分享按钮

གསར་རྩོམ་གཏམ་བརྗོད་ཟློས་གར《ཐག་རིང་གི་ལྷ་སའི་སྐྱིད་ཆུ》ཞེས་པ་ལྷ་སར་འཁྲབ་སྟོན་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་མཚམས་ཚིགས་གལ་ཆེན་དུ་པེ་ཅིང་བོད་སྐྱོར་བཀོད་འདོམས་པུའུ་དང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་སྲིད་གཞུང་སོགས་ཚན་པས་མཉམ་འབྲེལ་ཐོག་བཏོད་པའི་གཏམ་བརྗོད་ཟློས་གར《ཐག་རིང་གི་ལྷ་སའི་སྐྱིད་ཆུ》ཞེས་པ་ཟླ་11ཚེས་30ཉིན་ལྷ་སར་འཁྲབ་སྟོན་བྱས་ཡོད།པེ་ཅིང་གི་ལོ་ངོ་30ལྷག་ཙམ་གྱི་བོད་སྐྱོར་ལོ་རྒྱུས་རྒྱབ་ལྗོངས་སུ་བྱས་པའི་དངོས་ཡོད་རིང་ལུགས་ཀྱི་བརྩམས་ཆོས་དེས་སྒྱུ་རྩལ་ལ་བརྟེན་པ་དང་བརྩེ་སེམས་ལ་བརྟེན་ནས་ལྷ་སའི་ལས་བྱེད་པ་དང་། མང་ཚོགས།བོད་སྐྱོར་ལས་བྱེད་པའི་འཐུས་མིར་རི་ཀླུང་བརྒལ་བའི་པེ་ཅིང་དང་བོད་ལྗོངས་དབར་གྱི་སྤེལ་རེས་དང་།ས་གནས་གཉིས་པོས་བློ་སེམས་གཅིག་མཐུན་ངང་མཐུན་སྒྲིལ་ལག་གདང་སྦྲེལ་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྩེ་སེམས་ཟབ་མོ་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད།

2024ལོའི་པེ་ཅིང་གི་ག་སྦྱར་བོད་སྐྱོར་གྱི་གཙོ་གནད་རིག་གནས་རྣམ་གྲངས་ཡིན་པའི《ཐག་རིང་གི་ལྷ་སའི་སྐྱིད་ཆུ》ཞེས་པ་དེ་པེ་ཅིང་འཁྲབ་སྟོན་ཚོགས་པ་དང་།པེ་ཅིང་གྲོང་ཁྱེར་གཞས་མ་གཏམ་ཚོགས་པ་དང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རིག་གནས་ཡུལ་སྐོར་ཅུས་ཀྱིས་མཉམ་འབྲེལ་ཐོག་འཁྲབ་སྟོན་བྱས་པ་ཞིག་རེད།ཟློས་གར་གྱི་རྣམ་གྲངས་ལ་ས་ཁོངས་ཀྱི་ཁྱད་ཆོས་དང་བརྩེ་དུང་ཟབ་མོ་ལྡན་པར་བྱ་ཆེད། ད་ཐེངས་ཀྱི་ལྷ་སའི་འཁྲབ་སྟོན་ནང་ས་གནས་དེ་གའི་སྒྱུ་རྩལ་ཚོགས་པ་ཆེད་མངགས་གདན་དྲངས་ཡོད།འཁྲབ་སྟོན་མ་བྱས་གོང་།ལྷ་སའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་སྟོད་ལུང་སྐྱོར་མོ་ལུང་ལྷ་མོ་ཚོགས་པས་སྔོན་ལ་ཟློས་གར་ཁང་གི་ཚོམས་ཆེན་མདུན་མར་འཁྲབ་སྟོན་བྱས་པ་དང་། བབ་ཆགས་ལ་སྤྲོ་སེམས་འཁོལ་བའི་རྣམ་ཐར་གྱི་སྒྲ་གདངས་དང་ཞབས་བྲོའི་སྟངས་སྟབས་ཀྱིས་ཡུལ་དངོས་ཀྱི་རྣམ་པ་འཁྲུག་ཏུ་བཏང་ཞིང་།ཁྲེང་ཀོན་ཆུས་ཉང་བྲན་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ་7གྱིས་གསོན་ཉམས་འདོད་པའི་ལྷ་མོ་འཁྲབ་སྟོན་བྱས་པར་མ་ཟད།ད་དུང་གཏམ་བརྗོད་ཟློས་གར་འཁྲབ་སྟོན་བྱེད་རིང་པེ་ཅིང་གི་འཁྲབ་སྟོན་པ་དང་ལག་གདང་སྦྲེལ་ནས་མཉམ་དུ་ཞབས་བྲོ་འཁྲབ་པ་དང་།གར་སྟེགས་ཐོག་ཅིང་བོད་རིག་གནས་ཀྱི་གཏམ་བརྗོད་གསོན་ཉམས་དོད་པོ་ཞིག་མངོན་པར་བྱས་ཡོད།

