ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པས་གྲོང་ཁྱེར་གནམ་གཤིས་ལས་ཁུངས་ནས་ཤེས་རྟོཊ་བྱས་པར་གཞིགས་ན། 2025ལོའི་ཟླ་12ཚེས་1ཉིན་ནས་ཚེས་7ཉིན་བར། ལྷ་ས་གྲོང་ཁྱེར་དུ་ཆར་ཆུ་མངོན་གསལ་དོད་པོ་མེད་པ་དང་།
གཟའ་འགོར་སྤྲིན་པ་མང་པོ་འཁོར་རྒྱུ། གཟའ་དཀྱིལ་དང་གཟའ་མཇུག་ཏུ་དྲོད་ཚད་མངོན་གསལ་དོད་པོས་ཆག་པ་དང་རླུང་ཆེན་ལྡང་བའི་གནམ་གཤིས་བསྟན་རྒྱུ་ཡིན་པས་མེ་ཟོན་དང་། རླུང་འགོག གྲང་འགོག་དྲོད་སྲུང་། ཉི་འགོག་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས།
ཞིབ་ཕྲའི་གནམ་གཤིས་གནས་ཚུལ་ནི་གཟའ་ཟླ་བ་ནས་གཟའ་མིག་དམར་བར་ལྷ་སའི་ས་ཆ་མང་ཆེ་བར་གནམ་དྭངས་ནས་རིམ་བཞིན་སྤྲིན་པ་མང་པོ་འཁོར་རྒྱུ་དང་། བྱང་རྒྱུད་དང་ཤར་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཁུལ་ཁག་གཅིག་ལ་སྤྲིན་པ་མང་པོ་འཁོར་བའི་གནམ་གཤིས་བསྟན་ཡོད། གཟའ་ལྷག་པ་ནས་གཟའ་ཉི་མའི་བར་ས་ཆ་མང་ཆེ་བར་གནམ་དྭངས་པ་ནས་རིམ་བཞིན་སྤྲིན་པ་ཉུང་ཉུང་འཁོར་རྒྱུ་དང་། བྱང་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཁུལ་དུ་གཟའ་མཇུག་གི་དུས་མཚམས་ཁག་གཅིག་ལ་སྤྲིན་པ་མང་པོ་འཁོར་རྒྱུ་ཡིན་པ་རེད། དྲོད་ཚད་ཐད་གཟའ་འཁོར་འདིའི་གཟའ་དཀྱིལ་དང་གཟའ་མཇུག་གི་འཕར་ཆག་མངོན་གསལ་དོད་པོ་ཡོད་པས་ས་ཁུལ་མང་ཆེ་བར་དྲོད་ཚད་ཆག་ཚད་དེ་ཧྲེ་ཧྲི་ཏུའུ་3ནས་6བར་ཆག་རྒྱུ་ཡིན་པ་དང་། ས་བབ་མཐོ་བའི་ས་ཁུལ་གྱི་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་20བར་ཆག་རྒྱུ་རེད།
གནམ་གཤིས་ལས་ཁུངས་ཀྱིས་རྒྱ་ཆེའི་མང་ཚོt་ཚོར་གནམ་གཤིས་ཀྱི་འགྱུར་ལྡོག་ལ་དོ་སྣང་བྱས་ནས་གྲང་འགོག་དྲོད་སྲུང་གི་བྱ་ཐབས་ཁག་ཡག་པོ་སྤྱོད་དགོས་པ་དང་སྦྲགས།ལྷ་སའི་སྨུག་ཕྱིའི་འོད་ཟེར་མཆེད་ཤུགས་ཆེ་བས་ཕྱིར་སྐྱོད་སྐབས་ཉི་འགོག་དང་ཆུ་གསབ་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་ཞུ་རྒྱུ་ཡིན།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社