(པར་ངོས་གསུམ་པར་མཐུད)དེ་བཞིན་དབྱིབས་རྩིས་དཔེ་ཚོང་ཁང་གིས་བོད་བཟོའི་རི་མོ་དང་དེང་རབས་ཇུས་འགོད་མཉམ་འདྲེས་བྱས་ཡོད། སྦྱིན་བདག་གིས་ཀློག་པ་པོ་དཔེ་ཀློག་གི་དབྱིངས་སུ་ཡོངས་སུ་ཚུད་པའི་རྣམ་པ་དེ་ནི་ངའི་བློ་ཡིད་ཚིམ་ཤོས་དེ་ཡིན་ཞེས་བཤད།
ལྟེ་བའི་དཔེ་གྲོང་གི་དཔེ་ཀློག་གི་རྣམ་པ་ཟབ་མོ་ནས་ཁྱད་ལྡན་དཔེ་ཚོང་ཁང་གི་ལྷིང་འཇགས་དང་དྲོ་སྐྱིད་བར་དང་། བོད་ཀྱི་གསུང་རབ་བསྟན་བཅོས་ནས་དེང་རབས་ཀྱི་བརྩམས་ཆོས་རྩེ་གྲའི་བར་བཅས་དཔེ་ཀློག་གི་རྣམ་པ་དེ་ལྷ་སའི་མི་སེམས་འགུལ་བའི་རྣམ་པ་ཞིག་ཏུ་གྱུར་ཡོད། མི་དེ་བས་མང་བས་དཔེ་དེབ་ཁྲོད་ནས་འཛམ་གླིང་འཚོལ་ཞིབ་བྱེད་སྐབས། གངས་ལྗོངས་ས་མཐོའི་རིག་གནས་ཀྱི་རྩ་བ་ཡང་དཔེ་ཀློག་གི་ཁྲོད་ནས་ཇེ་ཟབ་ཏུ་འགྲོ་བཞིན་ཡོད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社