས་མུ་མཐུད་དེ་ཆེད་ལས་དང་སྦྱངས་པའི་ཤེས་བྱར་བརྟེན་ནས་དུས་རབས་ཀྱི་དགོས་མཁོར་ལན་འདེབས་པ་དང་། དངོས་སྒྲུབ་ལ་བརྟེན་ནས་ལེ་ཧྥུང་གི་སྙིང་སྟོབས་རྒྱུན་འཛིན་བྱེད་པ། ལང་ཚོའི་བདག་ཉིད་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བ་བཅས་བྱ་རྒྱུ་ཡིན་ཞེས་བཤད།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་29ཉིན་འབྱོར་བའི་གློག་འཕྲིན)

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-03 6 6 拉萨日报藏文 c212973.html 1 དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་འབད་འབུངས་བྱས་ནས་བདེན་དགེ་མཛེས་གསུམ་བརྒྱུད་སྤེལ་དང་དྲང་ནུས་བརྒྱུད་སྤྲོད་བྱེད་དགོས། /enpproperty-->