(པར་ངོས་དང་པོར་མཐུད)རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་བརྒྱབ་ནས་གུང་ཁྲན་ཏང་མིའི་བསམ་པའི་དོན་གཉེར་བརྟན་སྲུང་བྱེད་དགོས་པ་དང་། ཀྲུང་གོའི་ལུགས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ལག་ལེན་ནང་ཧུར་ཐག་ཞུགས་པ་དང་། ལས་སྒྲུབ་དང་ལས་གཏོད་ཀྱི་ཁྲོད་ནས་མི་ཚེའི་དོན་སྙིང་བརྩོན་ལེན་བྱེད་པ། མི་དམངས་ལ་བདེ་སྐྱིད་སྐྲུན་པའི་ཁྲོད་ནས་ཀུན་སྤྱོད་ཀྱི་གོ་རྟོགས་ཇེ་མཐོར་གཏོང་དགོས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ནང་ཧུར་ཐག་ཞུགས་ནས་ཏང་རྩ་འཛུགས་ཀྱི་སློབ་གསོ་དང་ལེན་དང་ཕྱོགས་ཁག་གི་ལྟ་སྐུལ་དང་ལེན་བྱེད་དགོས། དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་དཔེ་མཚོན་དང་བསྡུར་ནས་རང་སྐྱོན་རང་བརྟག་བྱས་ཏེ།ནང་སེམས་སུ་བསམ་བློ་གང་བྱུང་དུ་མི་གཏོང་བར་བརྟེན་ནས་ཕྱིར་སྦྱོར་བ་གང་བྱུང་མི་སྤེལ་བའི་འགན་ལེན་བྱེད་དགོས། མི་འདེམས་སྤྱོད་བྱེད་པར་ཏང་གཤིས་དབྱེ་འབྱེད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་བྱེད་པའི་བློ་རྒྱ་དང་བློ་དཀར་སྤྱོད་གཙང་ཡིན་མིན་ཐད་རྟོག་ཞིབ་བྱེད་པར་དོ་སྣང་བྱེད་དགོས།
གསུང་རྩོམ་ནང་བསྟན་དོན། དབང་ཆ་ཚད་ལྡན་ངང་སྤྱོད་རྒྱུ་སྔར་བས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། སྤྱོད་ཚུལ་བཞི་མང་ཆེ་བ་ནི་དམིགས་བསལ་དབང་ཆའི་བསམ་བློ་ལས་བྱུང་བ་དང་། རུལ་སུངས་ཀྱི་མངོན་གསལ་དོད་པའི་མཚོན་ཚུལ་ནི་དབང་ཆར་བརྟེན་ནས་སྒེར་ཕན་གཉེར་བ་དེ་རེད། ཏང་གི་རང་ངོས་གསར་བརྗེ་བྱེད་པའི་གཙོ་གནད་ནི་དབང་ཆར་བཅོས་སྒྲིག་བྱ་རྒྱུ་དེ་ཡིན། རྒྱུན་མཐུད་འབད་བརྩོན་བྱས་པ་བརྒྱུད་དབང་ཆ་ལམ་ལུགས་ཀྱི་རླུང་ཙེའི་ནང་དངོས་འབྲེལ་འཇུག་པ་དང་། ཕྱུགས་རའི་ནང་བྱི་ལ་འཇུག་པ་དང་ཤོག་བུའི་གཟེབ་ནང་སྟག་འགོག་པ་ལྟ་བུའི་སྣང་ཚུལ་བཀག་འགོག་ནུས་ལྡན་བྱས་ཏེ།ཁྲིམས་མེད་ལུགས་མེད་ཀྱིས་དབང་ཆ་གཅོད་པའི་བར་མཐོངས་ཆུང་དུ་གཏོང་གང་ཐུབ་བྱེད་དགོས། ཏང་ཡོན་ལས་བྱེད་པས་དུས་དང་རྣམ་པ་ཀུན་ཏུ་ང་ཚོའི་དབང་ཆ་ཡོད་ཚད་ནི་མི་དམངས་ཀྱིས་སྤྲད་པ་ཡིན་པས་ངེས་པར་དུ་ཡང་དག་པར་སྤྱོད་དགོས་པ་དང་མི་དམངས་ལ་འགན་ཁུར་ནས་ཏང་ནང་ཁུལ་དུ་དམིགས་བསལ་གྱི་དབང་ཆའི་བསམ་བློ་དང་སྣང་ཚུལ་གནས་མི་ཆོག་ལ་ཁེ་ཕན་ཚོཊ་པ་དང་དབང་ཆའི་ཚོཊ་པ།དམིགས་བསལ་དབང་ཆའི་རིམ་གྲས་བཅས་དེ་བས་ཀྱང་འབྱུང་མི་ཆོག་པ་སེམས་ལ་བརྟན་པོར་ངེས་དགོས། ཏང་ནང་ཞུགས་པ་དང་ལས་བྱེད་པ་བྱེད་པའི་ཉིན་དེ་ནས་བཟུང་མི་དམངས་དང་། རྩ་འཛུགས། སྒྲིག་ཁྲིམས་བཅས་ལ་གོང་དུ་བཀུར་ཞིང་སྐྲག་པར་བྱེད་དགོས།