པེ་ཅིང་གྲོང་ཁྱེར་གླུ་གར་ཚོགས་པའི་རིམ་པ་དང་པོའི་འཁྲབ་སྟོན་པ་ལི་ཤང་ཁྲེང་གིས་བཅར་འདྲི་དང་ལེན་བྱེད་སྐབས།ངས་ཟློས་གར་ནང་ཁྲེང་ཡན་ཅེ་འཁྲབ་པ་ནི་ངའི་ངོས་ནས་བརྗོད་ན་འགྲན་སློང་ཞིག་ཡིན་ལ་སློབ་སྦྱོང་ཞིག་ཀྱང་ཡིན་ཞེས་བཤད།ཁོང་གིས་ང་ཚོའི་ཟློས་གར་ནང་ལྷ་མོ་དང་བོད་རིགས་ཀྱི་ཞབས་བྲོ་ཁག་གཅིག་འགྲེམས་སྟོན་བྱས་ཡོད།མཉམ་འདྲེས་དེ་ནི་རྒྱ་བོད་མཛའ་གྲོགས་དང་མི་རིགས་མཐུན་སྒྲིལ་གྱི་རྣམ་པའི་ཐོག་ནས་མངོན་ཡོད།ཟློས་གར་ཁྲོད་ཀྱི་བྱ་བ་ཆུང་ངུ་དང་མི་སྣ་ཆུང་ཆུང་བརྒྱུད་དེ་ས་གནས་འདི་གའི་འཚོ་བ་དངོས་དང་དེ་བས་ཉེ་བཅར་ཐུབ་པའི་གཏམ་རྒྱུད་མངོན་རྒྱུའི་རེ་བ་ཡོད་ཅེས་བཤད།

གཏམ་བརྗོད་ཟློས་གར་འདི་གསར་རྩོམ་བྱེད་པའི་དམིགས་ཡུལ་ནི་པེ་ཅིང་གི་ལོ་ངོ་30ལྷག་ཙམ་གྱི་བོད་སྐྱོར་ལམ་བུའི་ཐོག་གི་དངོས་ཡོད་ཀྱི་བྱ་བ་ཅུང་ཙག་མཚོན་བྱེད་ཡིན།གསར་གཏོད་ཚོགས་པས་དེ་སྔ་ལྷ་སར་ཐེངས་མང་བསྐྱོད་དེ་གནས་ཚུལ་ཤེས་རྟོགས་དང་།བོད་སྐྱོར་ལས་བྱེད་པ་དང་དེའི་ནང་མིར་བཅར་འདྲི།པེ་ཅིང་བོད་སྐྱོར་བྱས་ནས་ལོ་ངོ་30འཁོར་བའི་གྲུབ་འབྲས་འགྲེམས་སྟོན་དང་། འཐུང་ཆུ་གཙང་མའི་ལས་གྲྭ།འབྲི་གཡག་གསོ་ཚགས་རྟེན་གཞི་སོགས་ཀྱི་རྣམ་གྲངས་ལ་རྟོག་ཞིབ་གཏིང་ཟབ་བཅས་བྱས་ཏེ་འཁྱེར་བདེ་བའི་གསོ་རླུང་ལྕགས་དམ་དང་། བོད་རིགས་སྤུན་ཟླས་ཕུལ་བའི་ཁ་བཏགས།ལས་ཀའི་ཟིན་ཐོ་བྲིས་པའི་ཉིན་ཐོ་སོགས་ཞིབ་ཆ་རེ་རེ་བཞིན་གར་སྟེགས་ཐོག་མངོན་པར་བྱས་ནས་བོད་སྐྱོར་ལས་བྱེད་པས།བོད་རིགས་སྤུན་ཟླར་ལྷག་བསམ་ཟོལ་མེད་ངང་རྒྱབ་སྐྱོར་བྱས་པ་ཇི་མ་ཇི་བཞིན་མཚོན་པར་བྱས་ཡོད།

སྒྱུ་རྩལ་མངོན་པའི་ཐད།གཏམ་བརྗོད་ཟློས་གར་འདིར་ཅིང་བོད་རིག་གནས་མཉམ་འདྲེས་གཏིང་ཟབ་བྱུང་ཡོད།གར་སྟབས་མཛེས་རྩལ་ཇུས་འགོད་ཐད་ཟོལ་བཅོས་མཉམ་ཐོན་གྱི་བྱ་ཐབས་སྤྱད་དེ་ཕོ་བྲང་པོ་ཏ་ལ་དང་།བོད་བཟོའི་སྐྲུན་དངོས། གངས་རི་སོགས་ས་མཐོའི་ཁྱད་ཆོས་ལྡན་པའི་པར་གཞི་ཆེན་མོ་དང་བོད་སྐྱོར་ལས་བྱེད་པའི་གཞུང་ལས་ཁང་དང་བོད་རིགས་སྤུན་ཟླའི་ཁྱིམ་ཚང་སོགས་འཚོ་བའི་རྣམ་པ་དང་ཟུང་འབྲེལ་དམ་ཟབ་བྱས་པ་དང་།ཟློས་གར་ཧྲིལ་པོར་ཁྱབ་པའི་སྔོ་མདོག་སྟེ་ལྷ་སའི་སྐྱིད་ཆུའི་རྣམ་པ་དེ།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-03 6 6 拉萨日报藏文 c212958.html 1 གསར་རྩོམ་གཏམ་བརྗོད་ཟློས་གར《ཐག་རིང་གི་ལྷ་སའི་སྐྱིད་ཆུ》ཞེས་པ་ལྷ་སར་འཁྲབ་སྟོན་བྱས་པ། /enpproperty-->