ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་12ཚེས་1ཉིན། གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུས་གྲོང་ཁྱེར་ཡོངས་ཀྱི་ཏང་ཕྱིའི་མི་སྣར་གནས་ཚུལ་བརྡ་ཁྱབ་གཏོང་བའི་ཚོགས་འདུ་འཚོགས་ཤིང་། གྲོང་ཨུད་ཀྱི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། གྲོང་ཁྱེར་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་བཅས་ཡིན་པའི་སྐལ་བཟང་ཚེ་བརྟན་ཚོགས་འདུར་ཞུགས་ཡོད།
ཚོགས་འདུའི་ཐོག ཀྲུང་གོ་གུང་ཁྲན་ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་ལྷ་ས་གྲོང་ཁྱེར་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་བརྡ་ཁྱབ་བཏང་བ་རེད།
ཚོགས་འདུའི་ཐོག གྲོང་ཁྱེར་ཡོངས་ཀྱི་ཏང་ཕྱིའི་མི་སྣས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་བསམ་བློ་དང་བྱ་སྤྱོད་དེ་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་ལྷ་ས་གྲོང་ཨུད་ཀྱི་སྤྱིའི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ། བསམ་བློའི་ངོས་འཛིན་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་། ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་བཏང་ནས་ལྷ་ས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་དགོས་པ་དང་། དོན་ཆེན་བཞིར་དམིགས་པ་དང་། འཛུགས་གཏོད་བཞིར་ཤུགས་སྣོན་རྒྱག་པ།རྩ་དོན་ལྔ་མཐའ་འཁྱོངས་བྱེད་པ། འཐབ་ཇུས་ཆེན་པོ་བཞི་དང་བྱ་སྤྱོད་ཆེན་པོ་བརྒྱད་ལག་ལེན་བསྟར་བ་སོགས་ལྟེ་བའི་ལས་འགན་བསྒྲུབས་ནས། ཐབས་འདོན་ཇུས་འབུལ་དང་དྲང་གཏམ་ཧུར་ཐག་བཤད་ཐོག་གྲོང་ཨུད་ཀྱིས་ཚན་རིག་དང་མཐུན་པའི་ཐབས་ཇུས་འདོན་རྒྱུར་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པ། རང་ངོས་འཛུགས་སྐྱོང་ལ་མུ་མཐུད་ནས་ཤུགས་སྣོན་རྒྱག་པ་དང་འགན་འཁྲི་སྒྲུབ་ནུས་ཆེ་རུ་བཏང་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད། བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ནན་གསུངས་གནང་ཡོད།
གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ཏང་ཕྱིའི་མི་སྣའི་འཐུས་མི་དང་། དེ་བཞིན་གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་རྫོང་རིམ་པ་གཞོན་པ་ཡན་གྱི་ལས་བྱེད་པ། དེ་བཞིན་ཚན་ཁག་གི་འགན་འཁུར་བ་བཅས་ཁྱོན་འཐུས་མི་80ལྷག་ཙམ་ཚོགས་འདུར་ཞུགས་ཡོད།
(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社