分享按钮

བོད་ཀྱི་རིག་གནས་ཡུལ་སྐོར་དང་དུས་གཏན་གནམ་གྲུའི་དྲིལ་བསྒྲགས་འོས་སྦྱོར་གྱི་བྱེད་སྒོ་སྤེལ་བ།

(པར་ངོས་དང་པོར་མཐུད)འཕེལ་རྒྱས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད། ཡུལ་སྐོར་བ་དེ་བས་མང་བ་བོད་དུ་ཡོང་བ་དང་། བོད་ལ་རྒྱུས་ལོན་བྱེད་པ། བོད་ལ་དགའ་ཞེན་བཅས་བྱ་ཆེད། སྔ་ནུར་དུ་ཧྥུའུ་ཐན་འགག་སྒོར་བོད་ཀྱི་རིག་གནས་ཡུལ་སྐོར་གྱི་དྲིལ་བསྒྲགས་འཁྲབ་སྟོན་བྱེད་སྒོ་སྤེལ་ནས་ཤང་ཀང་དང་ཧྲེན་ཀྲེན་གྱི་གྲོགས་པོ་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བྱས་ཏེ་བོད་ཀྱི་རིག་གནས་ཡུལ་སྐོར་ཁྱབ་གདལ་གཏིང་ཟབ་བཏང་བ་རེད།

འོས་སྦྱོར་ཚོགས་འདུའི་ཐོག་བོད་ལྗོངས་གནམ་ཐང་ཚོགས་པའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཚུང་ཏ་ཕུང་གིས་ཀོང་ཏུང་དང་བོད་ལྗོངས་ས་གནས་གཉིས་ཀྱི་ཕྱིར་སྐྱོད་དགོས་མཁོ་ཆེ་བར་དམིགས་ནས་གནམ་ཐང་གིས་སྲིད་གཞུང་དང་མཁའ་འགྲུལ་ཀུང་སི་དང་མཉམ་དུ་ཀོང་ཏུང་དང་བོད་ལྗོངས་ས་གནས་གཉིས་ཀྱི་ཐད་གཏོང་མཁའ་ལམ་ལས་དོན་ལ་སྐུལ་འདེད་མགྱོགས་པོ་གཏོང་བཞིན་ཡོད།

བོད་རང་སྐྱོང་ལྗོངས་རིག་གནས་ཡུལ་སྐོར་ཐིང་མཉམ་ལས་སྤེལ་རེས་ཁྲུའི་ཁྲུའུ་ཀྲང་སྐལ་བཟང་ཕུན་ཚོགས་ཀྱིས་བོད་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་འོས་སྦྱོར་ཞིབ་ཕྲ་བྱས་པ་དང་། བོད་ལྗོངས་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སིའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་ཀྲང་ཡ་ཧྥུང་གིས་འཐབ་ཇུས་ཆེན་པོ་གསུམ་གྱི་IPཐོན་རྫས་བཏོན་ནས་ཡུལ་སྐོར་བར་སྤྱན་གཟིགས་དང་དབྱིངས་ཞུཊ་ལུས་གསོ་བཅས་ཀྱི་ཕྱོགས་ཡོངས་ཀྱི་ས་མཐོའི་ཡུལ་སྐོར་ཉམས་ལེན་བྱས་པ་རེད།

