(པར་ངོས་གཉིས་པར་མཐུད)དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་ཀྱི་རིམ་སྤོར་སྒྱུར་བཀོད་ཡིན་ནའང་འདྲ། ཡང་ན་གྲོང་གསེབ་ཀྱི་རོགས་རེས་རྒན་གསོའི་ཁྱིམ་མཚེས་ས་ཚིགས་འཛུགས་སྐྲུན་དང་ལུས་སེམས་བདེ་སྲུང་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཀྱི་ས་གནས་འདེམས་པ་སོགས་ཡིན་ནའང་འདྲ། སྐལ་བཟང་བདེ་སྐྱིད་ཀྱིས་རང་ནུས་ཡོད་རྒུ་བཏོན་ནས་ལས་དོན་ཚང་མར་དངོས་སུ་ཞུགས་ཡོད། མིག་སྔའི་བར་རྫོང་ཡོངས་སུ་རྒན་གསོའི་ཞབས་ཞུའི་ས་ཚིགས་16ཡོད་པ་དང་། ཞབས་ཞུའི་ས་ཚིགས་ཚང་མར་རྒན་རྒོན་གྱི་ཁ་ལག་རོགས་སྐྱོར་གྱི་ཞབས་ཞུ་བཀོད་སྒྲིག་བྱས་ནས་སྐར་མ་15ཡི་རྒན་གསོའི་ཁུལ་གྲུབ་ཅིང་། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་གྱི་རྒན་གསོའི་ཞབས་ཞུའི་དྲ་རྒྱ་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཡོད།
སྐལ་བཟང་བདེ་སྐྱིད་ཀྱིས་བློ་རྩ་བརྟན་པོའི་སྒོ་ནས་རྒན་རྒོན་ཚོའི་དེ་རིང་གི་འཚོ་བ་ནི་ང་ཚོའི་འབྱུང་འགྱུར་གྱི་འཚོ་བ་ཡིན། རྒན་གསོའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་འགན་འཁྲི་ཡིན་ལ་སེམས་ནུས་ཤིག་དེ་བས་ཡིན་ཞེས་བཤད། ད་ཆའི་ལྷུན་གྲུབ་རྫོང་དུ་རིག་ནུས་ལག་གདུབ་ཀྱིས་རྒན་རྒོན་གྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་བཞིན་ཡོད་པ་དང་། རིག་རྩལ་བྱེད་སྒོས་རྒན་རྒོན་གྱི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བཞིན་ཡོད། རྒས་དུས་འཚོ་རྟེན་ཡོད་པ་དང་། རྒས་དུས་སྤྲོ་སྣང་ལྡན་པ། རྒས་དུས་བྱས་རྗེས་འཇོག་ཐུབ་པ་བཅས་ཀྱི་བདེ་སྐྱིད་ལྡན་པའི་རྣམ་པ་ངམ་ངམ་ཤུགས་ཀྱིས་མངོན་བཞིན་ཡོད། སྐལ་བཟང་བདེ་སྐྱིད་ཀྱིས་ཁོང་གི་ལས་རོགས་ཚོའི་སྣེ་ཁྲིད་དེ་འབད་འབུངས་ཡར་བརྩོན་གྱི་བརྩེ་སེམས་དང་འགན་འཁྲི་ཁུར་ནས། ལྷུན་གྲུབ་རྫོང་གི་རྒན་རྒོན་ཚོར་དྲོ་སྐྱིད་སྦྱིན་ཏེ། རྒན་རྒོན་ཚོའི་ཚེ་མཇུག་གི་འཚོ་བ་བདེ་སྐྱིད་ལྡན་ཞིང་སྤྲོ་སྣང་གིས་ཕྱུག་པ་ཞིག་བྱས་ཡོད།
སྐལ་བཟང་བདེ་སྐྱིད་ཀྱིས་རྗེས་མར་ངས་ལས་གནས་ལ་སྔར་བས་གཞི་ཚུགས་ཏེ། རྒན་གསོའི་ཞབས་ཞུའི་དྲ་རྒྱ་མུ་མཐུད་ནས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྱིམ་སྡོད་རྒན་གསོ་རྨང་གཞིར་བྱེད་པ་དང་། སྡེ་ཁུལ་བརྟེན་སར་བྱེད་པ། སྒྲིག་གཞིས་འདེགས་སྐྱོར་བྱེད་པ་བཅས་ཀྱི་མཁོ་སྤྲོད་རྣམ་པ་ལེགས་སུ་གཏོང་བ། གྲོང་གསེབ་ཀྱི་རྒན་གསོའི་ཞན་ཆ་ཟམ་མི་ཆད་པར་གསབ་པ་བཅས་བྱས་ནས་གཞི་རྩའི་རྒན་གསོའི་ཞབས་ཞུ་དགོས་མཁོ་ཡོད་པའི་རྒན་རྒོན་ཚང་མར་ཁྱབ་པར་བྱ་རྒྱུ་ཡིན། དེ་དང་ཆབས་ཅིག་རྒན་གསོའི་ཞབས་ཞུའི་སྤུས་ཚད་མཐོར་གཏོང་དང་རྒྱ་སྐྱེད་ལ་མུ་མཐུད་ནས་སྐུལ་འདེད་གཏོང་བ་དང་། ལུས་ཟུངས་ཀྱི་ནུས་པ་ཤོར་བའི་རྒན་རྒོན་ལ་ལྟ་རྟོག་དང་། རྒན་རྒོན་ལ་འཚམ་པའི་སྒྱུར་བཀོད། རིག་ལྡན་རྒན་གསོ་སོགས་གཙོ་གནད་ཁྱབ་ཁོངས་ལ་དོ་ཁུར་བྱེད་པ། རྒན་རྒོན་གྱི་རིམ་པ་མང་བའི་དགོས་མཁོ་སྐོང་བ། རྒན་བཀུར་རྒན་གཅེས་ཀྱི་སྲོལ་རྒྱུན་སྤྱོད་བཟང་དེ་སྲིད་ཇུས་དོན་འཁྱོལ་དང་རྒྱུན་གཏན་གྱི་ཞབས་ཞུའི་ཁྲོད་ཁྱབ་པ་བཅས་བྱས་ཏེ། རྒན་རྒོན་གྱི་མཛའ་གྲོགས་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུ་འདོན་པ་དང་རྒན་རྒོན་རྣམས་བདེ་སྐྱིད་ལྡན་པའི་ཚེ་མཇུག་གི་འཚོ་བར་རོལ་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社