分享按钮

《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་བཀོད་པ།

ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བར་སྔར་བས་ དོན་ཐོག་ཏུ་འཁྱོལ་བ་ལྔ་བྱེད་དགོས།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་23པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བར་སྔར་བས་དོན་ཐོག་ཏུ་འཁྱོལ་བ་ལྔ་བྱེད་དགོས》ཞེས་པ་བཀོད་ཡོད།

གསུང་རྩོམ་ནང་ནན་གསུངས་གནང་དོན། རང་ངོས་གསར་བརྗེ་ནི་རང་རེའི་ཏང་གིས་ཟིང་བཅོས་དར་རྒུད་ཀྱི་ལོ་རྒྱུས་དུས་འཁོར་ལས་བརྒལ་བའི་ལན་གཉིས་པ་དེ་རེད། སྤྱོད་ཚུལ་ལ་དམ་འཛིན་བྱ་རྒྱུ་ནས་འགོ་བཙུགས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ནི་དུས་རབས་གསར་པའི་ཏང་གི་རང་ངོས་གསར་བརྗེའི་ཉམས་མྱོང་གལ་ཆེན་ཞིག་རེད། ཏང་གི་རང་ངོས་གསར་བརྗེར་དམིགས་ནས་བསམ་ཕྱོགས་དང་བླང་བྱ་ཚང་མ་ཁ་གསལ་ཡིན་པ་དང་། འགག་རྩ་ནི་དོན་འཁྱོལ་དམ་འཛིན་གནད་ལ་འཁེལ་བ་བྱ་རྒྱུར་ཐུག་ཡོད།

གསུང་རྩོམ་ནང་བསྟན་དོན། ཏང་གི་རང་ངོས་གསར་བརྗེར་ངོས་འཛིན་བྱ་རྒྱུ་སྔར་བས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། དེ་ཡང་ད་ལྟ་ང་ཚོའི་ཏང་གི་ཕྲག་ཏུ་བབ་པའི་ཀྲུང་གོའི་ལུགས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ལས་འགན་ཧ་ཅང་ལྕི་བ་དང་། མདུན་དུ་ལྷགས་པའི་སྲིད་སྐྱོང་ཁོར་ཡུག་ཧ་ཅང་རྙོག་འཛིང་ཆེ་བས། རང་ངོས་གསར་བརྗེ་བྱེད་པའི་རྩ་བ་དེ་ངེས་པར་དུ་དམ་པོར་བཟུང་དགོས། རང་རེའི་ཏང་གིས་རང་ངོས་གསར་བརྗེ་བྱེད་པར་གྲི་དངོ་ནང་དུ་ཕྱོགས་པ་དང་། བཟང་བསྟོད་ངན་སྨད། རུས་འབྲད་དུག་སེལ་བཅས་བྱས་ཚེ་ཏང་གི་གཟུགས་བརྙན་དང་སྙན་གྲགས་ལ་ཤུགས་རྐྱེན་ངན་པ་ཐེབས་མི་སྲིད་པར་མ་ཟད། དེ་ལས་ལྡོག་སྟེ་ཏང་གི་གཟུགས་བརྙན་དང་སྙན་གྲགས་མཐོ་རུ་གཏོང་ཐུབ་པ་དང་། ཏང་ཡོན་ལས་བྱེད་པའི་ཧུར་སེམས་མི་ཉམས་པར་དེ་ལས་ལྡོག་སྟེ་ཏང་ཡོན་ལས་བྱེད་པའི་ཧུར་སེམས་སྔར་ལས་རྒྱ་ཆེ་བ་དང་སྔར་ལས་གང་ལེགས་ཀྱིས་སྐུལ་སློང་བྱེད་ཐུབ་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཆབ་སྲིད་ཀྱི་འགན་ལེན་བརྟན་པོ་ཡང་མཁོ་འདོན་བྱེད་ཐུབ།

གསུང་རྩོམ་ནང་བསྟན་དོན། ཏང་ཡོན་ལས་བྱེད་པའི་ཏང་གཤིས་ཆེ་རུ་གཏོང་རྒྱུ་དེ་སྔར་བས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། དེ་ཡང་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བར་ངེས་པར་དུ་རྩ་བ་བརྟན་ཚུགས་དང་ཏང་གཤིས་ལེཊ་སུ་གཏོང་དགོས་པ་དང་། གཙོ་གནད་ནི་ཕུཊ་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། ཏང་ལ་བློ་དཀར་སེམས་དཀར་བྱེད་པ། དམངས་ལ་བརྩེ་སེམས་ཟབ་མོ་འཆང་བ། ཀུན་སྤྱོད་དང་གཤིས་རྒྱུད་ཡག་པོ་ཡོང་བར་བྱེད་པ། དེ་བཞིན་སྤྱོད་གཙང་གཞུང་དྲང་རྒྱུན་འཁྱོངས་བཅས་བྱེད་དགོས།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-02 《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་བཀོད་པ། 6 6 拉萨日报藏文 c212932.html 1 ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བར་སྔར་བས་ དོན་ཐོག་ཏུ་འཁྱོལ་བ་ལྔ་བྱེད་དགོས། /enpproperty-->