བྱེད་སྒོའི་ཁྲོད་ཀྲུང་གོའི་ལྷོ་ཕྱོགས་མཁའ་འགྲུལ་དང་བོད་ལྗོངས་མཁའ་འགྲུལ་གྱིས་མཁའ་ལམ་གསར་ཤོས་ཀྱི་བཀོད་པ་དང་ཁྱད་ལྡན་ཐོན་རྫས་འོས་སྦྱོར་བྱས་པ་དང་། བོད་ལྗོངས་གནམ་ཐང་ཚོགས་པས་མ་ལམ་དང་ཉིང་ལག་ཤར་གཏོང་དང་དྲ་སྦྲེལ་ཡོངས་ཀྱི་སྐྱེལ་འདྲེན་མཁའ་ལམ་དྲ་བའི་བཀོད་པ་དང་དེ་བཞིན་ངས་ཁྱེད་ལ་བར་བརྒྱུད་བྱེད་རོགས་བྱས་ཆོག་སོགས་ཀྱི་ཁྱད་ལྡན་ཞབས་ཞུའི་སྤུས་རྟགས་གསལ་འགྲེལ་ཞིབ་ཕྲ་བྱས་པ་རེད། དོ་ཁུར་བྱེད་འོས་པ་ཞིག་ལ་བོད་ལྗོངས་གནམ་ཐང་ཚོགས་པས་ཕྱོགས་མང་པོའི་ཐོན་ཁུངས་མཉམ་འབྲེལ་བྱས་ཏེ་ས་མཐོའི་གསོ་རླུང་མཁོ་སྤྲོད་ས་ཚིགས་ཀྱི་རྣམ་གྲངས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་འགྲུལ་པ་བོད་དུ་ཡོང་བའི་མྱོང་ཚོར་ཟབ་ཏུ་གཏོང་རྒྱུ་རེད། བྱེད་སྒོ་སྤེལ་ཡུལ་དུ་རེས་སྐོར་གསུམ་པའི་བྱ་དགའ་འཐེན་པའི་བྱེད་སྒོར་ཚ་རླབས་ཤིག་འཕྱུར་ནས་འབྲི་གཡག་བཟོ་ལྟའི་ཅ་དངོས་དང་རིག་གནས་གསར་གཏོད་སོགས་ཀྱི་ལག་རྟགས་སྤྲད་པ་རེད། ངལ་གསོ་རྒྱག་སྐབས་བོད་ཀྱི་ཁྱད་ལྡན་ཞིམ་ཟས་ཁུལ་དུ་འཁྲུག་ཆ་ཧ་ཅང་དོད་ཅིང་། ཇ་བསྲུབས་མ་དང་། ནས་ཀྱི་བག་ལེབ། ཚགས་ཤ་སྐམ་པོ་སོགས་ཞིམ་ཟས་བཤམས་ནས་སྐུ་མགྲོན་ཚོར་བོད་ཀྱི་བྲོ་བ་མྱོང་དུ་བཅུག་ཡོད། དེ་རྗེས་ཞབས་བྲོ《དཔྱིད་དཔལ་བཞད་པའི་ཉིང་ཁྲི》དང《བདེ་སྐྱིད་ལྡན་པའི་ལྷ་ས》འཁྲབ་སྟོན་བྱས་པ་དང་འཁྲབ་སྟོན་པ་ཚོའི་སྟངས་སྟབས་དང་དགའ་སྤྲོའི་རྣམ་པར་དགའ་བསུ་ཆེན་པོ་ཐོབ་པ་རེད།

ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་དེས་ཀོང་ཏུང་དང་བོད་ལྗོངས་ས་གནས་གཉིས་ཀྱི་རིག་གནས་ཡུལ་སྐོར་དང་མཁའ་འགྲུལ་མཉམ་ལས་ཀྱི་སྲ་ཞིང་བརྟན་པའི་སྦྲེལ་ཟམ་ཞིག་བཏོད་པར་མ་ཟད། ལིན་ནན་གྱི་གསར་གཏོད་གསོན་ཤུཊ་དང་གངས་ལྗོངས་ས་མཐོའི་དྭངས་གཙང་གི་ཉམས་འགྱུར་མཉམ་འདྲེས་གཏིང་ཟབ་ཐུབ་ཡོད། འབྱུང་འགྱུར་ས་གནས་གཉིས་ཀྱིས་མཁའ་ལམ་དྲ་རྒྱ་རྒྱ་སྐྱེད་དང་། རིག་གནས་ཡུལ་སྐོར་ཐོན་ཁུངས་མཉམ་སྤྱོད། ཐོན་ལས་ཀྱི་ལེགས་ཆ་གསབ་རེས་བཅས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་དུས་རབས་གསར་པའི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་མི་སེམས་འགུལ་བའི་ལེའུ་མཉམ་དུ་རྩོམ་རྒྱུ་རེད། (ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-02 6 6 拉萨日报藏文 c212945.html 1 བོད་ཀྱི་རིག་གནས་ཡུལ་སྐོར་དང་དུས་གཏན་གནམ་གྲུའི་དྲིལ་བསྒྲགས་འོས་སྦྱོར་གྱི་བྱེད་སྒོ་སྤེལ་བ། /enpproperty-->