分享按钮

གྲོང་ཨུད་གྲོང་ཁྱེར་དོ་དམ་ཨུ་ལྷན་གཞུང་དོན་ཁང་གི་2025ལོའི་ལས་ཀའི་ཕྱོགས་བསྡོམས་ཚོགས་འདུ་འཚོགས་པ།

(པར་ངོས་དང་པོར་མཐུད)ཞིབ་ཚགས་ཅན་གྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཕར་ཆིན་རྒྱག་པའི་སྙིང་རུས་ལ་བརྟེན་ནས་གྲོང་ཁྱེར་དོ་དམ་དེ་རགས་ལས་ནས་ཞིབ་ཚགས་ཕྱོགས་སུ་བསྒྱུར་འགྱུར་སྐུལ་འདེད་བཏང་སྟེ། དོ་དམ་ལ་དེ་བས་དྲོ་སྐྱིད་ལྡན་པ་དང་། གྲོང་མིའི་འཚོ་བར་དེ་བས་སྤུས་ཚད་ལྡན་པ་ཡོང་བར་བྱེད་དགོས། མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་རྣམ་པ་ཧུར་ཐག་གཏོད་པ་དང་། སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱེད་པ། དེའི་ནང་ཞུགས་པའི་ལས་སྟེགས་སྐྲུན་པ་བཅས་བྱས་ཏེ་ཁྲོམ་རའི་བྱེད་པོ་དང་། སྤྱི་ཚོགས་རྩ་འཛུགས། རྒྱ་ཆེའི་གྲོང་མི་བཅས་གྲོང་ཁྱེར་བཅོས་སྐྱོང་ནང་ཞུགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ནས་མི་ཚང་མས་དེའི་ནང་ཞུགས་པ་དང་། མི་ཚང་མས་འགན་འཁྲི་འཁུར་བ། མི་ཚང་མས་ལོངས་སུ་སྤྱོད་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས་པའི་ནན་གསུངས་གནང་བ་རེད།

ཀྲའོ་ཧུའེ་ཉན་གྱིས་ཁོངས་མིའི་ཚན་པ་ཁག་གིས་བསམ་བློ་དང་བྱ་སྤྱོད་དེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱེད་དགོས་ཤིང་།2026ལོའི་ལས་ཀའི་དམིགས་ཚད་དང་གཙོ་གནད་ལས་འགན་ཇུས་འགོད་ནན་ཏན་བྱེད་པ་དང་། སྤྱོད་གོ་ཆོད་པའི་ལས་ཀའི་ཇུས་གཞི་བཟོ་བ། འགན་འཁྲི་འཁུར་ཕོད་པ་དང་གསར་གཏོད་བྱེད་ཕོད་པ། བཅོས་སྒྲིག་གི་རྣམ་པ་གསར་པ་ཧུར་ཐག་གཏོད་པ། ནུས་ཤུགས་ཡོད་རྒུས་ལས་ཀའི་ཞན་ཆ་གསབ་པ། གྲོང་ཁྱེར་དོ་དམ་ཞིབ་ཚགས་ཅན་དང་། རིག་ལྡན་ཅན། ཚད་ལྡན་ཅན་བཅས་ཀྱི་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་བ་བཅས་བྱས་ཏེ་གྲོང་ཁྱེར་དོ་དམ་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པའི་བླང་བྱ་བཏོན་གནང་བ་རེད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-03 6 6 拉萨日报藏文 c212972.html 1 གྲོང་ཨུད་གྲོང་ཁྱེར་དོ་དམ་ཨུ་ལྷན་གཞུང་དོན་ཁང་གི་2025ལོའི་ལས་ཀའི་ཕྱོགས་བསྡོམས་ཚོགས་འདུ་འཚོགས་པ། /enpproperty-->