(པར་ངོས་དང་པོར་མཐུད)གྲངས་རིག་ཅན་གྱི་འཕེལ་ཕྱོགས་དང་བསྟུན་པའི་གྲུབ་འབྲས་གལ་ཆེན་ཞིག་རེད། ཆེད་ཁུལ་གྱིས་ཞབས་ཞུའི་ཕན་ནུས་ཆེ་རུ་གཏོང་རྒྱུར་དམིགས་ནས་གསར་གཏོད་ཀྱི་ནུས་པ་མང་པོ་བཏོན་པ་སྟེ། གཅིག་ནས་རིག་ནུས་མི་སྣའི་མི་བཟོས་འབྲི་གཡག་ཁྱབ་གདལ་དུ་བཏང་ནས་རིག་ནུས་ཀྱི་དྲི་བ་དྲིས་ལན་དང་རྣམ་པ་ཀུན་གྱི་ཞབས་ཞུའི་ཁྲིད་སྟོན་མངོན་འགྱུར་བྱས་ཏེ།ལས་བཟོ་བར་དུས་དང་རྣམ་པ་ཀུན་ཏུ་བཟོ་ཚོགས་ཀྱི་ཞབས་ཞུ་ཐོབ་པ་དང་། གཉིས་ནས་གྲོང་ཁྱེར(ས་ཁུལ)བཟོ་ཚོགས་ཀྱི་ཀུན་སྤྱོད་འཕྲིན་ལམ་བསྐྲུན་ནས་ལྗོངས་ཡོངས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་དང་གཅིག་འཐུས་རྣམ་པའི་ཆ་འཕྲིན་གྱི་སྒོ་མོ་བཏོད་དེ་ཞབས་ཞུའི་མཐའ་མའི་འགག་གནད་སེལ་བ། གསུམ་ནས་ཚོགས་མིའི་སྐར་གསོག་མ་ལག་དང་སྐར་གསོག་ཚོང་གྲོང་བཙུགས་ནས་དྲང་ཕྱོགས་ལ་སྐུལ་ལྕག་བྱས་པ་བརྒྱུད་ལས་བཟོ་བ་ཞུགས་སེམས་དང་ཐོབ་སྣང་ཆེ་རུ་གཏོང་བ། གཞན་ཡང་ཆེད་ཁུལ་གྱིས་ད་དུང་ས་ཁོངས་སྒྲོལ་བའི་ཀུན་ཕན་ཞབས་ཞུའི་མ་ལག་བཏོད་དེ།བོད་ལྗོངས་དང་ཁྲེང་ཏུའུ་སོགས་ཀྱི་ཞབས་ཞུ་ཕན་ཚུན་སྦྲེལ་མཐུད་ཐུབ་པར་བྱས་ནས་ལས་བཟོ་བར་དངོས་དངོས་རྗེན་རྗེན་གྱི་འཛད་སྤྱོད་གཟིགས་སྐྱོང་དང་སྟབས་བདེ་ལོངས་སྤྱོད་ཐུབ་པར་བྱ་རྒྱུ་རེད།
བྱེད་སྒོའི་ནང་ད་དུང་ཀུན་ཕན་ཞབས་ཞུའི་མཉམ་ལས་སྒྲིག་གཞིའི་འདོད་མཐུན་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་འགོད་པའི་མཛད་སྒོ་འཚོགས་ནས་ཁེ་ལས་མང་པོའི་འཐུས་མིས་གན་རྒྱ་བཞག་པ་དེའི་ཐོག་ནས་བོད་ལྗོངས་ཀྱི་ལས་བཟོ་བའི་ཀུན་ཕན་འབྱུང་ཁམས་ཁུལ་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ་མཚོན་ཡོད། ཆེད་ཁུལ་ལ་སྤྱོད་འགོ་ཚུགས་པ་དེ་བོད་ལྗོངས་ཀྱི་ལས་བཟོ་བ་དང་འབྲེལ་བ་དམ་ཟབ་བྱེད་པའི་སྦྲེལ་ཐག་གསར་པ་དང་བཟོ་ཚོགས་ཀྱི་ཞབས་ཞུའི་ཕན་ནུས་ཆེ་རུ་གཏོང་བའི་སྒུལ་ཤུགས་གསར་པར་གྱུར་ནས་གངས་ལྗོངས་ས་མཐོའི་བཟོ་པའི་ལས་འགུལ་གྱི་བྱ་གཞག་དུས་རབས་གསར་པའི་སྐས་རིམ་གསར་པར་སླེབས་པའི་རམ་འདེགས་ཐུབ་རྒྱུ་རེད།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社