ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པས་ཏང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གི་གཅིག་སྡུད་སློབ་སྦྱོང་ཚོགས་འདུ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་ཆེད་དོན་སློབ་སྦྱོང་བྱས་པ་རེད།
སློབ་སྦྱོང་ཚོགས་འདུའི་ཐོག བོད་ལྗོངས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཡོན་ཀྲང་གཞོན་པ་ལི་ཏན་གདན་འདྲེན་ཞུས་ནས་ཆེད་དོན་ཟུར་ཁྲིད་སྙན་ཞུ་གནང་ཞིང་། ལི་ཏན་གྱིས་ཁ་བྱང་ལ《ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས》ཞེས་འཁོད་པའི་ནང་དོན་གཞིར་བཟུང་སྟེ། དགེ་སློབ་ཀྱི་འཐུས་མི་200ལྷག་ཙམ་ལ་གོ་རིམ་ལྡན་པའི་སྒོ་ནས་འགྲེལ་བཤད་གཏིང་ཟབ་གནང་བ་རེད།
སློབ་སྦྱོང་ཚོགས་འདུའི་ཐོག ལི་ཏན་གྱིས་ཚུགས་གནས་མཐོ་བའི་གསལ་འགྲེལ་དང་། གཏིང་ཟབ་པའི་དབྱེ་ཞིབ། གསོན་ཉམས་ལྡན་པའི་འགྲེལ་བཤད་བཅས་ཀྱི་སྒོ་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་གོ་རིམ་ལྡན་པའི་སྒོ་ནས་འགྲེལ་བཤད་གནང་བ་རེད། ཁོང་གིས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་གལ་ཆེན་ལོ་རྒྱུས་ཀྱི་དོན་སྙིང་དང་། རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་རིན་ཐང་། ཆབ་སྲིད་ཀྱི་ནང་དོན་ཕུན་སུམ་ཚོགས་པོ་བཅས་རྒྱས་བཤད་གཏིང་ཟབ་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་ལོ་ལྔ་ཚན་བཅུ་བཞི་པ་མཇུག་སྒྲིལ་ཉེར་ཡོད་པ་དང་། ལོ་ལྔ་ཚན་བཅོ་ལྔ་པ་འགོ་ཚུགས་ཉེར་ཡོད་པའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན། ཚང་འཛོམས་གྲོས་ཚོགས་ཐོག་མ་འོངས་པའི་ལོ་ལྔ་དང་ཐ་ན་དུས་ཡུན་དེ་ལས་རིང་བའི་རྒྱལ་ཁབ་འཕེལ་རྒྱས་ཀྱི་བརྗིད་ཉམས་ལྡན་པའི་འཆར་འགོད་བཀོད་ནས་བོད་ལྗོངས་ཚུད་པའི་རྒྱལ་ཡོངས་ཀྱི་ས་ཁུལ་ཁག་དང་།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社