ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲཊ་ཚོཊ་འདུ་འཚོཊ་ཤིང་།2025ལོའི་རང་ལྗོངས་ཀྱི་བཟོ་ལས་ཐོན་རྫས་ཀྱི་ལྟ་སྐུལ་འཐེན་བཤེར་དང་བཟའ་བཅའི་སྤུས་ཚད་བདེ་འཇཊ་ཀྱི་འཐེན་བཤེར་གནས་ཚུལ་ངོ་སྤྲོད་བྱས་ཡོད། གསར་འགྱུར་མགྲིན་ཚབ་པ་དང་བོད་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཟླ་བས་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། 2025ལོར་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་རྒྱུན་གཏན་གྱི་འཐེན་བཤེར་དང་། མཉམ་འགུལ་འཐེན་བཤེར། ཆེད་དོན་འཐེན་བཤེར། ཉེན་ཁར་ལྟ་ཞིབ་ཚད་ལེན་སོགས་ཀྱི་བྱ་ཐབས་སྤྱད་དེ་དྲ་ཐོག་དང་དྲ་ཕྱིར་འཐེན་བཤེར་ལས་དོན་སྤེལ་ཡོད། མིག་སྔའི་བར། ལྗོངས་ཡོངས་སུ་ཁྱོན་བཟོ་ལས་ཐོན་རྫས་ཁག་ཐེངས་5784ལ་འཐེན་བཤེར་བྱས་ཡོད་ཅིང་། ཚད་གཞི་མ་ལོན་པ་དང་གནད་དོན་ཡོད་པའི་ཐོན་རྫས་ཁག་ཐེངས་502ཤེས་རྟོགས་བྱུང་ཡོད། ས་ཁོངས་རང་བཞིན་དང་ལས་རིགས་རང་བཞིན་གྱི་ཐོན་རྫས་གལ་ཆེན་གྱི་སྤུས་ཚད་བདེ་འཇགས་ཀྱི་གནད་དོན་ཐོན་མེད་པས་སྤྱི་ཡོངས་ཀྱི་སྤུས་ཚད་བརྟན་པོའི་ངང་འཕར་ཡོད། ཟས་རིགས་འཐེན་བཤེར་ཁག་ཐེངས་16430ལེགས་གྲུབ་བྱུང་ཞིང་། ཁག་ཐེངས་4.5བྱས་པར་མི་སྟོང་ལ་སླེབས་ཡོད། དེའི་ནང་རང་སྐྱོང་ལྗོངས་རིམ་པས་འཐེན་བཤེར་ཁག་ཐེངས་11172ལེགས་གྲུབ་བྱས་པའི་ནང་ལྟ་སྐུལ་འཐེན་བཤེར་ཁག་ཐེངས་7977བྱས་པར་ཚད་གཞི་མ་ལོན་པའི་ཁག་ཐེངས་113ཟིན་པས་ཚད་གཞི་མ་ལོན་པའི་ཚད་བརྒྱ་ཆ་1.42ཟིན་ཡོད་པ་དང་། ཉེན་ཁར་ལྟ་ཞིབ་ཚད་ལེན་ཁག་ཐེངས་1855བྱས་པར་གནད་དོན་དངོས་དཔེ་ཁག་ཐེངས་58ཟིན་ནས་གནད་དོན་ཤེས་རྟོགས་ཐུབ་ཚད་བརྒྱ་ཆ་3.1ཟིན་པ། གདེང་འཇོག་རང་བཞིན་གྱི་འཐེན་བཤེར་ཁག་ཐེངས་1340བྱས་པར་ཚད་ལོན་ཁག་ཐེངས་1330ཟིན་ནས་ཚད་གཞི་ལོན་ཚད་བརྒྱ་ཆ་99.25ཟིན་པ། ས་ཁུལ་དང་།གྲོང་ཁྱེར། རྫོང་བཅས་རིམ་པའི་བཟའ་བཅའི་ཞིང་ལས་ཐོན་རྫས་འཐེན་བཤེར་ལྟ་ཞིབ་ཚད་ལེན་ཁག་ཐེངས་5258བྱས་པར་ཚད་གཞི་མ་ལོན་པའི(གནད་དོན)དངོས་དཔེ་ཁག་ཐེངས་117ཤེས་རྟོགས་བྱུང་བས་ཚད་གཞི་མ་ལོན་ཚད་བརྒྱ་ཆ་2.23ཟིན་ཡོད།