གསུང་རྩོམ་ནང་བསྟན་དོན། སྒྲིག་ཁྲིམས་ལག་བསྟར་ལ་ལྟ་སྐུལ་ནན་པོ་བྱ་རྒྱུ་སྔར་བས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ཤིང་།སྒྲིག་ཁྲིམས་ལག་བསྟར་ལ་ལྟ་སྐུལ་ནན་པོ་བྱ་རྒྱུ་ནི་ཏང་གི་རང་ངོས་གསར་བརྗེའི་མཚོན་ཆ་རྣོན་པོ་ཞིག་ཡིན། སྒྲིག་འགལ་དང་ཁྲིམས་འགལ་གྱི་གནད་དོན་ངེས་པར་དུ་མཐའ་གཅིག་ཏུ་ཐག་གཅོད་བྱེད་པར་མ་ཟད་ཐག་གཅོད་མྱུར་པོ་བྱེད་དགོས།ལྟ་སྐུལ་ནན་པོ་བྱེད་པའི་ཐད་ཏང་ནང་ཁུལ་གྱི་ལྟ་སྐུལ་དང་མི་དམངས་ཀྱི་ལྟ་སྐུལ་ཟུང་འབྲེལ་བྱས་ཏེ་ལྟ་སྐུལ་སྣ་ཚོགས་མཐུན་སྦྱོར་ཡོང་བར་སྐུལ་འདེད་གཏོང་དགོས། སྒྲིག་ཁྲིམས་ལག་བསྟར་ནན་པོ་བྱེད་པའི་ཐད་ཚད་གཞི་ནན་པོ་བཟོས་ནས་ཏང་སྲོལ་དང་ཏང་གི་སྒྲིག་ཁྲིམས་ཀྱི་བླང་བྱ་ནན་པོ་དེ་བྱ་ཐབས་ཡག་པོ་ཅིག་ཏུ་འགྱུར་བར་བྱེད་པ་དང་། སྒྲིག་སྲོལ་ཡག་པོ་ཅིག་ཏུ་ཆགས་པར་བྱས་ནས་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་སྣང་ཚུལ་ཐོན་མ་ཐག་རྡུང་རྡེག་གཏོང་བ་དང་ཞིབ་བཤེར་ཐག་གཅོད་ནན་པོ་བཅས་བྱས་ཏེ།ཏང་ཡོངས་ལ་ནན་པོ་མཐའ་གཅིག་ཏུ་བྱེད་པ་དང་གོམ་པ་གང་ཡང་ཐར་པར་མི་གཏོང་བའི་ཉེན་བརྡ་བཏང་ནས་ཟིལ་གནོན་གྱི་ནུས་པ་ནུས་ལྡན་ཞིག་ཆགས་པར་བྱེད་དགོས།
གསུང་རྩོམ་ནང་བསྟན་དོན། ཏང་ལ་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲི་སྔར་བས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ཤིང་། ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱ་རྒྱུ་ནི་རང་འཁྲིའི་ལས་འགན་ཡིན་པ་དང་། ཏང་འཛུགས་སྐྱོང་ལ་དམ་འཛིན་མ་བྱས་ན་འགན་འཛོལ་ཡིན་པ། ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་མ་བྱས་ན་ལས་སྒོ་མི་འཕེར་བ་བཅས་རེད། ཏང་ལ་དོ་དམ་དང་ཏང་ནན་སྐྱོང་གི་འགན་འཁྲིར་བྱེད་པོའི་འགན་འཁྲི་དང་། ལྟ་སྐུལ་གྱི་འགན་འཁྲི། འགན་འཁུར་བ་གཙོ་བོའི་འགན་འཁྲི།ལས་གནས་གཅིག་ལ་འགན་འཁྲི་གཉིས་སོགས་ཡོད་པས། དེ་དག་ལས་འགན་འཁྲིའི་འབྲེལ་ཐག་ཆ་ཚང་ཞིག་གྲུབ་པ་དང་འགན་འཁྲི་ཚང་མ་ཧ་ཅང་གལ་ཆེན་ཡིན་པས་ཚང་མ་དོན་འཁྱོལ་ནན་པོ་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། རིམ་པ་བཞིན་དུ་གནོན་ཤུགས་བརྒྱུད་སྤྲོད་བྱེད་པ། ནན་པོའི་རྣམ་པ་གཏོད་པ་བཅས་བྱས་ནས་དར་སྲོལ་བཟང་པོ་གཏོད་དགོས།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社