(པར་ངོས་དང་པོར་མཐུད)སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་གུང་གསེང་གི་གསབ་ཁྲིད་གནད་དོན་ལ་དམིགས་ནས་བརྡ་ཐོའི་ནང་སྒྲིག་འགལ་བྱ་སྤྱོད་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། སློབ་གྲྭ་གང་འདྲ་ཞིག་ཡིན་རུང་དོགས་ལན་འདེབས་པ་དང་ཟུར་ཁྲིད་སོགས་ཀྱི་མིང་ཐོག་ནས་མཉམ་སྡེབ་ཐོག་གསབ་ཁྲིད་བྱེད་པའམ་ཡང་ན་རྣམ་པ་འགྱུར་བའི་ཐོག་ནས་གྲོན་དངུལ་སྤྲོད་དགོས་པའི་གསབ་ཁྲིད་འོས་སྦྱོར་བྱ་རྒྱུར་ཡང་གཏན་འགོག་བྱེད་དགོས་པ་དང་། དགེ་རྒན་གྱིས་རང་དགར་སློབ་ཡོན་སྤྲོད་དགོས་པའི་གསབ་ཁྲིད་སྒྲིག་འཛུགས་བྱས་མི་ཆོག་པ་དང་། རྫོང(ཆུས)ཁག་གིས་ལྟ་སྐུལ་ཐེར་འདོན་ཁ་པར་བཙུགས་ནས་རྩད་ཆོད་མཐའ་གསལ་བྱུང་བའི་སྒྲིག་འགལ་བྱ་སྤྱོད་ཀྱི་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས།
གུང་གསེང་རིང་གི་སྦྱོང་ཚན་བཀོད་སྒྲིག་ཐད་བརྡ་ཐོའི་ནང་ཚན་རིག་དང་མཐུན་ལ་ལུགས་དང་མཐུན་པ་དང་སྤྱི་འབོར་ཚོད་འཛིན་ནན་པོ་བྱེད་དགོས། སློབ་ཆུང་ལོ་རིམ་དང་པོ་དང་གཉིས་པར་ཡིག་ཐོག་ནས་སྦྱོང་ཚན་བཀོད་སྒྲིག་མི་བྱེད་པ་དང་ལོ་རིམ་གཞན་གྱི་ཉིན་རེའི་ཆ་སྙོམས་ཡིག་ཐོག་ནས་སྦྱོང་ཚན་འབྲི་བའི་དུས་ཚོད་ལའང་ཚད་གཞི་ཡོད་དགོས། ངལ་རྩོལ་ལག་ལེན་དང་སྲོལ་རྒྱུན་རིག་གནས་བརྟག་ཞིབ་སོགས་ཡིག་ཐོག་མིན་པའི་ལས་འགན་བཀོད་སྒྲིག་བྱ་རྒྱུར་སྐུལ་ལྕག་བྱས་ཏེ་བསྐྱར་ཟློས་རང་བཞིན་དང་འདྲི་གཞིའི་རིགས་ཀྱི་སྦྱོང་ཚན་མང་པོ་བཀོད་སྒྲིག་བྱ་རྒྱུ་གཏན་འགོག་བྱེད་དགོས། སློབ་གྲྭ་ཁག་གིས་གུང་གསེང་མ་བཏང་གོང་ལས་ཀའི་རྩིས་ཐོ་ཡོངས་བསྒྲགས་བྱས་ནས་ལྟ་སྐུལ་དང་ལེན་བྱེད་དགོས།
བརྡ་ཐོའི་ནང་ད་དུང་སློབ་གྲྭ་ཁག་ལ་གུང་གསེང་མ་བཞག་གོང་འགྲིམ་འགྲུལ་བདེ་འཇགས་དང་ཁ་བསླུས་སྔོན་འགོག་སོགས་ཀྱི་ཆེད་དོན་སློབ་གསོ་གཅིག་སྡུད་ཐོག་སྤེལ་དགོས་པ་དང་འབྲེལ་བྱ་ཐབས་སྣ་ཚོགས་བརྒྱུད་ཁྱིམ་བདག་ལ་ལྟ་སྐྱོང་གི་འགན་འཁྲི་བསྒྲུབས་ནས་སློབ་མའི་གུང་གསེང་གི་བདེ་འཇགས་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས་པའི་དྲན་སྐུལ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། དེ་དང་ཆབས་ཅིག་ཏུ་རྫོང(ཆུས)དང་སློབ་གྲྭ་ཁག་གིས་སྔ་སྣུར་དུ་སློབ་འགོ་ཚུགས་པའི་དངོས་ཟོག་གྲ་སྒྲིག་དང་སློབ་གྲྭའི་བདེ་འཇགས་ལ་གྲལ་བཤེར་དང་སློབ་ཁྲིད་བཀོད་སྒྲིག་ཡག་པོ་བྱས་ཏེ་སློབ་དུས་གསར་པ་བདེ་བླག་ངང་འགོ་ཚུགས་ཐུབ་རྒྱུའི་འགན་ལེན་བྱེད་དགོས། བླང་བྱ་ཁག་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱ་ཆེད། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་སློབ་གསོའི་སྲིད་འཛིན་སྡེ་ཚན་གྱིས་གུང་གསེང་དང་སློབ་འགོ་ཚུགས་པའི་སྔ་རྗེས་སུ་སྒྲིག་འགལ་ངང་གསབ་ཁྲིད་དང་། སྦྱོང་ཚན་དོ་དམ། སློབ་གྲྭའི་བདེ་འཇགས་སོགས་ཀྱི་གཙོ་གནད་ལྷུ་ཚིགས་ལ་ཆེད་དོན་ཞིབ་བཤེར་དང་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུ་དང་འབྲེལ་ཞིབ་བཤེར་བྱས་འབྲས་བརྡ་ཁྱབ་གཏོང་རྒྱུ་རེད། (ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社