ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། བོད་རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པས་མལ་གྲོ་གུང་དཀར་རྫོང་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་གྱི་སྙན་ཞུའི་ཚོགས་འདུ་འཚོགས་ཤིང་། སྙན་ཞུའི་ཚོགས་འདུའི་ཐོག་ནང་དོན་ཟབ་ལ་གོ་བདེ་བའི་གསལ་འགྲེལ་དང་གསོན་ཉམས་དོད་པའི་དཔེ་མཚོན་ཐོག་ནས། མལ་གྲོ་གུང་དཀར་རྫོང་གི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་དང་། ལྟེ་བའི་དོན་སྙིང་། ལག་ལེན་གྱི་བླང་བྱ་བཅས་བརྒྱུད་རིམ་ལྡན་པའི་ངང་འགྲེལ་བཤད་བརྒྱབ་སྟེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཞི་རིམ་དུ་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད།
སྒྲོག་འགྲེལ་ཁྲོད། རང་སྐྱོང་ལྗོངས་ཀྱི་འཆད་ཁྲིད་ཚོགས་པའི་ཁོངས་མི་དང་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲེན་རེན་ཅེས་སྒྲོག་འགྲེལ་གྱི་གཙོ་དོན་ལ་དམ་པོར་དམིགས་ནས། ལོ་ལྔ་ཚན་བཅོ་ལྔ་པའི་རིང་གི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་འཕེལ་རིམ་ཁྲོད་ཀྱི་གནས་བབ་གལ་ཆེན་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། ལོ་ལྔ་ཚན་བཅོ་ལྔ་པའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་ཁྲིད་མཛད་ཕྱོགས་དང་དམིགས་ཚད་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ། ལོ་ལྔ་ཚན་བཅོ་ལྔའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས་ལས་འགན་དང་བྱ་ཐབས་གལ་ཆེན་ལ་ཕྱོགས་ཡོངས་ནས་གོ་བ་ལེན་པ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་གོང་བུར་འགྲིལ་བ་སོགས་པའི་ཐད་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་འཆད་འགྲེལ་གཏིང་ཟབ་བྱས་ཡོད། སྙན་སྒྲོན་གྱི་གཙོ་དོན་ཁ་གསལ་བ་དང་ནང་དོན་ཕུན་སུམ་ཚོགས་པས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཊ་ཐེངས་བཞི་པའི་དགོངས་དོན་མལ་གྲོ་གུང་དཀར་རྫོང་གི་དོན་དངོས་དང་། ལས་བྱེད་པ་དང་མང་ཚོགས་ཀྱི་ལས་ཀ་དང་འཚོ་བ་བཅས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཚང་མས་གསལ་པོ་ཤེས་པ་དང་གོ་བ་གཏིང་ཟབ་ལེན་ཐུབ་པར་བྱས་ཡོད།
མལ་གྲོ་གུང་དཀར་རྫོང་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཅ་དབན་ཆང་གིས། དགེ་རྒན་ཁྲེན་རེན་ཅེའི་འཆད་ཁྲིད་ནང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་གསལ་འགྲེལ་བྱས་ཡོད། རྫོང་འཕེལ་སྒྱུར་ཨུ་ལྷན་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གཙོ་བོ་དང་། དགོངས་དོན་གྱི་ངོ་བོ། ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་ལེན་པ་དང་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ། ལོ་ལྔ་ཚན་བཅུ་བཞི་པའི་མཇུག་བསྡུའི་དམག་འཐབ་ནུས་ཤུགས་ཡོད་རྒུས་ཡག་པོ་རྒྱག་པ་དང་འབྲེལ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་རྫོང་གི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་བཟོ་བའི་བརྒྱུད་རིམ་ཧྲིལ་པོ་དང་ཁྱབ་ཁོངས་ཁག་ཏུ་ཕྱོགས་ཡོངས་ནས་ཁྱབ་པར་བྱ་རྒྱུ་དང་། བསམ་ཕྱོགས་དང་དམིགས་ཚད་གནད་སྨིན་ངང་ཇུས་འགོད་དང་། ཐབས་ལམ་དང་བྱ་ཐབས་དངོས་བཏོན་ནས། མལ་གྲོ་གུང་དཀར་གྱི་དོན་དངོས་དང་འཚམ་པ་དང་། འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ། མི་དམངས་ཀྱི་རེ་སྒུག་དང་འཚམ་པ་བཅས་ཀྱི་སྤུས་ཚད་མཐོ་བའི་འཆར་འགོད་ཅིག་ཧུར་ཐག་བཟོ་རྒྱུ་ཡིན་ཞེས་བཤད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社