དཔེ་འཐེན་ཞིབ་བཤེར་གྱི་གྲངས་གཞི་དབྱེ་ཞིབ་བྱས་འབྲས་ལས་མངོན་པར། 2025ལོར་རང་ལྗོངས་ཀྱི་བཟོ་ལས་ཐོན་རྫས་ཀྱི་ལྟ་སྐུལ་དཔེ་འཐེན་ཞིབ་བཤེར་དེ་དཔེ་འཐེན་ཞིབ་བཤེར་གྱི་རིགས་དང་དཔེ་འཐེན་ཞིབ་བཤེར་གྱི་ཁག་གྲངས་ཆེས་ཆེར་འཕར་བའི་གནས་ཚུལ་འོག་ཚད་གཞི་མ་ལོན་ཚད་བརྒྱ་ཆའི་གྲངས་2.61ཆག་ཡོད། དེ་དང་བསྡུར་ན། སྤྱི་ཡོངས་ཀྱི་ཚད་གཞི་ལོན་ཚད་བརྒྱ་ཆ་90ཡན་གྱི་རིམ་པར་ཐོག་མར་སླེབས་པའི་ནང་ཁྱིམ་སྤྱོད་སོལ་རླངས་ཐབ་དང་། གློག་སྐུད་གློག་ཐག བོད་བཟོའི་ཁྱིམ་ཆས། གཟིམ་སྤོས། གློག་སྒུལ་སྦག་སྦག་སོཊ་ཐོན་རྫས་རིཊ་98ཀྱི་ཚད་གཞི་ལོན་ཚད་བརྒྱ་ཆ་100ཟིན་ཡོད།
བཟའ་བཅའ་འཐེན་བཤེར་གྱི་ལས་དོན་ཁྲོད་ལྗོངས་ཡོངས་ཀྱི་ཁྲོམ་ར་ལྟ་སྐུལ་དོ་དམ་ཁོངས་གཏོགས་ཀྱིས་དོ་ཁུར་རྒྱ་ཁྱབ་ཐོབ་པ་དང་མང་ཚོགས་ཀྱི་ཉེ་འགྲམ་དུ་ཐོན་མང་བའི་གནད་དོན་དངོས་ལ་དམ་པོར་དམིགས་ཏེ་གྲོང་གསེབ་ཀྱི་བཟའ་བཅའ་དང་། ཤ་རིགས་ཐོན་རྫས། ཟླ་མཆོད་བག་ལེབ། དུས་ཆེན་རིང་གི་གཙོ་གནད་བཟའ་བཅའ་སོགས་ལ་དམིགས་ནས་ཆེད་དོན་འཐེན་བཤེར་བྱས་ཡོད། གཙོ་གནད་བཟའ་བཅའ་ཁག་ཐེངས་1132ལ་འཐེན་བཤེར་བྱས་པར་ཚད་གཞི་མ་ལོན་པའི་ཁག་ཐེངས་7ཟིན་པས་ཚད་གཞི་མ་ལོན་པའི་ཚད་བརྒྱ་ཆ་0.62ཟིན་ཡོད། ཉེན་ཁར་ལྟ་ཞིབ་ཚད་ལེན་ཁག་ཐེངས་100བྱས་པར་གནད་དོན་དངོས་དཔེ་ཁག་ཐེངས་2ཟིན་པས་ཉེན་ཁ་ཤེས་རྟོགས་ཐུབ་ཚད་བརྒྱ་ཆ་2.00ཟིན་ཡོད། ཁྱེད་ཀྱིས་ཐེར་འདོན་གནང་དང་ངས་ཞིབ་བཤེར་བྱེད་ཆོག་ཅེས་པའི་དམངས་འདོད་ཞིབ་བཤེར་བསྡུ་རུབ་མ་ལག་ཐོག་རྒྱུན་རྣམ་ཅན་གྱི་འདྲི་ཤོག་51ཁྱབ་བསྒྲགས་བྱས་པ་དང་། སྤྱི་དམངས་ཀྱིས་འདྲི་ཤོག་སྐོང་ཚད་44000ལྷག་ཙམ་ཟིན་ནས་སྔོན་དཔག་གི་བསྡུར་ཚད་ལས་ཆེས་ཆེར་བརྒལ་ཡོད། དེ་དང་ཆབས་ཅིག་ཁྱེད་ཀྱིས་ཐེར་འདོན་གནང་དང་ངས་ཞིབ་བཤེར་བྱེད་ཆོག་ཅེས་པ་དང་ཁྱེད་ཀྱིས་རྩ་གཉིས་རྟཊ་རིས་བཤེར་དང་ངས་ཐེར་འདོན་བྱེད་ཆོག་ཅེས་པ་སོཊ་ཀྱི་བྱ་ཐབས་སྤྱད་དེ་སྔ་རྗེས་སུ་སློབ་གྲྭའི་བཟའ་བཅའི་བདེ་འཇཊ་དང་། ཕྱིར་ཚོང་བཟའ་བཅའ། བཟའ་བཅའི་ཞིང་ལས་ཐོན་རྫས། མང་ཚོཊ་ཀྱི་ཉམས་ལེན་བཅས་ལ་དོ་ཁུར་བྱེད་པའི་ཆེད་དོན་འཐེན་བཤེར་ཁག་ཐེངས་1077བྱས་པར་ཚད་གཞི་མ་ལོན་པའི་ཁག་ཐེངས་7ཟིན་པས་ཚད་གཞི་མ་ལོན་པའི་ཚད་བརྒྱ་ཆ་0.65ཟིན་ཡོད།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社