(པར་ངོས་དང་པོར་མཐུད)བྱེད་སྒོའི་ཁྲིད་སྟོན། རྣམ་པ་གཏོད་པ་བཅས་བརྒྱུད། འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་རྒྱུན་མཐུད་ངང་འདོན་སྤེལ་བྱས་ཏེ་ཁྲོམ་རའི་གསོན་ཤུགས་ཆེ་རུ་བཏང་ཡོད། ཞིང་འབྲོག་ཐོན་རྫས་འགྲེམས་ཚོང་ཁུལ་དུ་སྦྲང་དཀར་རྩམ་པ་དང་ས་མཐོའི་སྦྲང་རྩི་སོགས་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་སྣ་ཚོགས་གྲལ་སྟར་འགྲིག་པོས་བཤམས་ཡོད་པ་དང་།ཚོང་པ་ཚོས་སྤྲོ་སེམས་འཁོལ་བའི་ངང་འགྲོ་འོང་བྱེད་མཁན་གྲོང་མི་ཚོར་ཐོན་རྫས་ཀྱི་ཁྱད་ཆོས་ངོ་སྤྲོད་བྱས་པས་གྲོང་མི་མང་པོ་ཞིག་གི་ཡིད་དབང་བཀུག་ཡོད། རླངས་འཁོར་འགྲེམས་ཚོང་ཁུལ་དུ་རླངས་འཁོར་གསར་རྐྱང་རེ་རེ་བཞིན་གྲལ་འགྲིག་པོས་བསྒྲིགས་ཡོད་པ་དང་། ཚོང་པས་ངང་རྒྱུད་རིང་པོས་རླངས་འཁོར་ཀྱི་རྒྱུ་ཆ་དང་གཟིགས་སྐྱོང་སྲིད་ཇུས་འགྲེལ་བཤད་བརྒྱབ་པས་འཛད་སྤྱོད་པ་མང་པོ་ཞིག་བློ་འདྲི་དང་རླངས་འཁོར་ཚོད་གཏོང་བྱེད་པར་ཡོང་བའི་ཡིད་དབང་བཀུག་ཡོད།
ད་ཐེངས་ཀྱི་ཚོང་འདུས་ཐོག་དམངས་ཕན་སྲིད་ཇུས་མང་པོ་བཏོན་ཡོད་ཅིང་། ལག་ཐོགས་ཁ་པར་གྱི་ངེས་གནས་ལྷ་ས་གྲོང་ཁྱེར་དུ་ཡོད་པའི་མི་སྒེར་གྱི་འཛད་སྤྱོད་པ་ཚང་མ་ཞུགས་ཆོག་པ་དང་། འཛད་སྤྱོད་པས་འཛིན་ཤོག་ལེན་མི་དགོས་པར་བྱེད་སྒོའི་ནང་ཞུགས་མཁན་ཚོང་དུད་ཀྱི་ཚོང་ཁང་དུ་འཛད་སྤྱོད་བྱེད་སྐབས།སྐད་འཕྲིན་གྱི་གཏོང་སྤྲོད་ཆ་རྐྱེན་དང་མཐུན་ཚེ་སྒོར་50ཟིན་ཚེ་སྒོར་10གཅོག་པ་དང་། སྒོར་100ཟིན་ཚེ་སྒོར་20གཅོག་པ། སྒོར་200ཟིན་ཚེ་སྒོར་40གཅོག་པ། སྒོར་300ཟིན་ཚེ་སྒོར་60གཅོག་པ། སྒོར་500ཟིན་ཚེ་སྒོར་100གཅོག་པ། སྒོར་1000ཟིན་ཚེ་སྒོར་200གཅོག་པ་བཅས་ཀྱི་གཟིགས་སྐྱོང་ལོངས་སུ་སྤྱོད་ཆོག དེ་དང་ཆབས་ཅིག་ཁྲེང་ཀོན་ཆུས་ཀྱི་རླངས་འཁོར་ཁེ་ལས་སུ་རླངས་འཁོར་གསར་པ་ཉོ་མཁན་མི་སྒེར་གྱི་འཛད་སྤྱོད་པས་རླངས་འཁོར་ཉོས་ཚེ་ཁ་གསབ་སྒོར་4500ནས་15000བར་སྤྲོད་རྒྱུ་དང་། མི་སྒེར་གྱི་འཛད་སྤྱོད་པས་ནུས་རྒྱུ་གསར་པའི་རླངས་འཁོར་གསར་པ་ཉོ་མཁན་ལ་རིམ་པ་ཁག་གི་ཁ་གསབ་ཚད་གཞིའི་རྨང་གཞིའི་ཐོག་དངུལ་སྨར་ཁ་གསབ་སྒོར་2000མང་དུ་གཏོང་རྒྱུ་རེད།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社